ཨ་རིའི་ལྷ་འདྲེའི་བག་ཆགས་བོད་ལས་མཐུག

            ལྷ་འདྲེ་བག་ཆགས་ཀྱིས་མང་གཙོ་དང་རང་དབང་ཐོབ་ཐུབ།
   ཨ་རི་ནི་མི་ལ་ལས་བཤད་ན་མི་ཡུལ་གྱི་ལྷ་ཡུལ་ཡིན་ཟེར།   ཕྱི་བཞུགས་བོད་མི་ཁ་ཤས་ཀྱིས་ཟེར་སྲོལ་ལ་དེ་ནི་ནུབ་ཕྱོགས་བདེ་བ་ཅན་གྱི་ཞིང་ཁམས་ཡིན་ནི་རེད་ཟེར།  རྒྱ་མི་འགའ་རེ་ལབ་ན་དེ་ནི་གསེར་གྱི་འཇིག་རྟེན་ཞིག་ཡིན་སྐད།   ཁོ་བོས་བསམ་ན་ཨ་རི་ནི་ལྷ་འདྲེ་བག་ཆགས་ཀྱི་བཟི་ཁ་བཙན་པའི་རང་དབང་དང་མང་གཙོའི་རྒྱལ་ཁབ་ཅིག་རེད་འདུག    གཅིག་བྱས་ན་ལྷ་འདྲེ་བཟི་ཁ་བཙན་པ་དེས་མང་གཙོ་དང་རང་དབང་ལ་མངར་ཁ་བྱུང་བ་ཡིན་ལ། མང་གཙོ་དང་རང་དབང་ལ་མངར་ཁ་ཡོད་པས་ལྷ་འདྲེ་བག་ཆགས་ལ་སྔར་ལས་བཟི་ཁ་བཙན་པ་ཡང་ཡིན་སྲིད།   སྤྱིར་མང་གཙོ་མ་རྩ་རིང་ལུགས་དང་གུང་ཁྲན་སྤྱི་ཚོགས་རིང་ལུགས་གཉིས་ཀྱི་དབྱེ་མཚམས་ནི་དཔལ་འབྱོར་གྱི་རིག་པའི་རྣམ་བཞག་མ་འདྲ་བས་ཡིན་མོད་།    ལྷ་འདྲེ་བག་ཆགས་ཚུད་པའི་རྒྱུན་སྲོལ་ཤེས་བྱ་ལ་ལྟ་སྟངས་ཡང་དཀར་པོ་དང་ནག་པོ་བཞིན་ཁྱད་པར་གསལ་བོ་རེད།
  མ་ཁེ་སུའི་གཞུང་ལུགས་འོག་ལ་སློབ་གསོ་མྱང་མཁན་ཞིག་ཡིན་ན་ལྷ་འདྲེ་བག་ཆགས་ལ་འཐབ་ཅིང་རྩོད་པ་ནི་ཚད་མཐོ་བའི་འཚོ་སྒྲུབ་གལ་ཆེན་ཞིག་ཡིན་པར་འདོད་པ་དང་།  གསར་བ་འཛུགས་དགོས་ན་རྙིང་བ་གཏོར་དགོས་པར་བཤད།   སྤྱི་ཚོགས་སློབ་གསོ་སྤེལ་ཏེ་ལྷ་འདྲེ་བག་ཆགས་ལས་གྲོལ་དགོས་པར་སྒྲོག་མཁན་ནི་སྔོན་ཐོན་པ་དང་རྨོངས་དད་ལས་སད་མཁན་ཞེས་བསྟོད་བསྔགས་བྱས་ནས་མིའི་ནང་གི་མཆོག་ལ་བརྩི། སྐུ་དྲག་དང་ཕྱུག་ བདག་སོགས་གྲལ་རིམ་མཐོ་པོའི་རིགས་ངན་པ་ཡིན་པར་བསམ།
