དེ་རིང་གི་བར་ཐག

  ཁ་བའི་རྡུལ་དཀྲུགས་བྱས་པའི་རྨི་ལམ་ཞིག་རྨི་བཞིན་པའི་སྐབས་དེར།  གློ་བུར་དུ་སྒེའུ་ཁུང་ལས་འཛེར་འཛེར་གྱི་དུང་སྒྲ་ཞིག་རྣ་ལམ་དུ་འཛུལ་བྱུང་།མལ་སའི་དྲོད་ཁོལ་ན་འཆམ་འཆམ་བྱ་བའི་རྣམ་ཤེས་དེའི་རུས་གསེང་དུ་འཐིམས་པས།བདག་གཞི་ནས་ཐག་རིང་ཐག་རིང་གི་གྲོང་ཁྱེར་ཞིག་དུ་ཡོད་པ་ཤེས་ཤིང་།མི་རྣམས་གསོན་བསྲེག་བྱ་བར་དོགས་པའི་ཉི་འོད་ཀྱི་ཚ་གདུང་ཁྲོད།ང་རང་ཨར་འདམ་གྱི་སྒྲོམ་དུ་སྐུང་བའི་ཉེས་ཅན་པ་ནང་བཞིན།ཨུ་ཚུགས་དང་རེ་ཆད་ཀྱིས་བསྐྱལ་དགོས་པའི་ནམ་གཤིས་འདིའི་སྡེར་འོག་ནས།བློང་བློང་བའི་སེམས་འགྱུ་ཞིག་གློ་བུར་འཕྱུར་ཡོང་།
  སྐབས་དེར་མལ་ཁང་འདིར་གནས་པའིི་རིགས་མི་གཅིག་པའི་གྲོགས་པོ་འདི་ཚོ་སྔ་མོ་ནས་ཕྱི་རོལ་དུ་བུད་སོང་ལ།ཁོ་ཚོ་ལ་མཚོན་ན་གྲོང་ཁྱེར་ནི་ལུས་དང་གྲིབ་གཟུགས་ལྟར་གོམས་ལོབས་སུ་སོང་བའི་གནས་ཤིག་ཡིན་པ་མ་ཟད། ལོ་ངོ་ག་ཚོད་ནས་བཟུང་གནས་འདི་དང་འབྲལ་མེད་དུ་གྱུར་བའི་དུས་ཚོད་ག་འདྲ་ཞིག་ཕྱིན་པ་ངའི་བློ་ཡུལ་གྱིས་མི་ལྕོགས་པ་ཞིག་རེད། དེ་བས་ཁོ་ཚོ་ང་དང་བསྡུར་ན་གནས་འདི་ལ་བརྒྱ་འགྱུར་སྟོང་འགྱུར་གྱི་དུང་ཞེན་དང་དགའ་སྣང་མོད་པོ་ཞིག་ཡོད་པར་ངེས་ལ།མི་རེ་རེའི་རྣམ་འགྱུར་དང་གོམས་གཤིས།དེ་མིན་མི་དང་མིའི་རིགས་ཀྱི་འབྲེལ་བ་སོགས་ཀྱང་གཞི་ནས་ང་དང་འགལ་བ་ལྟག་སྤྲོད་དུ་གྱུར་འདུག
  དུས་རྒྱུན་རང་སེམས་ཉེ་ཉེ་དང་ཞེ་རྩ་ལྷོད་ལྷོད་ཀྱིས་ང་ཚོས་ཕན་ཚུན་ལ་གྲོགས་པོ་རྣལ་མ་ཞིག་གི་ངང་རྒྱུད་མ་དོར་བར་གླེང་མོལ་རེ་བྱ་དུས། ཁོ་ཚོའི་མིག་མདངས་ལས་གྲུམ་རིག་རིག་གི་རྣམ་པ་ཞིག་དང་མཆུ་ལས་ཡིན་ཅོག་ཅོག་གི་འོ་དྲི་ཞིག་ཐུལ་ཡོང་དུས།ངས་གཞི་ནས་སེམས་ཀྱི་ནང་རོལ་ན་རྩེན་པའི་མཛའ་བརྩེ་ཡི་ལག་ཟུང་ཁོ་ཚོའི་ནང་རོལ་དུ་བསྲིང་མ་ཐུབ་ལ། བསྲིང་ཡང་མི་འདོད།དེ་ནི་ང་རང་གཤིས་གྱོང་དང་གྲོགས་ལ་མཛའ་མཐུན་བྱ་བར་མི་སྤྲོ་བའི་མི་ཞིག་ཡིན་པ་གཏན་ནས་མ་ཡིན་ལ་ཡིན་ཡང་མི་སྲིད། འོན་ཀྱང་མི་སུ་ཞིག་ཡིན་ཡང་གོམས་གཤིས་དང་མཐུན་ཐབས་ཀྱི་བསམ་བློ །དེ་མིན་ཁོར་ཡུག་གང་ལས་མཆེད་པའི་དངོས་དོན་གྱི་འབྲས་རྟགས་མི་འདྲ་བས།ང་ཚོར་གཞི་ནས་བར་ཐག་དང་བར་ཐག་ལས་ལྷག་པའི་ལས་སྐལ་ཞིག་ལས་མེད་པ་རྟོགས་ནུས་སོ།།
                                                                                                               2011.6.16མལ་ཁང་དུ་བྲིས།
 
རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

དེ་རིང་གི་བར་ཐག

2011-07-05 ཏཱ་ནི་སྨྱུ་གུ ཀློག་གྲངས། མཆན ཡོད།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།