༼ཕྱིར་རྟོག༽ཅེས་པ་བཀླགས་རྗེས།

  ཁ་སང་གྲོགས་པོས་ངོ་སྤྲོད་བརྒྱུད་དེ་སྒེར་གྱི་དཔེ་ཚོང་ཁང་ཞིག་ནས་ཚ་བ་མདའ་སྨྱུག་གིས་བརྩམས་པའི་<<ཕྱིར་རྟོག་>>ཅེས་པའི་དཔེ་ཆ་ཞིག་ཉོས་པ་ཡིན།སྤྱིར་བརྩམས་ཆོས་ཤིག་ལ་མཚོན་ན་རྩོམ་པ་པོའི་ལོ་རྒྱུས་སམ་དེར་འབྲེལ་གྱི་བྱུང་བ་རགས་ཙམ་ཞིག་རྟོགས་རྒྱུ་ནི་ཀློག་པ་པོ་ཞིག་གི་ཆེས་མ་མཐའི་ཆ་རྐྱེན་དང་འོས་བབས་སུ་སྣང་མོད།ཡིན་ནའང་བདག་རྩོམ་པ་པོར་རྒྱུས་མེད་པར་མ་ཟད་མཚན་ཡང་ཐོས་ནས་ཡུན་རིང་མ་ལོན་པས་ན་དེའི་ཕྱོགས་ནས་ཕལ་ཆེར་སྟོང་ཆར་ལུས་འདུགགང་ལྟར་ང་ཚོས་བརྩམས་ཆོས་ལས་རྩོམ་པ་པོར་གདེང་འཇོག་དང་ཚད་གཞལ་རྒྱུ་ལས་རྩོམ་པ་པོའི་མཚན་ལས་གདེང་འཇོག་བྱེད་པ་ནི་བླུན་རྨོངས་ཀྱི་བྱ་སྤྱོད་ཁོ་ནར་ཟད་པས་ན།འདིར་ཁོང་གི་བརྩམས་ཆོས་རགས་ཀློག་ཙམ་བགྱིས་པ་ལས་བྱུང་བའི་མྱོང་ཚོར་རམ་རང་བློ་རྒྱ་ཁབ་ཕྲ་མོར་མ་ཤོང་བ་དག་ཁོང་ལ་གྲོས་གཞིའི་དོད་དུ་འབུལ་རྒྱུའི་ཀུན་སློང་སྔོན་དུ་སྐྱེས།
      སྤྱིར་འཇིག་རྟེན་འདིའི་ཕྲ་རགས་ཤེས་བྱའི་གནས་ལ་འཇུག་པ་སྐྱེན་ཞིང་ལེགས་ཉེས་བླང་དོར་གྱི་འཇུག་ལྡོག་ལ་ཐོགས་པ་མི་མངའ་བའི་སྐྱེས་བུ་དམ་པ་རྣམས་ལ་ནི་གཞན་ཁྱད་གསོད་དང་དམའ་འབེབས།བརྙས་སྨོད་ཀྱི་དྲི་མ་དང་རིང་དུ་བྲལ་བས་ན་ང་ཚོའི་ཁྲ་ཆུང་མིག་གི་ལྟ་ས་དང་ཡ་ཆུང་སེམས་ཀྱི་དམིགས་ས་ཉག་ཅིག་ཏུ་གྱུར་ཡོད།རྐྱེན་དེས་ང་ཚོས་སྔོན་བྱོན་སྐྱེས་བུ་དམ་པའི་མཛད་རྗེས་དང་མཛད་འཕྲིན་ལ་རྗེས་སུ་ཡི་རང་དང་མོས་གུས།མིག་དཔེར་འཛིན་འོས་པ་ལས་གང་ཟག་རང་གི་བློ་དང་ཁམས་མོས་ལ་མི་བསྟུན་པ་རྒྱུ་མཚན་དུ་བྱས་ནས་ཁྱད་གསོད་དང་གད་སྙིགས་སུ་འདོར་རྐྱང་ག་ལ་ཡིན།