ལུགས་འདི་ལ་སྐྱོན་བརྗོད་མཁན་ཚོས་བཤད་ན་སི་ཏ་ལེན་རང་གི་ཨ་མའི་དུར་འཇུག་ལ་མ་སོང་བ་དང་།  ཉེ་སྔོན་ཀོང་ཏུང་ནས་ཡོ་ཡོ་ཟེར་བའི་བུ་མོ་ལོ་གཉིས་ཅན་ཞིག་གི་ཐོག་ལ་རླངས་འཁོར་གཉིས་གཅིག་འཕྲོ་གཅིག་ལ་འཁོར་ནས་བྲོས་སོང་བ་མ་ཟད། སྲང་ལམ་ན་ཡར་འགྲོ་མར་འགྲོ་བྱེད་མཁན་མི་བཅུ་བདུན་གྱིས་ཁོག་སྨད་ཁྲག་གིས་བརྫུས་བའི་བུ་མོ་ཆུང་ཆུང་དེ་དངོས་སུ་མཐོང་ན་ཡང་རོགས་བྱེད་མཁན་གཅིག་ཀྱང་མ་བྱུང་བའི་མིའི་རིགས་ཀྱི་ནང་མཐོང་དཀོན་པའི་བྱ་སྤྱོད་དེ་དག་གཞུང་ལུགས་དེའི་བསྐྱེད་འབྲས་རེད་ཟེར།
  མང་གཙོ་མ་རྩ་རིང་ལུགས་ཀྱི་ནང་ནས་སྐྱེས་མཁན་རྣམས་རང་དབང་གི་འཁོར་ཡུག་ཧ་ཅང་ཆེ་བས་སྡོམ་ཚིག་འཇོག་དཀའ་ན་ཡང་མང་ཆེ་བས་གཞན་གྱི་དད་མོས་དང་སྨྲ་བརྗོད་སོགས་རང་དབང་ལ་བརྩི་འཇོག་བྱེད། ཆོས་ལུགས་ཚུད་པའི་གནའ་བོའི་ཤེས་རིག་རིན་པོ་ཆེ་ལ་བརྩི།    སྐུ་དྲག་དང་ཕྱུག་བདག་སོགས་གྲལ་རིམ་མཐོ་བ་རྣམས་མིག་དཔེ་ལ་འཛིན། 
  དེ་སྔོན་ལོ་ཉི་ཤུ་ལྷག་གི་རིང་ལ་ལུགས་སྔོན་མ་དེའི་བག་ཆགས་ཀྱིས་བསྐྲུན་པའི་ཁོ་བོའི་དབང་བོའི་སྒོ་ལྔས་འདི་རེད་དང་གིན་མ་རེད་ཞེས་ཐག་བཅད་པ་ཡོད་ཚད་ལ་ལོ་བཅུ་ཕྲག་ལྷག་ལ་ལུགས་ཕྱི་མ་དེའི་བག་ཆགས་ཀྱི་ཟབ་སར་འཛུལ་ཚེ་ས་དང་གནམ།  ཤར་དང་ནུབ།    ཤ་དང་གྲི་ལྟ་བུའི་ཁྱད་པར་མི་འདྲ་བའི་ལྡོག་འགྱུར་བྱུང་སོང་།
ངའི་གྲོགས་པོ་ཞིག་གིས་དཀོན་མཆོག་གསུམ།   ཨ་མེ་རི་ཀའི་མི་རྣམས་བོད་པ་ལས་རྣམ་རྟོག་དང་རྨོངས་དད་ཆེ་བ་འདུག་ཞེས་བཤད་མྱོང་བ་ལྟར་ཨ་རིའི་ལྷ་འདྲེ་བག་ཆགས་ལ་ལོ་རྒྱུས་ཀྱི་སྟེང་རིང་ཞིང་རྣམས་གྲངས་ཀྱི་རྫོང་མཐུག་པོ་རེད།  དུས་རབས་བཅུ་བདུན་པའི་ནང་ལྷ་འདྲེ་ཁྱུ་ཚོགས་ཅིག་ཨ་རིའི་ས་ཐོག་ལ་སྐྱབས་བཅོལ་པར་བསླེབས་པ་ནས་བཟུང་རྒྱུ་སྐར་ཟླུམ་པོ་འདིའི་ཕྱོགས་ག་ས་གང་ནས་ལྷ་འདྲེ་ལ་གཡུལ་བཤམས་ནས་འཚང་འདྲི་མཁན་ཚོའི་འཇིགས་སྣང་མ་བཟོད་པར་ལྷ་འདྲེ་རྣམས་གླིང་ཆེན་འདི་ལ་རིམ་བཞིན་བཙན་བྱོལ་ལ་ཡོང་སྟེ་ཨ་མེ་རི་ཀ་ཟེར་བའི་ལྷ་འདྲེ་དཔུང་ཚོགས་འདི་གྲུབ་འདུག    
