ཞིང་གྲོང་གི་འགྲུལ་བཞུད།

ཧོར་ནག་པ་འདྲེ་མིག མཆོད་མེ་བོད་ཀྱི་རྩོམ་རིག་དྲ་བ། 2011-12-22

  ད་ལྟ་ང་རྒྱང་རིང་བའི་ཁྲིན་ཏུའུ་གྲོང་ཁྱེར་ན་ཡོད། ཕ་ཡུལ་གྱི་ཞིང་གྲོང་དང་བར་ཐག་སྤྱི་ལེ་སྟོང་ཕྲག་གིས་བཅད། ང་ལ་ཆོ་འཕྲུལ་དང་མཐུ་ནུས་མེད་ལ་མངོན་ཤེས་ཡང་མེད། ཡིན་ཡང་ང་ཆགས་ཐོགས་མེད་པར་ཞིང་གྲོང་ལ་སྐད་ཅིག་གིས་འགྲུལ་བཞུད་དུ་འགྲོ་ངེས། རྒྱུ་མཚན་ང་ནི་ཕ་ཡུལ་གྱི་བུ་ཕྲུག་དང་ཕ་ཡུལ་ནི་ང་བསྐྱེད་པའི་མ་ཡུམ་རེད་ལ། སེམས་པ་འདི་ཕ་ཡུལ་དང་ཕ་ཡུལ་སེམས་པར་གྲུབ་པས་རེད། དེ་བས་ང་ཞིང་གྲོང་དུ་འགྲུལ་བཞུད་བྱེད་པར་རང་སེམས་སུ་འགྲུལ་བཞུད་ཐེངས་གཅིག་བྱས་པས་ཆོག
 
གོམ་པ་གཅིག     གོམ་པ་གཉིས    གོམ་པ་ལ་གོམ་པ་བཞག་པས་ང་ཕ་ཡུལ་དང་ཉེ་བར་བཅར། ཨ་སྔོན་ནི་དགུང་ན་མཐོ། དོག་མོ་ནི་ས་ན་ཡངས། ང་ཕ་ཡུལ་དུ་མངོན་སུམ་གྱིས་ཐོན་ལ་ཡོད་པ་འདྲ། ལམ་འགྲམ་དུ་གྱང་ཆག་སྐྱ་བོ་ཁ་ཟད་ཅིག་ཡོད་ལ། དེ་ནི་ངོ་ཤོར་བའི་ཡུགས་ས་མ་ཞིག་དང་འདྲ་བར་ཐབས་ཆག་གིས་སྐྱ་ཐག་ཏུ་གྱུར་ཡོད་ཅི་ང་། བར་བར་དུ་ཧྭ་ཤོ་དང་སེར་ཁ་རིང་བོ་རེ་གྱང་ཁ་ནས་གྱང་རྟིང་གི་བར་དུ་ཤོར་འདུག གྱང་ཁ་ན་ཆགས་པའི་སྔོ་དྲེག་གི་རིམ་པ་ལེབ་མོ་སྲབ་ཞིང་སྲ་བ་དེའི་གདན་སྟེང་ན་རྩྭ་ལྡུམ་ཕྲན་ཕྲན་གྱིས་ཕྱག་སོར་གྱང་ཁའི་གཡས་གཡོན་དུ་བརྐྱངས་ནས་སུ་ཞིག་ལ་མགྲོན་འབོད་གཏོང་བ་ལྟར་གཡུག་གཡུག་བྱེད། གྱང་རྟིང་ན་ནག་ཀོང་ངེར་ཁུང་བུ་འགའ་རེ་ཡོད་པ་དེ་ནི་རྒྱབ་ཀྱི་ཞིང་ཁ་ན་ནམ་རྒྱུན་སྨྱོ་ཧམ་བག་ཡངས་ཀྱིས་འགྲོ་རྒྱུགས་བྱེད་ཀྱིན་པའི་བྱི་ལོང་དང་བྱི་བའི་ཚོགས་ཀྱི་བསྟི་གནས་ཡིན་པ་སྨོས་ཅི་དགོས། ཐང་རྒོད་དུ་གྱུར་ནས་ཡུན་རིང་ལུས་པའི་ཀླད་ཆ་དེའི་སྟེང་ན་ཁྱིམ་ཚང་ཞིག་གིས་ལོག་རྒྱག་བཞིན་འདུག    