སྔོན་བྱོན་སྐྱེས་བུ་དམ་པ་རྣམས་དང་ཁྱད་པར་དུ་དེང་དུས་ཀྱི་མཁས་དབང་གང་ལ་མཚོན་ནའང་དགག་བཞག་དང་བརྒལ་བརྟག་གི་ལས་ལ་འཇུག་པའི་ཚེ་ན་ཕན་ཚུན་ལ་བློ་སྒམ་དཀྱེལ་ཡངས་དང་གཟུར་གནས་དྲང་བདེན་གྱིས་གནས་ལུགས་རྩོད་པ་དང་སྒྲུབ་བྱེད་ཚད་ལྡན་གྱིས་རྒྱལ་ཕམ་འབྱེད་པ་ལས་མི་གཞིར་དམའ་འབེབས་དང་ཁྱད་གསོད་ཀྱིས་རྒྱལ་ཕམ་འབྱེད་དུ་མེད་མོད།འོན་ཀྱང་དེང་སང་གཞོན་ཐོགས་པའམ་བསམ་བློ་གསར་བ་ཡིན་ཟེར་མཁན་ཚོས་དེ་ལྟར་མི་འདོད་པའི་ངེས་པ་མེད་དེ།ཕན་ཚུན་ལ་བཀུར་བསྟི་དང་གུས་ཞབས་ལྡན་པ་ནི་བྲན་གཡོག་གི་འདུ་ཤེས་ཡིན་ཞེས་དང་།ཁྲེལ་དང་ངོ་ཚར་འཛེམས་པ་ནི་ནུས་མེད་ཉམ་ཆུང་གི་ངང་ཚུལ་ཡིན་ཞེས་སྲོལ་རྒྱུན་གྱི་རྒྱན་ཆ་དག་ཀྱང་གད་སྙིགས་སུ་འདོར་ཅི་ཐུབ་བྱེད་ཀྱིན་འདུག་ལ།ལྷག་པར་དུ་རྩོད་བྱའི་འབེན་དེར་མི་དམིགས་པར་ཉེ་འཁོར་གྱི་མི་གཞིར་དམའ་འབེབས་དང་ཁྱད་གསོད།བརྙས་སྨོད་བཅས་ཀྱི་བགྱི་བ་ལག་ཏུ་བསྟར་བཞིན་པ་ནི་ཇི་འདྲའི་དགོད་བྲོ་བ་ཞིག་རེད་ཨང་།
   ཁོང་(ཚ་བ་མདའ་སྨྱུག་)གིས་དེང་དུས་ཀྱི་ངེས་པ་དོན་གྱི་མཁས་པ་སྟེ་དོར་ཞི་ཚང་དང་མཁན་ཆེན་ཚུལ་ཁྲིམས་བློ་གྲོས་ཚང་སོགས་ལ་འདྲ་མཉམ་མམ་གུས་མེད་ཀྱི་རྣམ་པས་སྐྱ་བོ་ཆོས་སྒྲུབ་པ་རྒན་པོ་དོར་ཞི་དང་ཚུལ་བློ་ཞེས་མི་གཞིའི་རིན་ཐང་ལ་བརྩི་བཀུར་མེད་པའི་ངག་གིས་བརྗོད་པར་མ་ཟད།རང་ཉིད་མཁས་མདོག་དང་རྫིག་མདོག་གིས་གཞན་སྐྱོན་ཁབ་རྩེ་ཙམ་ཡང་དོན་ཆེན་དུ་རིགས་ནས་སྤྲོས་པ་མང་པོ་ཕྱུར་བུར་སྤུངས་ཀྱང་འཇིག་རྟེན་གྱི་ལེགས་ཉེས་བླང་དོར་ལས་དགེ་མཚན་རི་རབ་ཙམ་གྱི་ཞར་ན་སྐྱོན་མཐེ་བོང་རེ་སྲིད་པ་ནི་ཆོས་ཉིད་དུ་ངེས་ན་དེ་ནི་བླང་བྱ་ལས་འདོར་བྱར་ག་ལ་རིགས།ཁྱོད་རང་ཁོང་གཉིས་ཀྱི་ལྟ་གྲུབ་དང་མཛད་འཕྲིན་ལ་མི་འཐད་པའི་སྒྲུབ་བྱེད་དུ་ཁྱོད་ལ་དེ་ལས་ལྷག་པའི་ཡན་གར་བའི་ལྟ་གྲུབ་དང་མཛད་འཕྲིན་ཞིག་སྟོན་རྒྱུ་དགོས་འདུག་ལ།   གལ་ཏེ་མེད་ན་རང་ཉིད་ཀྱི་ཁ་ཕོ་དང་འུར་གཏམ་གནམ་ལ་བསྒྲགས་ཏེ་རང་མཚང་བསྔོགས་པ་ལས་གཞན་ཅི་ཞིག་ཡོད།
  ཡང་དེ་ལས་བོད་ཀྱི་བཅུ་ཕྲག་རིག་གནས་ཀྱིས་བོད་ཀྱི་འཚོ་གནས་ལ་ཕན་ཐོགས་ཐུབ་ཀྱིན་ཡོད་པ་མཐོང་གིན་མི་འདུག་ཟེར།ཁྱོད་ཀྱིས་མ་ཤེས་པ་དང་ཁྱོད་ཀྱིས་མ་རིག་པ་མཐའ་དག་རྒྱུ་མཚན་དུ་བྱས་ན་སྒྲུབ་བྱེད་དུ་འགྲོ་འམ།ཡང་ན་དེ་ནི་གཟུར་གནས་དཔྱོད་ཤེས་པ་ཞིག་གི་གཏམ་དུ་རུང་ངམ།བཅུ་ཕྲག་རིག་གནས་ཀྱིས་བོད་ཀྱི་འཚོ་གནས་ལ་ཕན་མི་ཐོགས་ན།གནའ་ནས་དེང་གི་བར་བརྒྱུད་ནས་འོང་བའི་མི་རིགས་འདིའི་གཟུང་ཐག་གང་ལ་བྱའམ།བོད་རིག་པ་ཞེས་འཛམ་གླིང་གིས་འགྲམ་ཆུ་ལྡང་བཞིན་པ་དེ་གང་ལ་འབོད།བོད་ཀྱི་གསོ་བ་རིག་པ་ཁོ་ནར་མཚོན་ན་ཡང་འཛམ་གླིང་ན་བཅོས་ཐབས་མེད་པའི་ནད་རིགས་དག་དྲག་སྐྱེད་བྱུང་བའི་གནས་ཚུལ་དེ་ཡང་རྫུན་དུ་མི་འགྱུར་རམ།བོད་ཀྱི་ཚད་མ་རིག་པ་ཞེས་ཀུན་གྱིས་བསྔགས་པའི་ཡུལ་དུ་གྱུར་བའི་རིག་པ་ཡ་མཚན་དེས་ཐོག་དྲངས་པའི་གནའ་སྟེང་མཁས་དབང་གནམ་གྱིས་ས་བཀབ་པ་ལྟ་བུ་བྱོན་པ་རྣམ་ས་ཀྱང་འབྱུང་མི་རིགས་པར་ཐལ།དེར་མ་ཟད་ཞི་བདེ་དང་དྭངས་གཙང་གིས་བརྒྱན་པའི་སེམས་ཁམས་དེ་ཡང་རིག་གནས་ཤིག་མ་ཡིན་ནམ།
    ཁྱོད་ཀྱིས་འདོད་པའི་འཚོ་གནས་དེ་གུ་དོག་པའི་འཚོ་གནས་ཤིག་ལ་གོ་བཞིན་པ་འདྲ་སྟེ།རྒྱུ་མཚན་ནི་འཚོ་གནས་ལ་ནང་བསམ་པའི་ལོངས་སྤྱོད་དང་ཕྱི་དངོས་པོའི་ལོངས་སྤྱོད་གཉིས་ལས་ཁྱོད་ཀྱིས་ཕྱི་མ་དེ་ཁོ་ནར་དམིགས་ཀྱིན་འདུག་མོད།ཡིན་ནའང་དེ་གཉིས་ནི་གཅིག་ལ་གཅིག་བརྟེན་གྱི་ཚུལ་དུ་གནས་པ་ལས་སོ་སོར་དགར་དུ་མེད་པས་ན།ཕྱིའི་ལོངས་སྤྱོད་ཁོ་ན་ཡོད་པས་ཀྱང་འཚོ་བ་སྐྱིད་དུ་འདོད་མི་རུང་ལ་ནང་གི་ལོངས་སྤྱོད་ཁོ་ནས་ཀྱང་སྐྱིད་དུ་བསམས་མི་ནུས།རྐྱེན་དེས་ཕྱི་ནང་གི་ལོངས་སྤྱོད་གཉིས་ཆའི་འཚོ་གནས་ལ་བསམ་བློ་གཏོང་འོས་སྙམ་ལ།ནང་བསམ་པའི་ལོངས་སྤྱོད་ལ་ཕན་ཐོགས་ཐུབ་མིན་དེ་ཡང་མིག་གིས་མཐོང་རེག་ཐུབ་པ་ཞིག་ཡིན་ནམ་སོམས།