           འདྲེ་ཡི་དུས་ཆེན།
  ཁོ་བོ་ཨ་མེ་རི་ཀ་ཐོན་དུས་བཅུ་བའི་ཟླ་མགོ་ཁེལ་འདུག ང་ཚོའི་གཡས་གཡོན་གྱི་ཁྱིམ་མཚེ་དེ་དག་གི་སྒོ་དང་སྒེའུ་ཁུང་ཁར་རས་དང་འགྱིག་གིས་བཅོས་བའི་འདྲེ་འདྲ་མ་དག་དག་བཏགས་འདུག    དེའི་རྒྱུ་མཚན་ངའི་རོགས་པ་ཚོར་ཡང་གསལ་བོ་ཞིག་བཤད་རྒྱུ་མི་འདུག
  རྗེས་མ་ཤེས་དུས་དེ་ནི་ཧ་ལི་ཝིན་(Halloween )་ཟེར་བའི་འདྲེ་ཡི་དུས་ཆེན་གྱི་ཟླ་བ་དེ་རེད་འདུག   ཧ་ལི་ཝན་ཟེར་བའི་དུས་ཆེན་དེ་ནི་བཅུ་བའི་སོ་གཅིག་ཉིན་གདོན་འདྲེ་ལྟ་བུའི་མི་ཚེ་ཕར་བསྐྱལ་ཏེ་ཡི་ཤུ་ཆོས་ཀྱི་སྐྱེས་བུ་དམ་པའི་དུས་ཆེན་ཟླ་བ་བཅུ་གཅིག་གི་ཚེས་གཅིག་ཉིན་ནས་བཟུང་མི་ཚེ་གསར་བ་ཞིག་བསུ་བའི་རྟེན་འབྲེལ་སྒྲིག་པ་ཡིན་པར་བཤད། ང་ཚོ་བོད་པའི་ལོ་སར་སྔོན་དགོང་དགུ་ཐ་སྤྲུག་པ་དང་གཅིག་མཚུངས་རེད། དུས་ཆེན་འདི་དུས་རབས་ལྔ་བ་དྲུག་པ་ནས་བཟུང་ཡོ་རུབ་གླིང་དུ་དར་སྲོལ་བྱུང་བ་ཟེར།  དུས་རབས་བཅུ་དགུའི་མཇུག་ནས་ཨ་རིའི་ནང་དར་ཁྱབ་ཆེ་རུ་སོང་འདུག  དེང་སྐབས་འཛམ་གླིང་གི་ཡི་ཤུ་རྒྱལ་ཁབ་ཚང་མའི་དར་སྲོལ་ཆེན་པོ་རེད།
   ཟླ་བཅུ་བའི་ཚེས་གཅིག་ནས་ཚེས་སོ་གཅིག་བར་ཁྱིམ་ཚང་སོ་སོའི་ཁང་པའི་ནང་དང་ཕྱིའི་སྒོ་དང་སྒེའུ་ཁུང་ཁར་འགྱིག་དང་རས་སོགས་ཀྱི་འདྲེ་གཟུགས་དང་ཞྭ་འབག་ཁ་གདེང་ནས་མིག་ལྷུང་ནས་ཡོད་པ།   སྐྲ་གཟེངས་ནས་མཆེ་བ་གཙིགས་ནས་ཡོད་པ། ཀེང་རུས་དང་། སྡོམ་དང་སྡོམ་དྲ་སོགས་སྐྲག་སྣང་ཡོང་བ་མང་པོ་བཏགས་འདུག   ཕོ་བྲང་དཀར་པོའི་ནང་གི་སྲིད་འཛིན་ནས་བཟུང་དམའ་བ་ཟམ་པའི་འོག་གི་སྤྲང་བོ་ཡན་ཆད་ཀྱི་ཡི་ཤུ་ཆོས་ལ་དད་པ་བྱེད་མཁན་ཚང་མས་གདོན་འདྲེ་དུས་ཆེན་འདི་བརྩི་སྲུང་བྱེད་ཀིན་འདུག    