རྨོན་ཕྱུགས་གཉིས་ནི་ཟུངས་ཟད་དེ་སྐམ་རིད་དུ་གྱུར་འདུག་ལ་བར་བར་དུ༸ཨིན་ཧིན༸ཞེས་པའི་དཀའ་ཚེགས་ཆེ་མདོག་དང་མི་འདོད་པའི་སྒྲ་རེ་ཡང་སྣ་ཁུང་ནས་འབྱིན་པར་བྱེད། རྨོན་ཕྱུགས་འདི་གཉིས་འདི་འདྲའི་ཤ་ཤེད་ཀྱིས་མ་བཅིངས་པས་རྨོན་ཕྱུགས་ཕོ་དེའི་རྔམ་ཟིལ་དང་གཟི་བརྗིད་ཅིག་ཅར་དུ་བཅོམ་པར་བྱས་ཡོད་ཀྱང་མོ་དེའི་སྐྱེས་གཟུགས་ལ་སྔར་མེད་པའི་ཕྲ་ལྡེམ་བསྩལ་ཏེ་མཛེས་པ་ལ་ཁ་སྣོན་བརྒྱབ་ཡོད་པའང་གདོན་མི་ཟ། འདི་ནི་ཞིང་གྲོང་གི་དཔྱིད་དུས་སོ།།
  ང་སྔར་བཞིན་གོམ་པ་ལ་གོམ་པ་བཞག་ནས་མདུན་དུ་འགྲོ་བཞིན་ཡོད། སེམས་པ་ལ་སེམས་པ་བཞག་ནས་ལྐོག་ཉན་དང་ལྐོག་ལྟ་རེ་བྱེད་དུས་སེམས་པ་འདི་སོས་དལ་མེད་པར་རླབས་རྒྱུན་ལྟར་འཕྱོ་འཇགས་བྱེད་ཅིང་། རྒྱ་མཚོ་ལྟར་གཏིང་ཟབ་པར་འདུག རྒྱ་ཆེ་བར་འདུག     ཨོ་རེད་དེ།   ངའི་མིག་གི་མཐོང་ལམ་དུ་ཞིང་གྲོང་གི་ཞིང་ཁའི་ལོ་སྙེ་དེ་སྣང་ཡོང་། ནམ་རྒྱུན་མགོ་ནག་མི་འདིས་མི་གསལ་གསང་འཕྲུལ་གྱི་ལྐོག་ཏུ་གྱུར་བའི་ཆོས་གང་མངོན་སུམ་དང་སྦྱར་ནས་སྟོན་པ་དང་མཚོན་པར་བྱེད་ཀྱིན་འདུག   དཔེར་ན་རྒྱ་སེའི་མེ་ཏོག་གིས་ཁ་དོག་བཀྲ་བའི་བརྩེ་དུང་མཚོན་པ་དང་གློག་དམར་གྱིས་སྐད་ཅིག་མའི་ཆོས་དང་མྱུར་མགྱོགས་ཀྱི་འགྲོས་ཚད་མཚོན་པ། མེ་ལྕེས་ཞེ་སྡང་སྟོན་པ་ལྟ་བུའང་ཡོད་དེ་ངས་སེམས་པས་ལོ་ཞིང་སྟོན་འདོད་ལ་ལོ་ཞིང་གིས་སེམས་པ་མཚོན་འདོད། མི་མཐའ་མེད་པའི་ཞིང་གྲོང་གི་ཁོར་ཡུག་ཀུན་ཏུ་ལྗང་མདོག་གི་ལོ་ཡི་སྙེ་མས་མགོ་བོ་ནར་མོ་དགུང་དུ་བཏེགས་ཤིང་བསིལ་འཇམ་ལྷོད་བག་གིས་ལྡང་ཡོང་བའི་དྲི་བཞོན་བུ་མོའི་འོ་སྦྱོར་རེ་དང་ལྷན་དུ་མཉམ་དུ་འགྲོས་གཅིག་གིས་སྐབས་རེར་གཡས་འཁྱོག་བྱེད་ཅིང་ལན་རེར་གཡོན་ཉལ་གནང་། དེའི་གསེབ་ན་ཐོ་རེར་འགྲེང་བའི་ཡུག་པོ་མགོ་ནག་དེ་དག་ནི་མི་དམངས་ཀྱི་བདེ་འཇགས་དང་ཁེ་ཕན་ལ་གཅེས་སྲུང་བྱེད་པའི་སྤྱི་བདེ་མི་སྣ་རེ་དང་ཡང་དག་མཚུངས། ལོ་རླབས་ཀྱི་རྒྱ་མཚོའི་དབུས་ནས་རླུང་གི་འགྲོས་དང་བསྟུན་ཏེ་ལོ་ཁར་གཡེང་ཡོང་བ་ནི་མགྲིན་པ་གཉའ་ཤིང་གི་བུ་གར་ཚུད་པའི་རུས་སྦལ་ལོང་ཞར་ལྟ་བུའི་ཤེས་རྫོགས་གཟུགས་མཛེས་དང་སྐེད་སྐབས་ཕྲ་ལྡེམ་གྱི་ཞིང་གྲོང་གི་གཞོན་ནུ་མ་དེ་དག་རེད། དཀར་ནག་གི་དབྱེ་མཚམས་གསལ་ཞིང་དྭངས་པའི་མིག་འབྲས་དེ་དག་ལས་ཡིད་འོང་དྭངས་གཙང་དང་ལྷད་མེད་ལྷག་བསམ་གྱིས་བསྟར་ལ་བརྒྱུས་པའི་ཁ་བཏགས་དཀར་བོ་རེ་རེ་འཛུམ་ཏེ་འོངས་ཞིང་། བསིལ་རླུང་གིས་བྱིལ་བྱིལ་བཏང་བའི་ཤ་ཁ་འཇམ་པའི་བཞིན་རས་ལས་མུ་ཏིག་གཞོང་བར་འཕྲད་པ་ལྟ་བུའི་སྙན་ལྷང་གི་སྣ་གླུ་ཐན་ཐུན་རེའང་བཏང་ཡོང་ལ། དེ་དང་བསྡོངས་ནས་རི་བོའི་ཕར་འགྲམ་གྱི་རྩྭ་ལྗང་སྟུག་པོའི་གསེབ་ན་བ་རྡོ་ནག་ཀྲིག་གསུམ་གྱི་སྟེང་དུ་འོ་ཇ་དཀར་བོ་དུང་འདྲ་བ་རེ་བསྐོལ་རྗེས་རྩྭ་ཀུ་ཤ་རེ་སོ་བར་དུ་བཙུགས་ནས་རྒྱང་རིང་གི་ལྗོངས་ལ་མིག་གཡེང་བྱེད་ཀྱིན་པའི་ཕྱུགས་རྫི་བོའི་རི་གླུའང་མཆེད་ཡོང་།
  དྲི་བཞོན་བུ་མོ་ནི་གནམ་སའི་དབར་གྱི་ཆེས་གོང་བདེ་ལ་རྒྱུགས་ཆེ་བའི་ཕོ་ཉ་བ་ཞིག་སྟེ། དེས་ཞིང་གྲོང་ལ་མིག་གི་ལམ་དུ་གཞི་རྒྱ་ཆེ་བའི་ལྗང་མདོག་གི་མཚོ་མོ་བསྐྱིལ་ཡོང་ལ། རྣ་བའི་ཡུལ་དུ་གཞོན་ནུ་ཕོ་མོའི་མཛའ་གླུ་དང་རི་དྭགས་ཕོ་མོའི་མགུར་དབྱངས་བསྒྲིགས་ཡོང་། ཡིད་ཀྱི་ངོས་སུ་བདེ་ཚོར་དང་ལྷོད་ཡངས། རང་དབང་། མཛེས་སྡུག སྤྲོ་སྐྱིད། འཆམ་མཐུན། དག་ཞིང་དང་རང་བྱུང་སོགས་ཀྱང་སྣ་བར་མར་དྲི་དང་བསང་དྲི། རྩམ་དྲི་དང་མེ་ཏོག་སྣ་ཚོགས་ཀྱི་བསུང་ཞིམ་བསྐྱལ་ཡོང་བ་ནང་བཞིན་ངོ་བོ་རོ་གཅིག་ཏུ་བསྩལ་ཡོང་།
