སྤུན་ཟླ་ཚོ། ནད་ཡམས་འདི་སོད་ལ་ཐོངས།

  ཁོ་བོ་ནི་མཆེ་བ་བགྲད་པའི་སྤྱང་ཀི་བཞིན་ལུག་ཁྱུར་བརྒྱུགས་པ་མིན་ལ།ཁོ་བོ་ནི་གླང་རྒན་སྨྱོན་པའི་གཉའ་ནས་བསྣན་ཏེ་ཆུ་མོ་འཐུང་དུ་འཇུག་པའི་སྣང་ཚུལ་ཡང་གཏན་ནས་མིན།ཁོ་བོ་ནི་ཨ་གསར་ལ་གོམས་པའི་མི་རིགས་ཤིག་གམ་མི་བུ་འགས་ཁྱབ་བསྒྲགས་ཀྱི་ཚུལ་གྱིས་གནས་མཆོག་གངས་ལྗོངས་འདི་རུ་ནང་འདྲེན་བྱས་པ་རེད།
 མདོ་དབུས་མཐོ་སྒང་ནི་རི་མཐོ་ལ་བྱ་རྒོད་པོས་སྔོ་སངས་ནམ་མཁའི་དབྱིངས་ནས་ལྡིང་སྐོར་རྒྱག་ས།ནགས་སྟུག་ལ་རི་སྐྱེས་སྲོག་ཆགས་དུ་མས་ཚང་ཚིང་ནགས་ཀློང་དབུས་ན་འཚང་ཁ་རྒྱག་ས།ཆུ་གཙང་ལ་ཉ་དང་ཆུ་སྲམ་ཚོགས་ཀྱིས་སྐྱིད་པའི་འཚོ་བ་རོལ་ནས་གནའ་ནས་ད་བར་དུ་གནས་ས་ཞིག
  ཁ་དཔེ་ལ་དུས་ནི་མི་འགྱུར་མི་ནི་འགྱུར་ཅེས་པ་ལྟར་ད་ལྟ་མཐོ་སྒང་འདིར།མཐོ་པོའི་རི་ནས་གཏེར་ཁ་སྔོག་འདོན་རི་རྒྱལ་ལྷུན་པོ་སྟོང་སེང་ངེ་།སྟུག་པོའི་ནགས་ནས་རི་དྭགས་བཅོམ་ནས་རྒྱ་རྫོང་ནགས་ཀླུང་ཁེར་རྐྱང་ངེ་།བདེ་མོའི་ཆུ་ནས་གློག་ཚིགས་བཟོས་ནས་དྭངས་གཙང་ཆུ་མོ་རྙོག་སེབ་སེ།འདི་རྣམས་ནི་ང་ཚོའི་མཐོ་སྒང་འདི་འཇིགས་པའི་སྔ་ལྟས་མ་ཡིན་ནམ།
  དེ་ལས་ཀྱང་གཟབ་གཟབ་མ་བྱས་ན།བལྟས་བལྟས་མ་བསྡད་ན།རང་ཉིད་ཀྱང་ལོ་རྒྱུས་ཀྱི་ནག་ཉེས་པར་བསྒྱུར་ཐུབ་པའི་ནད་ཡམས་ཤིག་ང་ཚོའི་མཐོ་སྒང་འདིའི་སློབ་གྲྭ།དགོན་སྡེ།ཁྱིམ་གཞིས་བཅས་སུ་དལ་གྱིས་སིམ་འཛུལ་བྱས་ནས་ཡོང་གིན་ཡོད་གི།
  ང་ཚོས་ངེས་པར་དུ་མཛུབ་མོ་ལྔ་བཅིངས་ཁུ་ཚུར་གྱིས་ནད་ཡམས་འདི་ཅིས་ཀྱང་གཡང་ཁྱིམ་ཚང་གི་ཁྱིམ་གཞིས་འདི་ནས་གཅར་རྡུང་བསྐོར་གསུམ་གྱིས་གསོད་ཐབས་དང་མཐར་སྤྲོད་ཐབས་མ་བྱས་ན།ནད་ཡམས་ཀྱི་ཁ་རླངས་སྟུག་པོ་འདི་མི་བུ་ཀུན་གྱི་དོན་ལྔ་སྣོད་དྲུག་ཏུ་ཁྱབ་ནས་ཨ་ཡོ་ཨ་ནའི་ཚོར་བ་བྱུང་དུས་འགྱོད་པ་རྗེས་སུ་སྐྱེས་ན་བླུན་པོའོ་ཞེས་པའི་དཔེ་ལས་མ་འདས་སོ།།