ལྷག་པར་བྱིས་པ་རྣམས་དུས་སྟོན་འདི་ལ་རོལ་བར་ཧ་ཅང་དགའ།   ཡི་ཤུ་བ་མ་ཡིན་པའི་བྱིས་པ་ཚོས་ནང་ཡང་དུས་སྟོན་འདི་ལ་རེ་བ་བྱེད་མཁན་འདུག   དཔེར་ན།   ལོ་བདུན་ཅན་གྱི་ངའི་གྲོགས་པོ་བསྟན་འཛིན་གྱིས་་་བོད་ན་ཧ་ལི་ཝིན་ཡོད་པ་རེད་པས།  ང་ཚོར་ག་རེ་བྱས་ནས་ཧ་ལི་ཝིན་མེད་པ་རེད། ཟེར།  ང་ཚོས་ཡི་ཤུ་ཆོས་ལ་དད་པ་བྱེད་ཀིན་མེད་པས་ཧ་ལི་ཝིན་ཡོད་པ་མ་རེད།  ཞེས་བཤད་པ་ཡིན།   ཡི་ཤུ་ཆོས་ལ་དད་པ་མི་བྱེད་ན་ཡང་འབུ་སྡོམ་ག་རེ་བྱས་ནས་ཉོས་མ་ཆོག་པ་རེད།   ཟེར། ཁྱེད་ཀྱི་ཕ་མ་གཉིས་ལ་དྲིས་ཟེར་བ་ལས་ལན་རྙེད་མ་སོང་།      བཅུ་བའི་སོ་གཅིག་ཉིན་དུས་ཆེན་དངོས་གཞི་རེད།  ཉིན་དེའི་ཕྱི་དྲོ་ཉི་མ་འགྱ་ཁར་བྱིས་པ་རྣམས་ཀྱིས་ཞྭ་ནག་རྩེ་རིང་གྱོན་པ་དང་། ཡང་ན་འདྲེ་དང་ཀང་རུས་སོགས་ཀྱི་ཞྭ་འབག་གོན་ནས་འདྲེ་དང་གཅན་གཟན་སོགས་རང་གང་ལ་དགའ་ན་རང་ཉིད་དེ་བཅོས་སྟེ་ཕུམ་ཁིན་(pumpkin)ཟེར་བའི་ཚོད་ཤིང་ཟླུམ་པོ་ཞིག་ཡོད་པ་དེའི་ཁོག་པ་བྲིད་ནས་ནང་ལ་སྒྲོན་མེ་བཀར་ཏེ་འཁྱེར་ནས་ཉེ་འཁོར་གྱི་འདྲེ་གཟུགས་བཀལ་ཡོད་པའི་ཡི་ཤུ་བའི་ཁྱིམ་ཚང་དང་ཟ་ཁང་། ཚོང་ཁང་སོགས་ཀྱི་སྒོར་ཉུལ་ནས་མངར་མོ་དང་ཤིང་ཏོག་སོགས་སློང་གི་འགྲོ    དེ་ནི་ཕ་ཡུལ་ནས་ལོ་སར་ཚེས་གཅིག་ལ་བྱིས་པ་རྣམས་ལོ་སར་ལ་འགྲོ་བ་དང་འདྲ་བོ་འདུག   དགོངས་མོ་འདིར་བྱིས་པ་མ་ཡིན་པའི་རྒན་གཞོན་ཚང་མ་སྲང་ལམ་འདུ་འཛི་ཆེ་སར་རྣམ་པ་འདྲ་མི་འདྲ་བའི་འདྲེ་གཟུགས་བཅོས་ནས་མཉམ་འཛོམས་བྱེད།    འདྲེ་ཡི་ལྕགས་རྟ།