ང་ཚོས་དུས་རབས་འདིར་མ་འཇོན་ཞིང་མ་ནུས་པ་རྒྱུ་མཚན་དུ་བྱས་ནས་རིག་གནས་ལ་ཁག་འགེལ་དང་གདེང་འཇོག་གི་ཁུལ་རྩོམ་པ་ནི་དངོས་གནས་བཞད་གད་ཀྱི་རྒྱུ་མ་ཡིན་ནམ།བཅུ་ཕྲག་རིག་གནས་ཀྱིས་བོད་ཀྱི་འཚོ་གནས་ལ་ཕན་མི་ཐོགས་ན།ཁྱོད་ལ་ཕན་ཐོགས་བྱེད་ཀྱི་རིག་གནས་གཞན་ཞིག་རྩོམ་པའི་ནུས་པ་དང་སྤོབས་པ་དགོས་ལ།དེ་ལག་ལེན་ཡང་འདེབས་ཐུབ་དགོས་འདུག  གལ་ཏེ་དེ་དག་ཅི་ཡང་མི་ལྡན་པར་བོད་ཀྱི་རིག་གནས་ཀྱིས་མ་འཇོན་པ་དང་སྔོན་བྱོན་སྐྱེས་བུ་ཚོས་མ་འཇོན་པ།བོད་ཀྱི་རིག་གནས་ལ་དགོས་མཁོ་མེད་པ་སོགས་འཆལ་གཏམ་སྣ་ཚོགས་བྱུང་རྒྱལ་དུ་སྨྲས་པས་ཅི་ཞིག་འཐུས་ཨང་།
འདི་ལྟར་སྨྲས་པ་ཡང་རང་གི་སྙན་གྲགས་ཙམ་དང་ཁེ་ཕན་ཙམ་གྱི་ཆེད་དུ་ཡིན་ན་ནི་ཆེར་མི་སྐྱོན་མོད།ཡིན་ཡང་རང་ཉིད་བོད་ནས་སྐྱེས་ཤིང་བོད་ཀྱི་དགོན་སྡེ་ནས་ནར་སོན་པ།ལྷག་པར་དུ་ནང་བ་སངས་རྒྱས་པའི་རྗེས་འཇུག་པ་ཞིག་གི་ཚུལ་འཛིན་བཞིན་དུ་ཆོས་ཀྱི་སྐྱོན་འཚོལ་ཅི་ཐུབ་དང་སྐྱེས་བུ་དམ་པའི་མཚང་བསྔོག་ཅི་ཐུབ།ཐ་ན་སྟོན་པ་ཐུབ་པའི་དབང་བོར་ཡང་མ་རིག་ལིང་ཏོག་དང་ཉོན་མོངས་པའི་དབང་གིས་སོམ་ཉི་སྣ་ཚོགས་རྒྱུད་ལ་སྐྱེས་དང་སྐྱེ་བཞིན་པ་འདིས་རང་མཚང་སྐྱོ་བོ་བཤམ་སྟོན་ཐེངས་ཤིག་ལས་གཞན་དུ་ཅི།
  གང་ལྟར་བདག་ལ་མཚོན་ན་ཁོང་གི་དྲུང་ན་སྲིན་བུ་མེ་ཁྱེར་བཞིན་གང་གི་ཆ་ནས་ཀྱང་ཁོང་ལ་བསྡུར་ཐབས་ཡེ་ནས་མེད་མོད།འོན་ཀྱང་ཁོང་གི་མཁས་མདོག་དང་ང་རྒྱལ་གྱི་དཔུང་བ་རི་བས་མཐོ་བ་འདིར་བརྗོད་འདོད་རེ་འགའ་ཡིད་ལ་ཤར་བ་ལྡོག་མ་ནུས་པར་ཡིག་ངོར་ཕབ་ཁུལ་ལོ།།
                                                    ༢༠༡༡ལོའི་ཟླ་༡༢ཚེས་༡༥ལ།

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

༼ཕྱིར་རྟོག༽ཅེས་པ་བཀླགས་རྗེས།

2012-01-16 རྔོག་རུ་བ། ཀློག་གྲངས། མཆན ཡོད།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།