  དེ་ཡང་མཐོ་སྒང་འདི་འབྲོག་པ་དང་རོང་བ།རོང་མ་འབྲོག་སོགས་སུ་གྱེས་ཡོད་ལ་གཡང་ཁྱིམ་ཚང་གི་ཁྱིམ་མི་ཚང་མ་ལས་ཨ་མས་རོང་བའི་ལས་ཀ་དང་ཨ་ཕས་འབྲོག་པའི་ལས་ཀ།བུ་ཕྲུག་གིས་རོང་མ་འབྲོག་གི་བར་ན་རང་རང་གི་ལས་ལ་འབད་བཞིན་འདུག
  གཡང་ཁྱིམ་ཚང་འདི་མཐོ་སྒང་འདིའི་གཞི་འཛིན་དང་པོ་ཡིན་ཅེས་བཤད་ན་ཅུང་ཟད་ལབ་ཏུ་འགྲོ་ཉེན་ཡོད་མོད།འོན་ཀྱང་ཁྱིམ་གཞིས་ཆགས་ནས་ངའི་ཨ་མའི་ཨ་མས་ཕལ་ཆེར་ལོ་ངོ་ཡུན་རིང་ལོན་ཡོད་པའི་ལོ་རྒྱུས་བཤད་རྒྱུ་ཡོད་གི།
  གཡང་ཁྱིམ་ཚང་འདི་ན་ཤེས་རིག་གི་གནས་ལ་སྦྱངས་བའི་སློབ་བུ་དོན་གྲུབ་དང་ཆོས་གྲྭ་འགྲིམས་པའི་གྲྭ་བ་ཤེས་རབ་འོད་ཟེར།ཟླ་ཕོག་ལེན་པའི་ལས་བྱེད་ཚེ་བརྟན་འཇིགས་བྱེད་སོགས་ཡོད།
  སྒོར་དྲུག་སྟོང་གི་ཟླ་ཕོགས་དང་དོན་དག་ཆེ་ཆུང་དུ་མའི་དོན་དུ་ལྟག་སྒོ་ནས་ཡོང་བའི་ཡོང་སྒོ་ཕལ་ཆེར་ཟླ་རེར་ཁྲི་ལོངས་བའི་དཔོན་ཚེ་བརྟན་འཇིགས་བྱེད་ཀྱིས་འདོད་པའི་སེམས་ཁ་མ་གང་བའམ་ཡང་ན་ཨ་གསར་གྱི་གཤིས་ཀ་ལས་ཀྲུའུ་ཀྲང་ཚང་གི་གཞིས་ཀ་ནས་ནད་ཡམས་འདི་དང་མཛའ་མཐུན་གྱི་འབྲེལ་བ་བསྒྲིགས་ལ་ཁ་ལས་རླུང་རྟ་དར་བའི་གཡང་ཁྱིམ་ཚང་གི་གཞིས་ཀ་འདི་དུས་དེ་ནས་བཟུང་ནག་ནོག་ཅན་ཞིག་ཏུ་བཟོས།
  སློབ་གྲྭ་ན་རིག་གནས་ལ་འབད་པའི་བུ་ཆུང་དོན་འགྲུབ་གྱིས་ཨ་གསར་གྱི་གཤིས་ཀ་ཞིག་གིས་དང་ཐོག་ཉི་མ་འཁྱོལ་ཐབས་སུའམ་གསར་བའི་ཉམས་སྟོན་པའི་ཚུལ་དུ་གོམས་འདྲིས་སུ་སོང་བའི་མི་བུ་འགའ་དང་མཉམ་དུ་ནད་ཡམས་འདིའི་ཁ་རླངས་སྟུག་པོ་རང་ཉིད་ཀྱི་དོན་ལྔ་སྣོད་དྲུག་ཏུ་ཁྱབ་པར་བྱས་ལ་རིམ་གྱིས་རང་ཉིད་ཀྱི་གྲོགས་པོ་དྭངས་གཙང་གི་ཀུན་སློང་ལྡན་པའི་མི་བུ་མང་པོ་ཞིག་ལ་ནད་ཡམས་འདི་འགོ་བར་བྱས།
  ལོ་གཅིག་གི་མཇུག་རྫོགས་ལ་ཉེ་བའི་སྐབས་འདིར་སྔར་སྲོལ་ལྟར་ལུང་བ་འདིའི་མི་བུ་ཡོད་ཚད་གཡང་ཁྱིམ་ཚང་དུ་འཛོམས་ནས་ལོ་སར་ལ་རོལ་ལ་གླུ་ལེན་གར་རྩེ་དང་སྙིང་གཏམ་རྒྱ་མཚོ་འཁྱིལ།
  དཀར་དང་འགྲོགས་ན་དཀར་དང་ནག་དང་འགྲོགས་ན་ནག་ལ།མི་གཤིས་ནི་ཨ་གསར་གྱི་རང་བཤིས་ལྡན་པའི་ངང་གིས་ངན་ལ་སྦྱངས་མི་དགོས་པར་ཤེས་ལ་བཟང་པོ་ལན་མང་སྦྱངས་རུང་མི་ཤེས་པ་ལྟར་བུ་ཆུང་དོན་འགྲུབ་དང་ལས་བྱེད་འཇིགས་བྱེད་གཉིས་ཀྱི་ནད་ཡམས་འདིས་གྲོང་ཚོ་འདིའི་མཁའ་དབྱིངས་སུ་མུན་ནག་གི་དྲ་རས་སྟུག་པོ་ཞིག་རང་ཤུགས་ཀྱིས་འཐེན།
  ད་ལྟ་འབྲོག་ཕྱོགས་ན་ལས་ལ་བརྩོན་བཞིན་པའི་ཕ་རྒན་གྱི་ལུས་ཡོངས་སུ་ནད་ཡམས་འདི་ཁྱབ་ལ་རང་དབང་མེད་པར་རང་གི་འཚོ་བརྟེན་གྱི་ནོར་ལུག་ཡོངས་རྗོགས་ཇེ་ཉུང་ནས་ཇེ་ཉུང་།
  ད་ལྟ་རོང་གནས་སུ་ལས་ལ་གཉེར་བཞིན་པའི་མ་མ་ཡང་ནད་ཡམས་འདིས་ཡོངས་སུ་བསྒྱུར་ཟིན།ཁྱོ་ག་དང་བུ་ཕྲུག་གི་བྱ་སྤྱོད་ལ་གཏན་ནས་ཁ་ཡ་མི་བྱེད་པར་རང་གི་བསམ་འདོད་ཀྱིས་ཉི་མ་འཁྱོལ་ཐབས་བྱས་པས་ཡུན་རིང་ལ་མེ་ཡི་དྲོ་བ་མ་ཚོར་བའི་ཐབ་ཁུང་གིས་སྡུག་མདོག་ཅིག་བསྟན་ནས་ལུས་འདུག
  སློབ་ཆེན་སློབ་མ་དོན་འགྲུབ་ཀྱིས་སྤྱི་ཚོགས་ཀྱི་གད་སྙིགས་པ་སྐོར་ཞིག་དང་ལྷན་དུ་རང་གི་མཚན་ཉིད་དང་ཡུལ་སྡེ་བའི་སྙན་གྲགས་སོགས་ནད་ཡམས་འདིའི་ཁ་དབུགས་ཁྲོད་རླུང་ལ་བསྐུར་ནས་བྱས་རྗེས་ཤིག་ཏུ་འདོད་ནས་འཛུལ་དམུལ་ལེར་བསྡད་འདུག
  ལས་བྱེད་ཚེ་བརྟན་འཇིགས་བྱེད་ཀྱིས་ཡར་ནས་སྒོར་ཁྲི་གཅིག།མར་ནས་སྒོར་ཁྲི་གཅིག།གཡས་ནས་སྒོར་ཁྲི་གཅིག།གཡོན་ནས་སྒོར་ཁྲི་གཅིག།ད་ལྟ་ཚང་མས་ཁོའི་མིང་ལ་ཁྲི་གཅིག་ཅེས་པའི་མིང་ཞིག་ཀྱང་བཏགས་ཡོད་ལ།ནད་ཡམས་དེས་ཁོ་བོ་བུ་ལོན་གྱི་དམྱལ་བའི་ནང་ན་འཕག་འཚག་བྱེད་དུ་བཅུག་ཡོད།
