ང་ཚོ་དང་གཞན་དག་གི་དཔེ་གཟིགས་ཀྱི་འཚོ་བ།

  གྲོགས་པོ་ལགས།ཁྱོད་ཀྱིས་ནམ་རྒྱུན་གྱི་འཚོ་བའི་ཁྲོད་ནས་ཇི་ལྟར་དཔེ་གཟིགས་གནང་བ་ཡིན།ཡང་ན་དཔེ་ཀློག་གི་འཚོ་བ་ཇི་ལྟར་བསྐྱལ་བ་ཡིན་ནམ།དེ་མིན་ད་དུང་ཁྱེད་ཀྱི་ཉེ་འཁོར་གྱི་གྲོགས་པོ་དང་གྲོགས་མོ།སློབ་མ་དང་དགེ་རྒན།ལས་བཟོ་བ་དང་མི་རིགས་ཀྱི་མིས་དཔེ་གཟིགས་གནང་བའི་སྐོར་རྟག་ཏུ་མཐོང་མྱོང་ངམ།བརྙན་འཕྲིན་དང་རླུང་འཕྲིན།ཚགས་པར་དང་དུས་དེབ་སོགས་གང་རུང་ཞིག་ལས་དེའི་སྐོར་ལ་མཐོང་ཐོས་སམ་ཡང་ན་རྒྱུས་ལོན་ཅུང་ཙམ་རེ་བྱས་མྱོང་ངམ།
  དྲང་མོར་བཤད་ན།ང་ཡང་དཔེ་གཟིགས་ཀྱིས་མི་ཚེའི་ཕྱེད་ཙམ་འདས་པའི་ཉམས་མྱོང་མཁན་དེ་ཚོའི་གྲས་མིན་ལ།ཡིག་རིགས་སྣ་ཚོགས་ལ་མཁྱེན་རྒྱ་ཡངས་ཤིང་འཇིག་རྟེན་འདིར་དཔེ་ཆ་ལས་ཅི་ཡང་མི་མཁོ་བའི་དྲན་དབང་དེ་དག་གི་གྲས་ནི་དེ་བས་ཀྱང་ག་ལ་ཡིན་སྲིད།ཡིན་ནའང་ཆུང་དུས་སུ་ཀ་སོགས་དབྱངས་གསལ་སོ་བཞིའི་མེ་ཏོག་བཏོགས་ནས་བློ་གྲོས་ཀྱི་རྒྱན་དུ་སྤྲས་པ་ནས་བཟུང་།དཔེ་ཆར་དུངས་ཤིང་ཤེས་བྱའི་རྒྱགས་བྲོས་དབེན་པའི་སློང་མོ་བ་ཞིག་ཏུ་གྱུར་སོང་།དེ་བས་དཔེ་ཀློག་ནི་ངའི་འཚོ་བའི་ནང་ནས་ནམ་ཡང་མེད་དུ་མི་རུང་བའི་གྲུབ་ཆ་གལ་ཆེན་ཞིག་ཏུ་གྱུར།ཡང་ན་ང་དགའ་དུས་སྤྲོ་རོགས་དང་སྡུག་དུས་སྐྱོ་རོགས་ཡིན།
  དཔེ་ཀློག་ལ་མི་རིགས་དེའི་སྲོལ་རྒྱུན་གྱི་འདུ་ཤེས་འཛིན་སྟངས་དང་མི་རེ་རེའི་དགའ་ཁ་མོས་ཕྱོགས་གཉིས་གཙོ་བྱས་རྒྱུ་དང་རྐྱེན་དུ་མ་ཞིག་གིས་ཤུགས་རྐྱེན་ངེས་ཅན་ཞིག་ཐེབས་པ་ནི་ལྡོག་ཐབས་མེད་པའི་ཆོས་ཉིད་ཅིག་ཏུ་འཁུམས་སོ།།ཡིན་ཡང་དེ་ནི་ངེས་གཏན་ཞིག་ཏུ་སེམས་ན་རྩ་བ་ནས་མི་འགྲིག་སྟེ་དེར