  མཚམས་མཚམས་ལ་གྲོང་ཁྱེར་ནང་གི་ལམ་ཟུར་རེ་ན་བདག་པོ་མེད་པའི་ལྕགས་རྟ་དཀར་པོ་ཞིག་གི་ཐོག་ལ་མེ་ཏོག་བཏགས་ནས་བཞག་ཡོད་པ་མཐོང་མྱོང་།   དེའི་རྒྱུ་མཚན་ཧ་གོ་མ་སོང་།   ཉིན་ཞིག་ངའི་ལས་དཀའ་ལས་སའི་སྒེའུ་ཁུང་ལས་ཕར་ཕྱོགས་ཀྱི་ལམ་མདོའི་ཟུར་ཞིག་ན་ཡང་ལྕགས་རྟ་དེ་འདྲ་ཞིག་བཞག་ཡོད་པ་ཁོ་བོས་མཐོང་ནས་ངའི་ལས་གྲོགས་རྒན་པོ་དེ་ལ་སྐད་ཆ་དྲིས་བ་ཡིན།      རྒན་པོས་སྐྱོ་ཉམས་དང་བཅས་དེ་་ང་ལ་གསལ་བོ་བཤད་རྒྱུ་ཡོད།   ཉིས་སྟོང་བཅུ་ལོའི་ཟླ་༧་ཚེས་༡༦་ཉིན་ངས་ཕྱི་ལོགས་ནས་ཐ་མག་འཐེན་ནས་བསྡོད་སྐབས་ཤིག་ལ་གད་སྙིགས་འཁྱེར་མཁན་རླངས་འཁོར་ཞིག་རྒྱུགས་ཡོང་ནས་ལྕགས་རྟ་ཞོན་མཁན་ཞིག་ལ་གདོང་ཐུག་བརྒྱབས་ཏེ་བྲོས་ཐལ།   ལྕགས་རྟ་ཞོན་མཁན་དེའི་མགོ་བགད་འདུག་པས།  དེ་མ་ཐག་ཤི་འདུག   ངས་ལམ་སང་རླངས་འཁོར་གྱི་ཨང་གྲངས་བྲིས་པ་ཡིན།       མྱུར་སྐྱོབ་ལས་ཁང་ལ་ཁ་པར་བཏང་བ་ཡིན།         ཉིན་ཁ་ཤས་ལ་སྐྱི་གཡའ་བའི་དོན་དག་འདིས་ངས་ཟ་མ་ཟ་མི་འདོད་པ་ཆགས་སོང་།   ཉིན་ཤས་རྗེས་སུ་འདས་བོ་དེའི་ཆེད་དུ་ལྕགས་རྟ་གན་བཞག་འདུག་ཟེར། དེ་ནས་ངེད་གཉིས་ལྕགས་རྟ་དེའི་རྩར་སོང་བ་ཡིན། ལྕགས་རྟ་དེའི་ཐོག་ལྕགས་ལེབ་ཅིག་གི་ངོས་སུ་འདྲེ་ཡི་ལྕགས་རྟ་ཞེས་དྲ་བྱང་ཞིག་བཀོད་འདུག        ཨ་རིའི་ནང་ལྕགས་རྟ་རྐུ་མཁན་ཧ་ཅང་མང་པོ་རེད། འདྲེ་ཡི་ལྕགས་རྟ་འདི་དག་རྐུ་མཁན་མེད་པའི་རྒྱུ་མཚན་ཅི་རེད་ཅེས་ངས་རྒན་པོ་དེ་ལ་དྲིས་བ་ཡིན།  རྒན་པོས་ང་ལ་འདི་དག་ཤི་བོ་དག་གི་ཆེད་ཡིན་པས་ཕལ་ཆེར་རྐུ་མཁན་ཞིག་ཡོད་རྒྱུ་མ་རེད་ཟེར།   སྐབས་དེར་ངའི་སེམས་ལ་བོད་ཡུལ་ན་རྐུ་རྒྱུ་རེ་རྙེད་ན་ཤི་བོ་དང་གསོན་པོ་སུ་ལ་ཡང་མི་བལྟ་བར་བརྐུས་འགྲོ་བ་བསམ་ན་ཨ་རིའི་རྐུ་མ་ཚོར་སྙིང་རྗེ་ཡོད་པ་འདྲ།    གྲོང་ཁྱེར་སྲིད་གཞུང་གིས་ཡང་གུ་ཡངས་བྱས་ནས་གཙང་གྲ་བྱེད་མཁན་ཚོས་ལྕགས་རྟ་དེ་དག་གད་སྙིགས་ནང་གཡུགས་མི་འདུག    རྗེས་སུ་འདྲེ་ཡི་དྲ་བྱང་དེའི་ཐོག་ལ་ཉུལ་བ་ཡིན།   