  ང་ཞིང་ཚིགས་དེ་ནས་ཡིད་བདེ་ཚོར་གྱིས་བཟི། བཟི་ཞིང་གཏན་དུ་འབྲལ་མི་འདོད་པའི་ཆགས་སེམས་ཞེ་དྲག་བྱུང་། ངས་ཅི་ཙམ་འགོར་སོང་བའང་མ་ཤེས། ནམ་མཁའ་ནས་བྱེའུ་ཅོ་ག་ཞིག་གྱེན་ནས་གྱེན་དུ་འཕུར་ཞོར་ཀྱུར་ཀྱུར་གྱི་སྐད་སྙན་བར་མེད་དུ་བསྒྲགས་བྱུང་བས་དངོས་གནས་པ་ཧི་དང་ལི་སི་ཐེ་སོགས་ཀྱི་རོལ་དབྱངས་ལ་ཉན་པ་ལྟ་བུའི་སྙན་ཆ་བྱུང་། མིན། དེ་དག་ལས་ཀྱང་རབ་ཏུ་སྙན། ཡིན་ཡང་བདེ་བ་ནི་ནམ་ཡང་མི་རྟག་སྐད་ཅིག་ཙམ་སྟེ་ང་ལ་ཡུན་རིང་དུ་ཉན་པའི་སྐལ་བ་དང་ཁོམ་ལོང་མ་བྱུང་བར་གདོན་གྱིས་བརླམས་ནས་ངའི་ཡིད་དུ་གྲོང་ཁྱེར་དྲན་ཡོང་། ༸ཤར་རླུང༸རྟགས་ཅན་གྱི་རླངས་འཁོར་དྲན་ཡོང་། རླངས་འཁོར་དེའི་དུང་སྒྲས་གྲོ་ག་གཅུས་ནས་བཅད་པ་ལྟ་བུའི་ངའི་རྣ་བ་འོན་པར་བྱས། སྐྲའི་ཉག་མ་ཁ་ཤས་ཡང་སྐད་ཅིག་གིས་དཀར་བོར་བསྒྱུར། དཔྲལ་བར་གཉེར་མ་བརྐོས་ཤིང་སེམས་པར་རྨ་ཁྲག་བཏོལ། ང་འདང་རྒྱག་དང་སོམ་ཉིའི་སྦུབས་སུ་ཚུད། ཕ་ཡུལ་གྱིས་ང་ལ་ལང་ཚོ་དང་གསོན་ཤུགས། བདེ་སྣང་དང་སྤྲོ་དགའ་སོགས་འཐོབ་འདོད་པ་མཐའ་དག་སྦྱིན་ཡོང་། ང་ཕ་ཡུལ་ལ་འཕྲོད་ཅིང་ཕ་ཡུལ་ང་དང་འཚམ། ཕ་ཡུལ་ནི་ཕལ་ཆེར་ངས་རྒྱང་རིང་གི་གྲོང་ཁྱེར་འདི་ན་དཀའ་ཚེགས་ཀྱིས་བཙལ་ཀྱང་རྙེད་ཀྱིན་མེད་པའི་མཐར་ཐུག་གི་དག་ཞིང་དེ་ཡིན་པ་འདྲ། ཕ་ཡུལ་ཨ། ང་ཁྱེད་ཀྱི་ཆེད་དུ་རོ་ལངས་རྒྱག་འདོད་ལ་བསྐྱར་ཤིའང་བྱེད་ཕོད། ང་ཁྱེད་དང་གཏན་དུ་འབྲལ་མི་བཟོད།
  དབྱར་ཁ་འདི་ལྟར་ས་ངོས་སུ་ལྷུང་གིན་པའི་བར་སྣང་གི་ལོ་མ་སེར་བོ་དེ་དང་ལྷན་དུ་སྟོན་ཁར་ལྷུང་། སྟོན་རླུང་བསིལ་བསིལ་ལྡང་སྟེ་གཙང་ཆུ་ལའང་ས་རྡུལ་ཅུང་ཟད་གོས། དེ་སྔའི་གཙང་ཞིང་འཇམ་པའི་ཁ་དབུགས་ད་ནི་ཇེ་གཙང་ཇེ་འཁྱག་རེད། སྟབས་ཁ་རེ་འགྲིག་ན་དགུང་སྔོན་དབྱིངས་སུ་ཟུག་པའི་ཁྲུང་ཁྲུང་དཀར་མོའི་ཁྱུ་དེ་གྲལ་མཉམ་གྱིས་ལྷོ་བསྐྱོད་བྱེད་པ་མཐོང་ཐུབ། ངས་དེར་མཐུད་ནས་མིག་གིས་དགུང་སྔོན་དབྱིངས་སུ་བལྟས། ཨ་ཡ་མཚར། ནམ་མཁའ་འདི་འདྲའི་དམའ་བ་ལ། ངའི་ནམ་མཁའ་སྲབ་ལ་དྭངས་པ་དེ་གང་ན་ཡོད། གཏོས་ཆེ་བའི་ནམ་མཁས་མགོ་ཐོག་ན་མར་རོ་ལྗིད་ཀྱིས་མནོན་གྱིན་འདུག འགྲེང་དུད་གཉིས་ཀྱིས་དབུགས་ཀྱང་རྔུབ་དཀའ་བར་འདུག 
  ཨོ
།   ཅི་ཁག འདི་ནི་ཁྲིན་ཏུའུ་གྲོང་ཁྱེར་རེད། གྲོང་ཁྱེར་གྱི་ནམ་མཁའ་རེད། ནམ་རྒྱུན་ངས་གྲོང་ཁྱེར་འདི་མཐོང་ཐོས་སུ་རེག་ཐེངས་རེར་སྐྱོ་ངལ་ཟབ་མོའི་སྣུམ་གྱིས་ངའི་སེམས་ཀྱི་ཤོག་དཀར་ལེབ་འཇམ་དེ་ཡོངས་སུ་ཟིན་འགྲོ། ངས་སྔར་ལྟར་གོམ་པ་ལ་གོམ་པ་བཞག་ནས་ཞིང་གྲོང་དུ་འགྲུལ་བཞུད་བྱེད་པ་ལས་གྲོང་ཁྱེར་དུ་མདུན་བསྐྱོད་བྱེད་མི་འདོད། རྒྱུ་མཚན་ཕག་ཤ་ལ་ཞེ་མེར་བའི་མི་དེས་ཕག་ཤ་མཐོང་མི་འདོད་པ་བཞིན་ནོ། ངས་གོམ་པ་ལ་གོམ་པ་བཞག་ནས་གྲོང་བར་དང་གྲོང་བར་ཉུལ། གྲོང་བར་ནི་ཡངས་ཤིང་ཆེ་བ་ཞིག་མིན་རུང་ཕལ་ཆེར་ཁྱིམ་ཚང་རེའི་སྒོ་དྲུང་ན་ནམ་མཁའ་ལྟ་བུའི་གཡུལ་ཁ་ཡངས་མོ་རེ་དང་སྤྱི་གླིང་འདྲ་བའི་ལྡུམ་ར་སྣུམ་སྟུག་རེ་ཡོད་པས་བསམ་བློའི་འཇུག་པ་ངང་གིས་ཡངས་ལ་སྤྲོ་བར་བྱེད། ལྟོས་དང་། རྟ་དྲེལ་འདིའི་ལུས་ལ་ཤ་ཤེད་རྒྱས་ཤིང་སྤུའི་སྟེང་ལ་སྣུམ་ཆུ་བྱུགས་པ་ལྟར་འོད་ཅིག་འཁྱུག་འདུག    རྒྱབ་དུ་མར་ཁུ་བསྐྱིལ་བ་ལྟ་བུའི་གསེར་ལམ་ལམ་གྱི་སྙེ་མ་དེ་བརྩེངས་ནས་བཀལ་ཞིང་གོམ་ལག་གི་འགྲོས་དང་བསྟུན་ནས་སྙེ་མ་དེ་དག་ལྡེམ་ལྡེམ་དུ་ཕར་གཡོ་ཚུར་གཡོ་བྱེད། དེ་ལ་ངལ་དུབ་ཀྱི་ཉམས་ཤིག་ཡེ་ནས་མི་འདུག