་འབྲེལ་གྱི་ཕྱི་རྐྱེན་ནང་རྐྱེན་ཚང་མར་དུས་རབས་ཀྱི་འགྱུར་ལྡོག་དང་བསྡོངས་ནས་འགྱུར་ལྡོག་འགྲོ་བཞིན་ཡོད་པས་སོ།།ང་རང་ཆུང་དུས་དགོན་པའི་ནང་དུ་འདུག་ཡུན་ཅུང་རིང་།དེ་དུས་དགོན་པའི་ནང་གི་རབ་བྱུང་བ་ཚོ་ལྟར་སྔ་མོར་ལངས་ཏེ་ཤག་མདུན་གྱི་ར་བསྐོར་ནང་དུ་།བློར་འཛིན་དགོས་པའི་གནད་རྣམས་ཞོགས་པའི་ཉི་གཞོན་གྱི་ཉི་རྩེ་དང་པོ་མ་ཕོག་པའི་གོང་རོལ་དུ་སྐད་གསེང་མཐོན་པོས་ངག་ལ་བསྐྱོར་བ་ཡིན།ནམ་རྒྱུན་གྱི་ངལ་གསོའི་བར་སྐབས་དག་ཏུ་ཡང་དཔེ་ཆ་ནི་གང་འདོད་འདོད་དུ་སར་གཡུགས་པའམ་རྐུབ་འོག་ཏུ་འཇོག་པ་སོགས་ཀྱི་གནས་ཚུལ་གཏན་ནས་འབྱུང་དུ་འཇུག་མི་རུང་།རྒྱུ་མཚན་ནི་དགོན་པའི་ནང་གི་རབ་བྱུང་བ་རྒན་གྲས་དང་ལྷག་པར་དུ་དགེ་བའི་བཤེས་གཉེན་དག་གི་བཀའ་བཀྱོན་ཕོག་སྲིད།དེ་ནི་སྤྱིར་བཏང་གི་བཀའ་བཀྱོན་ཞིག་ག་ལ་ཡིན་སྲིད།དགོན་པའི་ནང་དུ་རིག་པའི་གནས་ལ་རེ་བ་འཆང་མཁན་ཞིག་ཡིན་ཕྱིན་དཔེ་ཆ་ཤིན་ཏུ་མཐོང་ཆེན་བྱེད་དགོས་པ་མ་ཟད།དེ་ནི་རྟག་བརྟན་ཞིག་ཡིན་དགོས།ནམ་རྒྱུན་དཔེ་ཆ་འཁྱེར་ནས་དཔེ་ཁྲིད་དུ་འགྲོ་དུས་དེ་མཆན་འོག་ཏུ་འཇུག་མི་ཉན་པར་ཕྲག་སྟེང་དུ་འཇོག་དགོས།བར་བར་དུ་ཆབ་གསེང་ལ་འགྲོ་དུས་ཡང་དཔེ་ཆ་དེའི་ཉེ་སར་མི་འཇོག་པར་ཅུང་མཐོ་སའི་གྱང་ཁའམ་རྡོ་ཐོག་རུ་འཇོག་དགོས་ས་སོགས་གང་ལྟར་དཔེ་ཆ་དེ་མི་ཞིག་གི་ལུས་སྟོད་ལས་ལུས་སྨད་དུ་མི་འཁྱེར་ལ།ཀུན་སློང་བཟང་བོའི་སྒོ་ནས་གཙིགས་ཆེན་དུ་འཛོན་དགོས་པ་ལས་སྣང་མེད་དུ་གཏན་ནས་འཇོག་མི་ཉན།
