མི་རིགས་འཕེལ་རྒྱས་ཀྱི་གནད་དོན་གླེང་བ།

ཕན་ཤུལ་འཆི་མེད་དབང་འདུས། མཆོད་མེ་བོད་ཀྱི་རྩོམ་རིག་དྲ་བ། 2011-12-30

  དུས་རབས་ཤིག་གི་འཕག་འཚག་གིས་འཛམ་གླིང་ཧྲིལ་པོ་གཡོ་འགུལ་གཏོང་བཞིན་པའི་སྐབས་འདིར། བྱ་དངོས་གསར་པ་མང་པོས་རྙིང་ཧྲུལ་དུ་གྱུར་པའི་ཅ་དངོས་གང་མང་ཞིག་ཁྱུར་མིད་བྱེད་པ་ནི་ཆོས་ཉིད་ཅིག་ལགས་ན་དེ་ལ་འཁང་ར་བྱས་ཀྱང་འབྲས་མེད་ཅིག་ཡིན་ལ། གསར་བྱུང་གི་མེ་ཏོག་དང་ཤིང་འབྲས་སོགས་སྨིན་དུ་མི་འཇུག་པར་དྲག་གནོན་བྱེད་པ་ནི་དོན་དངོས་ཐོག་རྒྱུ་འབྲས་ཁྱད་གསོད་བྱེད་པའང་ཡིན། འོན་ཀྱང་ས་བོན་སྔ་མ་སྔ་མ་ལས་རིགས་འདྲའི་འབྲས་བུ་ཕྱི་མ་ཕྱི་མ་ཞིག་སྐྱེ་རྒྱུའི་ཐད་རྒྱུ་སྔོན་སོང་གཅིག་པུར་རག་ལུས་པ་མ་ཡིན་པར་རྐྱེན་ཆུ་ལུད་དྲོད་གཤེར་སོགས་ལ་བརྟེན་དགོས་པ་ནི། ཇི་སྐད་དུ། རྐྱེན་མེད་རྒྱུ་ལ་འབྲས་བུ་འབྱུང་མི་སྲིད། །ཅེས་གསུངས་པ་ལྟར་མི་རིགས་ཀྱི་རྩ་དོན་རྩོད་པར་ཡང་རྒྱུ་མི་རིགས་རང་གི་སྲོལ་རྒྱུན་གཞིར་གཞག་སྟེང་ངོ་བོ་དེ་དང་མི་འགལ་བའི་འཕེལ་རྒྱས་ཀྱི་ལམ་བུ་ཞིག་གདམ་རྒྱུ་ནི་གནད་དམ་པ་སྟེ། ཀུན་གཟིགས་པཎ་ཆེན་བཅུ་པ་རིན་པོ་ཆེས། ལྷ་ས་ལྷ་སའི་ཐོག་ནས་འཕེལ་རྒྱས་འགྲོ་དགོས་པ་ལས། ལྷ་ས་ཤང་ཀང་གི་ཐོག་ཏུ་འཕེལ་རྒྱས་གཏོང་མི་ཉན། ཞེས་གཏན་ཚིགས་རང་བཞིན་གྱི་རྡོ་རྗེའི་་་བཀའ་སློབ་གནང་ཡོད། དེར་བརྟེན་ང་ཚོས་མི་རིགས་འཕེལ་རྒྱས་གཏོང་སྐབས་གཞན་བསྒྱུར་རིང་ལུགས་ཀྱི་ཐབས་ཤེས་བེད་སྤྱོད་བྱེད་པ་ནི་མི་རིགས་འཕེལ་རྒྱས་ཀྱི་རྩ་དོན་དང་རྦད་དེ་འགལ་ཡོད། དེ་ཡང་མི་རིགས་ཞེས་པ་ནི་སྐད་ཡིག་ཙམ་མ་ཟད་རིག་གནས་དང་། ཡུལ་སྲོལ་གོམས་གཤིས། བསམ་བློའི་འཁྱེར་་་