རྗེས་ཀྱི་བྱིས་པ་སྣབས་ལུག་དེ་དག་ལས་ལུས་བོངས་དང་ན་ཚོད་ཅུང་ཟད་ཆེ་བ་དེའི་ལག་ཏུ་སྨྱུག་བཟོས་སློ་མ་གྲུ་ཁུགས་སུ་བསྐོན་ཏེ་འཁྱེར་ཆོག་པ་ཞིག་གམ་ཡང་ན་གསོ་ཁུག་ཆུང་བ་རེ་བཟུང་ནས་བྱིས་པ་གཞན་དེ་དག་ལ་བཀོད་པ་རྒྱག་བཞིན་སར་ལྷུང་བའི་སྙེ་མ་འཐུ་བར་བྱེད་པས། ཁོའི་ལུས་སྟེང་དུ་རང་སྟེང་གི་ང་རྒྱལ་དང་སྤྲོ་སྣང་། བྱིས་པ་གཞན་རྣམས་ཀྱི་ཡིད་སྨོན་མཐའ་དག་གཟུགས་མེད་དུ་སྤུངས་ཡོད། གཡུལ་གཅོག་འཕྲུལ་ཆས་ཀྱི་སྒྲ་དང་བསྟུན་ནས་ཆུ་ཀུབ་དང་ཤིང་ཏོག སྔོ་ཚལ་སོགས་བཙོང་བའི་ལག་སྐྱོར་འཕྲུལ་འཁོར་ཞིག་ཀྱང་སྡེ་མཐའི་ལམ་གཞུང་ནས་སྒྲ༸ཕཊ་ཕཊ༸ཀྱིས་སྡེ་དཀྱིལ་བསྙེགས་ཡོང་། སྐབས་འདིར་མ་སྲུ་ཚོས་སྤྲོ་འཛུམ་ལྷག་ལྷག་ཏུ་དགོད་ཀྱིན་སློ་མའི་ནང་དུ་ནས་འོས་འཚམ་རེ་འཁྱེར་བའམ་ལག་ཏུ་ཤོག་སྒོར་འགའ་ཐོགས་ནས་ཆུ་ཀུབ་ཉོ་བར་འགྲོ་སྲིད། ཏག་ཏག་ད་སྐབས་ནི་ཆུ་ཀུབ་ཟོས་ན་ཆེས་ཞིམ་པའི་དུས་རེད། ངས་ས་བབ་ཅུང་མཐོ་བའི་སྡེ་གོང་གི་ཞིང་ཚིགས་ཁ་ནས་འོག་གི་སྡེ་ནང་དུ་མར་བལྟ་དུས། ཞིང་གྲོང་ནི་ལས་ལ་བརྩོན་ཞིང་གསོན་ཤུགས་ཀྱིས་ཁེངས་པའི་གསེར་སྦྲང་ཁྱིམ་ཚང་ཞིག་དང་འདྲ་བར་མཛའ་བརྩེའི་ཕྱག་སོར་དམ་དམ་དུ་འབྲེལ་ཞིང་སྤྲོ་སྐྱིད་ཀྱི་སྣང་བ་གནོན་མ་ཐུབ་པར་མགྲིན་པ་ནས་ཤོར་བའི་དགོད་སྒྲ་དེ་གཡུལ་ཁའི་ལོགས་ཤིག་ན་རྔམ་བརྗིད་ཀྱིས་སིག་སིག་འདར་གྱིན་པའི་གཡུལ་གཅོག་འཕྲུལ་ཆས་ཀྱི་སྒྲ་དང་བསྡོངས་ནས༸བང་བང་༸དུ་གྲགས་ཞོར་ནམ་མཁའ་ཇེ་མཐོ་ནས་ཇེ་མཐོར་འགྱོག་པར་བྱེད།
  འོག་གི་ཁ་སྐམ་ལྕེ་སྐམ་གྱིས་སྐྱ་ཐག་གེར་རྒྱང་རིང་དུ་འཐེན་པའི་ལམ་ཕྲན་དེས་སུ་ཞིག་བྲོས་པ་ལྟར་ཤུལ་རྗེས་རྡོག་སྣེ་ནས་དཔག་ཚད་གྱི་བར་དུ་བསྐྱུར་འདུག   ང་སྡེ་གོང་གི་གདམས་ཀ་དང་གོ་སྐབས།   