ལྕགས་རྟ་གདོང་ཐུག་གི་དོན་རྐྱེན་ལས་སྲོག་ཤོར་མཁན་ཚོའི་ཤུལ་དུ་འདྲེ་ཡི་ལྕགས་རྟ་སློང་བའི་ལས་འགུལ་འདི་༢༠༠༢་ལོར་ཨ་རི་ནས་མགོ་བཙུགས་པ་ཞིག་ཡིན་ན་ཡང་། དེང་སྐབས་རྒྱལ་ཁབ་ཉེར་ལྔ་ལྷག་གི་གྲོང་ཁྱེར་ཉིས་བརྒྱ་དང་ལྔ་བཅུའི་ནང་འདྲེ་ཡི་ལྕགས་རྟ་ས་ཡ་བརྒལ་བ་སློང་ཡོད་པར་ཡིད་ཆེས་བྱེད་བཞིན་འདུག     
           ལྷ་ཡི་ཟླ་བ།
  དཀོན་མཆོག་ནི་ཁྱད་དུ་འཕགས་པ་དང་བླ་ན་མེད་པའི་འཇིགས་རྟེན་བཀོད་པ་པོ་ཡིན་ཟེར། དངོས་པོ་གང་ཞིག་དཀོན་མཆོག་གིས་བཟོས་པ་མ་རེད། གསར་གཏོད་པ་དང་བཟོ་བ་གང་ཞིག་གིས་གསར་བསྐྲུན་བྱས་པ་རེད་ཞེས་བཤད་ན་། དེ་བྱིས་པ་ལོ་ལྔ་ཡན་ཆད་ཀྱིས་ཡང་ལོས་ཤེས། གསར་གཏོད་པ་དང་བཟོ་བ་དང་དེ་དག་གི་བློ་བཀོད་དཀོན་མཆོག་གི་ཐུགས་སྟོབས་ལས་བྱུང་བ་ཡིན་ཟེར།    ལོ་ཉིས་སྟོང་གི་སྔོན་ལ་དཀྱིལ་ཤར་ས་ཆར་སྐྱེས་པས་རེག་མ་མྱོང་བའི་བུ་མོ་མཱ་རེ་(Mary)་ཟེར་བ་ཞིག་ལ་ཁྱེད་ལ་བྱིས་པ་ཁྱད་བ་ཞིག་སྐྱེས་བར་འགྱུར་རོ་ཞེས་དཀོན་མཆོག་གིས་ལུང་བསྟན།  བུ་མོ་མཱ་རེ་ལ་བུ་འཁོར་ནས་འགྲུལ་བཞུད་སྐབས་ཤིག་ལ་ལུག་ར་ཞིག་གི་ནང་དུ་ཡི་ཤུ་ཟེར་བའི་སྐྱེས་བུ་དམ་པ་དེ་འཁྲུངས། ཁོང་གི་ཡབ་ནི་དཀོན་མཆོག་རང་ཡིན་པར་ཡིད་ཆེས་བྱེད། ཡི་ཤུ་ཁོང་གིས་མི་ཚེ་ལ་འགྲོ་དོན་མཛད། འགྲོ་དོན་དུ་སྲོག་ཤོར། ཁོང་འཁྲུངས་སྟེ་ལོ་༤༠༠་རྗེས་ནས་བཟུང་རྗེས་འཇུག་པ་ཚོས་ཁོང་གི་འཁྲུངས་སྐར་ལ་དགའ་སྟོན་བྱས་པ་ཡིན་པར་བྲིས་འདུག   དེང་སྐབས་འཛམ་གླིང་གི་མིའི་བརྒྱ་ཆ་སོ་གསུམ་(༣༣༠༠༠༠༠༠༠༠)ཡི་ཤུ་ཁོང་གི་རྗེས་འཇུག་པ་ཡིན་ཟེར། 