   རྗེས་སུ་སློབ་གྲྭར་འགྲིམས་པ་ནས་བཟུང་།དཔེ་ཆ་ལ་འདང་ཆེ་ནའང་དེ་ལ་བདག་སྐྱོང་བྱེད་པའི་ཐད་ནས་འགྱུར་ལྡོག་བླ་མེད་ཅིག་བྱུང་སོང་།སློབ་གྲོགས་གཞན་གྱི་ཤུགས་རྐྱེན་ཐེབས་པས་དཔེ་ཆ་གང་འདོད་དུ་གཡུགས་འཕེན་བསྐྱུར་གསུམ་ནི་རྒྱུན་ལྡན་གྱི་སྣང་ཚུལ་ཞིག་ཏུ་གྱུར་སོང་།ཡིན་ནའང་གཤགས་པ་དང་།མེར་བསྲེགས་པ་དང་།གད་སྙིགས་སུ་འཕེན་པ་སོགས་སྤྱོད་ངན་གྱི་རིགས་ནི་ཧ་ལམ་རིང་དུ་དོར་ཟིན།སློབ་ཆེན་སློབ་མའི་མིང་བྱང་འཁུར་བའི་མང་ཆེ་བ་ཞིག་གིས་དཔེ་ཆ་ལས་རང་ལ་མཁོ་བའི་ཤེས་བྱ་དེ་ལེན་ཐུབ་པ་དེ་གཙོ་བོ་ཡིན་པ་ལས་དཔེ་ཆར་གཅེས་སྤྲས་བྱ་རྒྱུ་དེ་གཙོ་བོ་མ་ཡིན་ཞེས་དཔེ་ཆ་ནི་རྐང་སྣེ་རྡོག་སྣེ་དང་མལ་ཁང་གི་གད་སྙིགས་ཀྱི་ཉེ་ས་བཅས་གང་རུང་དུ་མཐོང་རྒྱུ་ཡོད།དཔེ་ཆར་མཐོང་ཆེན་དང་གཅེས་སྤྲས་མི་བྱེད་པའི་གོམས་གཤིས་ངན་པ་དེའི་དབང་གིས་སློབ་གྲྭའི་དཔེ་མཛོད་ཁང་ནས་གཡར་འོངས་བའི་དཔེ་དེབ་དག་ཀྱང་གང་འདོད་འདོད་དུ་བྱེད། ཤོག་ངོས་གང་རུང་དུ་མི་ག་གེ་མོའི་མིང་དང་ཁ་པར་ཨང་གྲངས།གཤགས་པ་དང་།ཆད་པ་དང་།འཐོར་དུ་འཇུག་པ་སོགས་དངོས་གནས་སྙིང་ན་བ་དང་ཡིད་སྐྱོ་བའི་ཚོར་བ་ཞིག་ངང་ངམ་ཤུགས་ཀྱིས་སྟེར་ངེས།
   སྣང་ཚུལ་འདི་ནི་བོད་ཀྱི་དགོན་སྡེ་དག་ཕུད་པའི་བོད་ཀྱི་སྤྱི་ཚོགས་ཀྱི་གྲུ་ཟུར་གང་རུང་དུ་མཐོང་ཐུབ་པའི་ཅུང་ཁྱབ་རྒྱ་ཆེ་བའི་ནད་ཡམས་ཤིག་ཡིན་པ་འདྲ།དཔེ་ཆ་ལ་མཐོང་ཆེན་དང་གཅེས་སྤྲས་བྱེད་མི་འདོད་པའི་ང་ཚོར་དོན་དམ་དུ་ཡོན་ཏན་ག་འདྲ་ཞིག་འབྱོར་ཐུབ་བམ།གལ་ཏེ་ང་ཚོའི་མི་རིགས་ལ་ཡུ་ཐའེ་མི་རིགས་ལྟར་ཁྱིམ་ཚང་རེ་རེ་ལ་དཔེ་ཁང་འོས་འཚམ་རེ་ཡོད་པའི་དབང་དུ་བཏང་ན་ཡང་།དཔེ་དེབ་དེ་དག་ནི་སྐྱོན་ཤོར་ཞིང་མགོ་