  སུས་ཀྱང་ཤེས་གསལ་ལྟར།མི་མོད་པོ་འདུས་སྡོད་བྱེད་ས།སྟོན་མོ་དང་སྤྲོ་སྐྱིད་ཀྱི་རོལ་རྩེད་སྐབས་སུ།ནད་ཡམས་ཤིག་གིས་མི་ལས་དགུ་ལས་བྱེད་བཞིན་ཡོད་ལ་དཔེར་ན།ནད་ཡམས་དེས་ཕུ་ནུའི་བར་ལ་རྩོད་པ།མ་བུའི་བར་ལ་འགལ་ཟླ།མི་རིགས་བར་ལ་ནང་འཁྲུག།སྤུན་ཟླ་དམར་གསོད།ཁྱིམ་གཞིས་རྩ་ཐོར།ནད་ཡམས་འདི་ནི་སྤྱི་ཚོགས་ཀྱི་གད་སྙིགས་པ་སྐོར་ཞིག་དང་ཨ་གསར་གྱི་རང་སྣང་ཅན་སྐོར་ཞིག་གིས་སྤྱིར་དྭངས་གཙང་གི་འཇིག་རྟེན་འདི་ལ་ནག་ནོག་དང་སྡུག་བསྔལ་གྱི་ནག་ཉེས་བ་ཆེན་པོ་འདི་བསྐྲུན་ཟིན་པ་རེད།
  མིག་སྔར་ཆེས་ཁ་ཚ་དགོས་སྟུག་གི་དོན་དག་ནི་སྤུན་ཟླ་རྣམས་ཀྱིས་མཐུན་སྒྲིལ་རྡོག་རྩ་གཅིག་སྒྲིལ་གྱིས་ནད་ཡམས་འདི་གསོད་པ་དང་ནད་ཡམས་འདི་ཕ་མཐར་སྤྲོད་དགོས་པ་རེད།ད་ལྟ་སྤྱི་ཚོགས་ཀྱི་གྲུ་ག་སོ་སོ་ན་ནད་ཡམས་འདི་མ་ཁྱབ་ས་མི་འདུག་ལ་སློབ་གཉེར་བྱེད་བཞིན་པའི་སློབ་མ།ཆོས་ལ་ཐོས་བསམ་བྱེད་བཞིན་པའི་གྲྭ་བ།ཟླ་ཕོགས་ལེན་བཞིན་པའི་ལས་བྱེད་པ་སོགས་སུ་ནད་ཡམས་འདི་ཁྱབ་པའམ་སིམ་འཛུལ་བྱེད་པའི་རྫོང་མཐུག་གི
  ཁ་སང་སྤུན་ཟླའི་མཛའ་བརྩེ་ནད་ཡམས་འདིས་འཁྱེར་སོང་ལ།དེ་རིང་ཕ་མའི་རེ་བ་ཡང་ནད་ཡམས་འདིས་བརླགས་བཞིན་འདུག་གི།སང་ཉིན་ནད་ཡམས་འདིས་བྱ་བ་ཅི་ཞིག་འབྱུང་དུ་འཇུག་རྒྱུ་ཡིན་པ་ངོ་མ་ཡིད་ལས་འགོངས་གི།སྐྲག་སྣང་སྐྱེ་གི།
  ངས་བཤད་བཤད་པའི་ནད་ཡམས་ཞེས་བ་ནི་༼རྒྱལ་ལྐུགས་པའམ་ཤོ་དང་མྰ་ཅང་༽རྒྱ་སྐད་དུ་赌博འཁྱོལ་མི་འཁྱོལ་གྱིས་གཏམ་རྒྱུད་གཅིག་དང་སྦྱར་ཁུལ་བྱས་ནས་རྒྱ་མཚོའི་ནང་གི་དཀར་ཐིགས་ཀྱི་ཚུལ་གྱིས་མཐོ་སྒང་གི་གནས་མཆོག་ས་གཙང་གི་ཡུལ་འདིར་ནད་ཡམས་འདི་ཇེ་ཉུང་ནས་ཇེ་ཉུང་མེད་པར་གྱུར་ཐུབ་པའི་རེ་བ་དང་བཅས་མཇུག་བསྡུད་ཁུལ་བྱས་པ་ཡིན།
   སྤུན་ཟླ་ཚོ།རྒྱལ་མ་འཇོག།ཁེ་སྤོགས་ཐོབ་པ་ཟུར་ལྔ་ཡིན་ན་གྱོང་གུད་ཤོར་བ་མི་རིགས་འདི་ཡིན།ནད་ཡམས་འདི་སོད་ལ་ཐོངས།

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

སྤུན་ཟླ་ཚོ། ནད་ཡམས་འདི་སོད་ལ་ཐོངས།

2011-07-09 ཅོ་བྱང་སྐར། ཀློག་གྲངས། མཆན ཡོད།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།