  ཨ་རིའི་ནང་ཟླ་བ་བཅུ་གཅིག་པའི་གཟའ་འཁོར་མཐའ་མའི་གཟའ་ཕུར་བུའི་ཉིན་བཀའ་དྲིན་རྗེས་དྲན་ཉིན་མོ་ཞེས་བྱ་ཁྲེར་ཁེ་(turkey)ཤ་ཟ་བའི་ཕྱིས་ཉིན་གཟའ་པ་སངས་ཉིན་མོ་ནག་པོ་ཞེས་ཚོང་འདུ་ཉིན་མོ་དེའི་རྗེས་ནས་སྐྱབས་མགོན་ཡི་ཤུ་འཁྲུངས་སྐར་དངོས་གཞི་ཟླ་བཅུ་གཉིས་པའི་ཚེས་ཉེར་ལྔ་བར་ལ་དགེ་བའི་ཟླ་བ་འམ་ལྷ་ཡི་ཟླ་བ་ཟེར། ཟླ་གཅིག་མ་ཟིན་ཙམ་གྱི་རིང་ལ་འཁྲུངས་སྐར་མཆོད་བཤམ་ལ་གཞུང་འབྲེལ་དང་གཞུང་འབྲེལ་མིན་པའི་ལས་ཁུངས་དང་ཟ་ཁང་། ཚོང་ཁང་དང་མགྲོན་ཁང་སོགས་སུ་ཐང་ཤིང་གསར་སྐྱེས་བཙུགས་ནས་ཐོག་ལ་གློག་སྒྲོན་སྣ་ཚོགས་སྒྲོན་པར་བྱེད།  དཔེར་ན། ད་ལོ་ཕོ་བྲང་དཀར་པོའི་ནང་ཁྲུ་༡༩་ཅན་གྱི་འཁྲུངས་སྐར་ཐང་ཤིང་བཤམས་ཡོད་པར་མ་ཟད།  ཟླ་༡༢་བའི་ཚེས་༡་གི་དགོང་མོར་སྲིད་འཛིན་ཨོ་བྷ་མས་ཨ་རིའི་རྒྱལ་ཁབ་ཀྱི་ཡི་ཤུ་འཁྲུངས་སྐར་སྡོང་བོའི་མཆོད་གློག་སྦར་བའི་མཛད་སྒོ་ཕོ་བྲང་དཀར་པོའི་ཉེ་འདབས་སུ་སྤེལ་བ་ལྟ་བུ་རེད།
  མཆོད་གློག་མཛད་སྒོའི་ཐོག་ཨོ་བྷ་མས་ང་ཚོ་དཀོན་མཆོག་ལ་དགའ་བར་མ་ཟད་ང་ཚོའི་སྤུན་ཟླ་ཡོངས་ལ་ཡང་རང་ཉིད་ནང་བཞིན་དགའ། དཀོན་མཆོག་གིས་ཁོ་བོ་སྒེར་ལ་ཡང་སྙིང་སྟོབས་གནང་ཡོད། ཟེར་བ་དང་།  སྟོན་པ་ཡི་ཤུ་ཡི་གསུང་ང་ཚོའི་སེམས་ལ་འཛིན་རྒྱུ་ཙམ་མ་ཡིན་པར་ལག་ལེན་ལྟར་དགོས། ང་ཚོ་སུ་ཡིན་མིན་དང་། གང་ནས་ཡོང་བ། ཇི་ལྟར་ལྷ་ལ་སྐྱབས་སུ་འགྲོ་མིན་ནི་གལ་ཆེན་པོ་མ་རེད། འཁྲུངས་སྐར་དུས་ཆེན་འདིས་ང་ཚོ་ཡོད་ཚད་གཅིག་ཏུ་སྒྲིལ་བ་དེ་ངོ་མཚར་བ་རེད། ཟེར།   ཁྱད་པར་དུ་ཡི་ཤུ་རྗེས་འཇུག་གི་ཁྱིམ་ཚང་ཚོའི་ནང་ཐང་ཤིང་གསར་སྐྱེས་རེ་བཙུགས་ནས་མགོར་གློག་སྣ་ཚོགས་སྦར་བར་བྱེད། དེའི་འོག་ལ་བཟའ་མི་རེ་རེ་ངོས་ནས་ཕན་ཚུན་ལ་ལག་སྐྱེས་རེ་ཉོས་ཏེ་ཐུམ་བརྒྱབས་ནས་བཞག་ཡོད་པ་ཚེས་ཉེར་ལྔའི་ཞོགས་པ་ཁ་ཕྱེས་སྲོལ་འདུག