རྔ་མི་ཚང་བ།ཁ་ཚང་བར་བཀླག་དཀའ་བའི་དཔེ་དེབ་དག་ཡིན་རྒྱུ་རེད།རྒྱུ་མཚན་ནི་དཔེ་ཆར་མཐོང་ཆེན་དང་གཅེས་སྤྲས་བྱེད་པའི་ཀུན་སློང་བཟང་པོ་ཞིག་རྒྱུད་ལ་ཡེ་ནས་སྐྱེས་མེད་པས་སོ།།
  ནད་ཡམས་དེས་ང་ཚོའི་དཔེ་ཀློག་གི་འཚོ་བར་ཉམས་སྡུག་པ་དང་བདེ་ཐང་མིན་པ།ཕུན་སུམ་ཚོགས་པོ་མིན་པ།ལད་ཟློས་ཀྱི་རྣམ་པ་ཙམ་སོགས་ཤིན་ཏུ་ནས་འཇིགས་ཡེར་བའི་གནས་ཤིག་ཏུ་བསྐྱལ་བཞིན་ཡོད།ཡིན་ནའང་ང་ཚོ་ནི་ད་དུང་སྣང་དོགས་ཅི་ཡང་མེད་པར་དཔེ་ཀློག་གི་འཚོ་བ་སྟེ་ཕྱིའི་རྣམ་པ་ཙམ་གྱིས་ཡིད་ཚིམ་ཏེ་ངའོ་སྙམ་པའི་ངང་མགོ་བོ་དཀྲོག་དཀྲོག་དང་ལྟག་དགྱེ་བསྒྲེང་བསྒྲེང་། རྡོག་སྣེ་མིག་གིས་མི་མཐོང་བའི་ཚོད་དུ་འདུག
    ཨ་རིའི་རྒྱལ་ཁབ་ལ་མཚོན་ན་ཁྱིམ་ཚང་རེ་རེའི་གཡོས་སྦྱོར་ཁང་ནི་དཔེ་ཁང་ཆུང་ཆུང་ཞིག་དང་ཀུན་ནས་ཁྱད་མི་འདུག དེའི་ག་ས་གང་དུ་དཔེ་ཆ་མཐོང་རྒྱུ་འདུག་པ་མ་ཟད་ལས་ཀའི་བར་དག་ཏུ་ཡང་དཔེ་ཆར་བལྟ་བའི་སྲོལ་ནི་རྒྱུན་ལྡན་ཞིག་ཏུ་གྱུར་འདུག དཔེ་མཛོད་ཁང་ནི་རང་གི་གཡང་ཁྱིམ་དང་འདྲ་བར་ཤིན་ཏུ་གཅེས་ལ།དབུལ་ཕྱུག་དང་ཐོབ་གོ་ས།ལས་རིགས་མི་འདྲ་བའི་སྤྱི་འབངས་ཤིན་ཏུ་མང་པོ་གདའ།ཐ་ན་སྲང་ལམ་དུ་སློང་མོ་བྱེད་པའི་མུ་ཏོ་བའི་ཁྲོད་ན་ཡང་གང་འདོད་དུ་མི་འདུག་པར་དཔེ་ཀློག་ལ་ཧུར་གྱིས་བརྩོན་པ་བྱེད་མཁན་མང་དུ་འདུག་ལ།དེ་དག་ལ་ལམ་འགྲོ་བ་དག་གིས་འདིས་ཡང་རང་ནུས་ཅི་ལྕོགས་ཀྱིས་དཔེ་ཆར་བརྩོན་ནས་དུས་ཚོད་ཆུད་ཟོས་སུ་གཏོང་གིན་མི་འདུག་པས་སྦྱིན་པ་རེ་བཏང་ན་འགྲིག་འདུག་ཅེས་སྦྱིན་པ་གཏོང་བ་ལས་གཞན་དག་གིས་འཚོ་བ་ཤིན་ཏུ་རོལ་དཀའོ།། དཔེ་དེ་བཞིན་དུ་སྔོན་ཐོན་རྒྱལ་ཁབ་དག་ལ་མིག་ཡར་ལྟོས་བྱས་ནས་རང་ཉིད་ཡང་ལེགས་ལམ་དུ་བཅུག་ན་ཅིས་མི་ལེགས་ཨང་།ང་ཚོས་འདས་ཟིན་པའི་ལོ་རྒྱུས་ཀྱི་གླེགས་བམ་རེ་རེ་དལ་གྱིས་བསློག་ནས་བསམ་གཞིགས་རེ་བཏང་ན།ང་ཚོའི་མི་རིགས་ནི་ལོ་རྒྱུས་ཀྱི་རྒྱུན་རིང་ཞིང་ཡི་གེ་ཡང་བྱུང་བ་ཅུང་སྔ་བའི་གྲས་ཤིག་ཡིན་པས།ང་ཚོའི་མེས་པོ་རྣམ་པའི་དཔེ་གཟིགས་ཀྱི་འཚོ་བ་ནི་ཇི་འདྲ་ཞིག་ཡིན་ནམ།ཡང་ན་ཇི་ལྟར་དཔེ་གཟིགས་བྱས་པ་དང་སྣ་མང་ཕུན་སུམ་ཚོགས་པའི་རིག་པའི་གཞུང་ལུགས་མང་པོའི་རྒྱ་མཚོར་གང་འདོད་འདོད་དུ་རྐྱལ་ཐུབ་པ་བྱུང་བ་སོགས་ཀྱི་ཕྱོགས་ལ་མནོ་བསམ་བཏང་མྱོང་ངམ།
  ཀྭ་ཡེ་གྲོགས་པོ་ལགས།དཔེ་ཆ་དང་དཔེ་མཛོད་ཁང་ལ་མཐོང་ཆེན་དང་གཅེས་སྤྲས་བྱེད་མི་ཤེས་པའི་མི་རིགས་དེས་རང་ལ་དཔེ་གཟིགས་ཀྱི་འཚོ་བ་ཕུན་སུམ་ཚོགས་པ་ཤིག་དང་བདེ་ཐང་ཅན་ཞིག ཡང་ན་དོན་གྱི་སྙིང་བོས་ལྗིད་ཏིག་གེར་ཕྱུག་པའི་འབྲས་བུ་ཡག་པོ་ཞིག་ལོན་ཚོད་ཤིན་ཏུ་དཀའོ།།དགོན་སྡེ་ནས་དཔེ་ཆར་བདག་དམ་ཡག་པོ་དང་མཐོང་ཆེན་བྱེད་པའི་སྲོལ་དེ་ནི་ཤིན་ཏུ་རྙིང་ངོ་ཞེས་མཐའ་གཅིག་ཏུ་གད་སྙིགས་ཀྱི་གནས་སུ་འཕེན་པར་མ་བྱེད་ཅིགདོན་ཅི་ལ་ཐུག་ཡང་མ་བརྟག་མ་དཔྱད་པར་ཁ་ཆེན་པོ་གདངས་ནས་ལག་མཐོན་པོར་བསྒྲེང་ཏེ་ཐག་གཅོད་པ་ནི་རང་ཉིད་ཀྱི་རང་འཚང་ཕྱི་རུ་སྟོན་པ་ལས་གཞན་ཅི་ཡང་མ་ཡིན་ནོ།།
                                                                                                          2011.5.27ཉིན་ནུབ་བྱང་དུ་བྲིས་སོ།།
 
རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

ང་ཚོ་དང་གཞན་དག་གི་དཔེ་གཟིགས་ཀྱི་འཚོ་བ།

2011-07-02 མར་ལོ།༼ལན་ཀྲུ༽ ཀློག་གྲངས། མཆན ཡོད།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།