སོ། དད་མོས་བྱ་སྟངས་སོགས་ཀྱི་ཐད་ཐུན་མོང་མ་ཡིན་པའི་ཁྱད་ཆོས་མངའ་བ་ཞིག་ཡིན་དགོས་པ་ལས། སྐད་ཡིག་དང་རིག་གནས་བསམ་བློའི་འཁྱེར་སོ་སོགས་གང་གི་ཐད་ནས་ཀྱང་དམིགས་བསལ་གྱི་བྲོ་བ་མེད་པ་ཞིག་ཆགས་ཚར་དུས་མི་རིགས་དེ་འཇིག་རྟེན་འདི་དང་ཞལ་གྱེས་ཞུ་རན་འགྲོ་བ་རེད། འདི་ལྟར་གླེང་དུས་གསར་བུ་ཕོ་མོ་གང་མང་ཞིག་གིས་གསར་གཏོད་ལ་ངོ་རྒོལ་བྱེད་པར་ངོས་འཛིན་བྱེད་སྲིད་ཀྱང་། ང་ཚོར་དགོས་རྒྱུའི་འཕེལ་རྒྱས་ཞེས་པ་དེ་དང་། མི་རིགས་ཀྱི་ལས་དབང་ཞེས་པ་དེ་གཉིས་ཀའི་སྒང་ནས་གོ་བ་ཞིབ་ཚགས་བླངས་བ་ཡིན་ན་ད་གཟོད་གནའ་བཟང་དེང་སྤྱོད་དང་ཕྱི་བཟང་བོད་སྤྱོད་ཀྱི་རིན་ཐང་ཤེས་འོང་།
   འོ་ན་མི་རིགས་རང་གི་ངོ་བོ་མ་བརླགས་པ་དང་དུས་རབས་ཀྱི་ཁྱད་ཆོས་ལྡན་པ་གཉིས་འགལ་བ་མེད་པའི་སྒོ་ནས་ཇི་ལྟར་ཟུང་འབྲེལ་བྱེད་དགོས་ཞེ་ན། དེ་ལ་སྐད་ཡིག་གི་ཐོག་ནས་བྱ་ཐབས་དང་། རིག་གནས་ཀྱི་ཐོག་ནས་བྱ་ཐབས། ཁོར་ཡུག་གམ་འཛུགས་སྐྲུན་གྱི་ཐོག་ནས་བྱ་ཐབས་བཅས་གཙོ་བོ་གསུམ་གྱི་ནང་དུ་འདུས།
  དང་པོ། སྐད་ཡིག་གི་ཐོག་ནས་བྱ་ཐབས་ནི། བྱ་དངོས་གསར་པར་མིང་འདོགས་པའམ། མི་རིགས་གཞན་གྱི་སྐད་ཡིག་གི་ཐོག་ནས་ཚུར་བསྒྱུར་བ་གང་ཡིན་རུང་ཐུན་མོང་མ་ཡིན་པའི་རང་མི་རིགས་ཀྱི་སྐད་ཆའི་གཤིས་ཀ་དང་། བརྡ་སྤྲོད་ཀྱི་གཞུང་ལུགས་བཅས་དང་མཐུན་པ་ཞིག་དང་། བྱ་དངོས་གསར་པ་དེའི་ངོ་བོ་དང་།ཆོས་ཉིད་སོགས་དང་མི་འགལ་བའི་ཐོག་ནས་གཅིག་གྱུར་རང་བཞིན་གྱི་མིང་གམ་ཐ་སྙད་རྣམ་པར་དག་པ་ཞིག་ཆགས་པ་བྱ་རྒྱུ་དང་། དེར་རང་མི་རིགས་ཀྱི་མིང་ཚིག་རྙིང་པ་ལྟར་མ་ལག་ཆ་ཚང་བའི་གཞུང་ལུགས་དང་། དེང་རབས་སྐད་བརྡ་རིག་པའི་ཆོས་ཉིད་དང་མི་འགལ་བའི་བཀོལ་སྤྱོད་ཡོད་པ་བྱ་དགོས།
   གཉིས་པ། རིག་གནས་ཀྱི་ཐད་ནས་བྱ་ཐབས་ལ། སྲོལ་རྒྱུན་ལ་སྙིགས་དོར་བཅུད་ལེན་དང་། དེང་རབས་ལ་ལེགས་སྤེལ་ཉེས་འགོག་གི་སྒོ་ནས་མི་རིགས་རང་གི་རྩ་བའི་ཁེ་ཕན་དང་བརྟན་བརླིང་ལ་ཡུན་རིང་རང་བཞིན་གྱི་ཕན་པ་ཡོད་ངེས་ཤིག་དང་། འགྲོ་བ་མིའི་རིགས་ཀྱི་སྤྱི་ཚོགས་སྤྱི་དང་ལྷག་དོན་བོད་པའི་སྤྱི་ཚོགས་ཀྱི་ཕྱི་ནང་སྣོད་བཅུད་ཀུན་ལ་འཕེལ་རྒྱས་ཀྱི་བཟང་འབྲས་གཡུར་དུ་ཟ་བ་ཞིག་ཡོང་བ་བྱ་རྒྱུ་དང་། ཉེན་ཁའི་རང་བཞིན་དང་། གནོད་སྐྱོན་གྱི་རང་བཞིན། གོད་ཆག་གི་རང་བཞིན་བཅས་ཀྱི་ངན་འབྲས་མི་ཡོང་བར་ཕྱོགས་སྟོན་གྱི་ནུས་པ་ཐོན་ཐབས་བྱ་རྒྱུ་ནི་རིག་གནས་འཕེལ་རྒྱས་ཀྱི་ཉིང་དགོས་ཡིན་པས་ངེས་པར་དུ་བསམ་དངོས་གཉིས་ཀྱི་དཔལ་ཡོན་དོ་མཉམ་པ་ཡོང་རྒྱུར་དོ་སྣང་དང་། མཐར་ཐུག་གི་དམིགས་ཡུལ་དང་འགལ་བའི་ཟང་ཟིང་གི་སྤྱི་ཚོགས་སྨྱོན་པ་ཞིག་དུ་འཚར་ལོངས་མི་ཡོང་བའི་འགན་ལེན་བྱ་དགོས་པ་མ་ཟད་བོད་པའི་སྤྱི་ཚོགས་ཀྱི་ཁྱད་ཆོས་དང་ཡང་མཐུན་པ་བྱ་དགོས།
  གསུམ་པ། ཁོར་ཡུག་གམ་འཛུགས་སྐྲུན་གྱི་ཐད་ནས་བྱ་ཐབས་ལ། རང་བྱུང་གི་ཆོས་ཉིད་དང་མཐུན་པའི་སྒོ་ནས་མི་རིགས་ཀྱི་ཚོས་གཞི་དང་འཛུགས་སྐྲུན་གྱི་མཛེས་པ་གཉིས་འགལ་མེད་དུ་འགྲོགས་ཤིང་དུས་རབས་ཀྱི་ཉམས་འགྱུར་གསར་པས་ཕྱུག་པ་དང་། ཞི་བདེ་དང་བག་ཕེབས་ཀྱི་ཚོར་སྣང་སྟེར་ཐུབ་ངེས་ཤིག་ཨེ་ཐོན་བལྟ་བ་ལས། མི་རིགས་ཀྱི་གསོན་ཉམས་དང་། འཕེལ་རྒྱས་ཀྱི་རྣམ་འགྱུར་གཉིས་ལྡོག་ཟླར་གྱུར་ཅིང་། གཅིག་ཤི་གཅིག་གསོན་གྱི་ངན་འབྲས་མི་ཡོང་བ་བྱེད་དགོས།
  བཞི་པ། མཇུག་བསྡུ་བ། མདོར་ན་མི་རིགས་འདི་ཇི་སྲིད་བསྐལ་པའི་བར་་་འཇིག་རྟེན་འདིར་འཚོ་ཞིང་གནས་དགོས་ན། རིགས་གནས་ནི་མི་རིགས་ཀྱི་རྣམ་ཤེས་དང་། ཁོར་ཡུག་དང་འཛུགས་སྐྲུན་སོགས་ནི་མི་རིགས་ཀྱི་གཟུགས་ཕུང་ཡིན་པས་རིགས་གནས་ལ་མི་རིགས་ཀྱི་བྲོ་བ་ཡོད་ན་དབང་པོ་དང་རྣམ་ཤེས་བདེ་ཐང་ཡིན་པ་དང་། ཁོར་ཡུག་དང་འཛུགས་སྐྲུན་ཆས་གོས་སོགས་ལ་མི་རིགས་ཀྱི་བྲོ་བ་ལྡན་ན་གཟུགས་གཞི་བདེ་ཐང་ཡིན་པའི་རྟགས་ཡིན་ནོ།
 
                               ༢༠༡༡ལོའི་ཟླ་༡༢པའི་ཚེས་༢༢དགོང་མོར།

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

མི་རིགས་འཕེལ་རྒྱས་ཀྱི་གནད་དོན་གླེང་བ།

2011-12-30 ཕན་ཤུལ་འཆི་མེད་དབང་འདུས། ཀློག་གྲངས། མཆན ཡོད།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།