  ལག་སྐྱེས་དེ་དག་ནི་སན་ཊ་(santa)་ཟེར་བའི་མི་ཞིག་གིས་བྱིས་པ་ཡར་རབ་རྣམས་ལ་ཁྱེར་ནས་ཡོང་བར་སྒྲུང་བཤད།   སན་ཊ་ནི་ཕྱི་ལོ་༢༧༠་ནང་གྷི་རེ་སིའི་ཡུལ་ལ་སྐྱེས་བའི་ཡི་ཤུའི་རྗེས་འཇུག་གི་ཆོས་པ་ཞིག་ཡིན།   དེ་ནས་རིམ་བཞིན་ཡི་ཤུ་འཁྲུངས་ཟླའི་ནང་སན་ཊ་ཡིན་ཟེར་བའི་རྒན་པོ་སྨ་ར་དཀར་པོ་ཅན་ཞིག་གིས་ལྭ་བ་དམར་པོ་གོང་བ་དཀར་པོ་ཅན་ཞིག་གྱོན་ནས་ཁ་གཡང་བརྗོད་པའི་ལུགས་སྲོལ་དུས་ད་ལྟའི་བར་བྱུང་། སྤྱིར་འཁྲུངས་ཟླ་འདིའི་ནང་ཚོང་ཁང་དང་ཟ་ཁང་སོགས་སུ་མགོ་སེར་པོ་ཅན་མང་ཆེ་བས་ཕན་ཚུན་ལ་ཡི་ཤུ་སྐྱེས་སྐར་ལ་སྐྱིད་པར་ཤོག་ཞེས་བརྗོད་སྲོལ་འདུག     མགོ་སེར་རྣམས་གཞན་གྱི་དད་པ་ལ་བརྩི་འཇོག་ཆེ་བས་ཨེ་ཤ་ཡའི་མི་སོགས་ཡི་ཤུ་བ་ཡིན་མིན་གསལ་བོར་མི་ཤེས་མཁན་རྣམས་ལ་གུང་གསེང་ལ་སྐྱིད་པར་ཤོག་ཟེར་བ་ལས་ཡི་ཤུ་སྐྱེས་སྐར་ལ་སྐྱིད་པར་ཤོག་མི་ཟེར།
  དེང་སྐབས་འགྱིག་གིས་བཅོས་བས་ཡི་ཤུ་སྐྱེས་སྐར་སྡོང་བོ་ཡོད་ན་ཡང་ནུབ་ཕྱོགས་པ་རྣམས་རྒྱུན་སྲོལ་གྱི་ལྟ་བར་རྙིང་ཞེན་ཆེ་བས་གསར་སྐྱེས་ཀྱི་ཐང་ཤིང་ལས་འགྱིག་སྡོང་འཛུགས་མཁན་ཉུང་ཉུང་རེད།   ཡི་ཤུ་བ་བཞི་ཆ་གཅིག་གིས་ཐང་ཤིང་འཛུགས་བཞིན་ཡོད་པའི་དབང་དུ་བཏང་ན་ལོ་རེ་རེ་བཞིན་ཡི་ཤུ་འཁྲུངས་ཟླའི་ནང་གསར་སྐྱེས་ཐང་ཤིང་ས་ཡ་དྲུག་བརྒྱ་བཅད་ནས་ཡི་ཤུ་སྐྱེས་སྐར་ལ་གཤམ་རྗེས་གད་སྙིགས་ནང་དོར་བཞིན་ཡོད་པ་ལ་བསམ་ན་ནུབ་ཕྱོགས་པས་འཁོར་ཡུག་སྲུང་སྐྱོབ་ཟེར་བ་ནི་ཁ་སྟོང་ནང་གི་ཚིག་སྟོང་རེད།
  ཟླ་བ་འདི་ནི་ནུབ་ཕྱོགས་པ་རྣམས་ལ་མཚོན་ན་སྤྲོ་སྣང་ཆེ་ཤོས་དང་འགྲོ་སྒོ་ཆེ་ཤོས་ཀྱི་ཟླ་བ་ཡིན་པར་མ་ཟད་ཟང་ཟིང་ཆེ་ཤོས་ཀྱི་ཟླ་བ་ཞིག་ཀྱང་རེད།

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

ཨ་རིའི་ལྷ་འདྲེའི་བག་ཆགས་བོད་ལས་མཐུག

2011-12-28 ཨ་རིའི་བོད་པ། ཀློག་གྲངས། མཆན ཡོད།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།