ནམ་མཁའི་མིག་ཟུང་དང་ས་གཞིའི་ལྟོ་བ།

                                   དང་པོ།
 ནམ་རྒྱུན་བྱིས་པ་སྣབས་ལུག་ཚོས་གནམ་རྒན་མའི་སྨྲ་ར་ནག་པོ་དང་པང་ཁེབས་སྔོན་པོ་ལས་གང་ཡང་མཐོང་གིན་མེད་ཅིང་།ས་གཞི་སྒེག་མོའི་འཛུམ་གྱི་མེ་ཏོག་དང་ཁྲག་གི་བདུད་རྩི་ལས་ཅི་ཡང་ཚོར་གྱིན་མེད་པ་འདྲ།
                                   གཉིས་པ།
 ཁོ་ཚོར་ཤོག་བྱའི་སྐུད་སྣེར་འཇུས་ཏེ་སྐར་མའི་ཁ་གྲངས་བརྩི་བ་དང་མེ་ཏོག་གནམ་ནས་ལྷུང་བའི་རང་ཉིད་ཀྱི་འཇིག་རྟེན་ལ་རྩེད་ཆས་བསྒྲིག་པ་དང་ཨ་མྱེས་ཀྱི་སྲུང་འཁོར་ལ་ལྷ་སྒྲུང་གི་མདུད་པ་བརྩེགས་བཞིན་འདུག
                                  གསུམ་པ།
 བལྟས་ཚོད་དུ།ནམ་མཁའ་ནི་རྗེ་བོའི་བསྟི་གནས་དང་ལྷ་ཚོགས་ཀྱི་དག་ཞིང་དུ་རུམ་ནས་ས་གཞི་འདི་གང་འདོད་དུ་གཉིད་ལ་རོལ་ཆོག་པའི་རང་ཁྱིམ་གྱི་མལ་གདན་འཇམ་པོ་ཞིག་གི་ཚོད་དུ་བཟུང་ཡོད།
                                   བཞི་བ།
 ནམ་མཁའི་རྒྱ་ཁྱོན་འདི་རང་ཉིད་ཀྱི་ངོ་གདོང་བསྒྲིབ་བྱེད་ཀྱི་ལག་རས་ཙམ་དུ་འགྱུར་ན།ས་གཞི་ནི་རྐང་ཐང་དུ་འགྲོ་ནུས་པའི་ཉིན་གཅིག་གི་ལམ་ཐག་ལྟ་བུ་ཞིག་ཏུ་ངོས་འཛིན་ཆོག
                                   ལྔ་པ།
 གནམ་གྱི་མིག་ཟུང་འདི་རྒྱ་མཚོའི་གཏིང་དང་ས་གཞིའི་ལྟོ་བར་བགྲད་ཚེ།མགོ་ཐོག་གི་ཉི་ཟླ་སྐར་གསུམ་ནི་ཁྱོད་ཚོའི་འཇིག་རྟེན་དུ་གྲགས་པའི་གསེར་གྱི་མེ་ལོང་དང་ནམ་ཚོད་འཛིན་པའི་ཆུ་ཚོད་འཁོར་ལོ་དེ་ཡིན་སྲིད།

 

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

ནམ་མཁའི་མིག་ཟུང་དང་ས་གཞིའི་ལྟོ་བ།

2011-06-30 སྟག་མིག༼ལན་ཀྲུ༽ ཀློག་གྲངས། མཆན ཡོད།

                                   དང་པོ།
 ནམ་རྒྱུན་བྱིས་པ་སྣབས་ལུག་ཚོས་གནམ་རྒན་མའི་སྨྲ་ར་ནག་པོ་དང་པང་ཁེབས་སྔོན་པོ་ལས་གང་ཡང་མཐོང་གིན་མེད་ཅིང་།ས་གཞི་སྒེག་མོའི་འཛུམ་གྱི་མེ་ཏོག་དང་ཁྲག་གི་བདུད་རྩི་ལས་ཅི་ཡང་ཚོར་གྱིན་མེད་པ་འདྲ།
                                   གཉིས་པ།
 ཁོ་ཚོར་ཤོག་བྱའི་སྐུད་སྣེར་འཇུས་ཏེ་སྐར་མའི་ཁ་གྲངས་བརྩི་བ་དང་མེ་ཏོག་གནམ་ནས་ལྷུང་བའི་རང་ཉིད་ཀྱི་འཇིག་རྟེན་ལ་རྩེད་ཆས་བསྒྲིག་པ་དང་ཨ་མྱེས་ཀྱི་སྲུང་འཁོར་ལ་ལྷ་སྒྲུང་གི་མདུད་པ་བརྩེགས་བཞིན་འདུག
                                  གསུམ་པ།
 བལྟས་ཚོད་དུ།ནམ་མཁའ་ནི་རྗེ་བོའི་བསྟི་གནས་དང་ལྷ་ཚོགས་ཀྱི་དག་ཞིང་དུ་རུམ་ནས་ས་གཞི་འདི་གང་འདོད་དུ་གཉིད་ལ་རོལ་ཆོག་པའི་རང་ཁྱིམ་གྱི་མལ་གདན་འཇམ་པོ་ཞིག་གི་ཚོད་དུ་བཟུང་ཡོད།
                                   བཞི་བ།
 ནམ་མཁའི་རྒྱ་ཁྱོན་འདི་རང་ཉིད་ཀྱི་ངོ་གདོང་བསྒྲིབ་བྱེད་ཀྱི་ལག་རས་ཙམ་དུ་འགྱུར་ན།ས་གཞི་ནི་རྐང་ཐང་དུ་འགྲོ་ནུས་པའི་ཉིན་གཅིག་གི་ལམ་ཐག་ལྟ་བུ་ཞིག་ཏུ་ངོས་འཛིན་ཆོག
                                   ལྔ་པ།
 གནམ་གྱི་མིག་ཟུང་འདི་རྒྱ་མཚོའི་གཏིང་དང་ས་གཞིའི་ལྟོ་བར་བགྲད་ཚེ།མགོ་ཐོག་གི་ཉི་ཟླ་སྐར་གསུམ་ནི་ཁྱོད་ཚོའི་འཇིག་རྟེན་དུ་གྲགས་པའི་གསེར་གྱི་མེ་ལོང་དང་ནམ་ཚོད་འཛིན་པའི་ཆུ་ཚོད་འཁོར་ལོ་དེ་ཡིན་སྲིད།

 

རྩོམ་ཁུངས། ངེད་དྲ་བ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།