ཐེ་ཚོམ་དང་རེ་སྙེགས་ཀྱིས་ཁེངས་པའི་ལམ་གྱི་བཞི་མདོ་དེ་ནས་ཁ་ཕྱིར་འཁོར་ཏེ་སྡེ་གྲོང་དུ་ལོག་སྐབས། ནམ་མཁའ་ནས་བྱ་སྒྲོ་ལེབ་མོ་ལྟ་བུའི་ཁ་བའི་མེ་ཏོག་ལྷབ་ལྷུབ་སིམ་སིམ་དུ་གཞི་རྒྱ་ཆེན་པོས་ཉེ་རིང་མེད་པར་ལྷུང་ཡོང་ལ་དེ་ནི་ཨ་སྔོན་གྱི་རྒྱལ་མོས་སྤྲིན་པའི་དུམ་སིལ་དུ་གྱུར་བའི་རུས་རྐང་འཛིན་མའི་ཁུག་སྣོད་དུ་བླུགས་པ་དང་གཉིས་སུ་མེད། དེ་མ་ཐག་ས་གཞི་ཐམས་ཅད་དངུལ་དཀར་གྱི་ལྭ་བས་བརྒྱན། མ་ཎི་ལྷ་ཁང་གི་ཀླད་དང་ལུད་སྤུང་གི་འགྲམ། ཞིང་ཚིགས། ཚེར་ཕུང་། བསང་ཁྲི། སྡོང་ར། དེའུ་འབུར། ག་ས་གང་དུ།
  ཁ་བས་མར་མནན་པ་ནི་ས་རྡུལ་ཁོ་ན་ཙམ་ག་ལ་ཡིན། ཁ་བས་སྐད་སྒྲ་དང་ཟང་ཟིང་མནན། སྦག་བཙོག་དང་རྨོངས་པ་མནན། ཁ་བས་མི་མཁོ་བ་ཀུན་མར་མནན་ཏེ་མཁོ་བ་དག་ཚུར་བསྐྱལ་ཡོང་། ཁ་བས་ཞིང་གྲོང་ལ་དྭངས་གཙང་བསྐྱལ་ཡོང་། ཁ་བས་ཞིང་གྲོང་ལ་རང་གཤིས་བསྐྱལ་ཡོང་། སྦྲང་དཀར་རྩམ་པ་བསྐྱལ་ཡོང་། ས་ཞིང་གཤིན་པོར་བཏང་བས།། ལོ་ལེགས་ཡོང་དོགས་མེད།། ཁ་བས་ཞིང་གྲོང་ལ་རེ་སྨོན་ཏེ་༸གནམ་ལོ་གསར་བ༸བསྐྱལ་ཡོང་། དུས་སྟོན་དང་དགའ་སྟོན་བསྐྱལ་ཡོང་།
   དེ་རིང་ནི་ལོ་གསར་གྱི་ནངས་མོ་སྟེ་སྡེ་དཀྱིལ་དུ་ག་ས་གར་གློག་སྒྲོན་ཉི་མ་ཤར་འདྲ་རེ་བཀར་འདུག་ལ། གཉིད་ཀྱིས་སྤྲོ་སྣང་གནོན་མ་ཐུབ་པའི་བྱིས་པ་དག་གིས་མཚན་སྨག་སྲབ་མོ་དེའི་ཀློང་ན་སྐོར་དང་སྐོར་བྱས་ནས་ཤོག་སྦག་འོད་ལམ་མེར་༸སྦག་སྦག༸ཏུ་རྒྱག་པར་བྱེད། བྱིས་པ་མང་བོ་འཚོགས་པའི་དབུས་ན་བྱིས་པ་ཁ་མཁས་འགའ་རེས་རང་ཉིད་ཀྱི་གོན་པ་གོང་ཆེ་རབས་དང་ཡག་ཚུལ། རང་ཉིད་ལ་ཤོག་སྦག་དང་ཀ་ར་མང་ཚུལ་སོགས་བཤད་མཁས་པའི་སྒོ་ནས་བག་མེད་པར་བཤད་ཀྱིན་འདུག   འོན་ཀྱང་སུས་ཀྱང་སུ་ལ་ཁས་ལེན་སྟེར་མི་སྲིད། སུས་ཀྱང་རང་ཉིད་ཀྱི་གོན་པ་ནི་ཆེས་མཛེས་པ་ཡིན་པར་རློམ་ཡོད། ཡང་རེ་འགས་བྱིས་པ་གཞན་དེས་ལོ་གསར་མ་ཐོན་གོང་གི་སྔོན་ནས་རང་ཉིད་ལ་ཆད་པའི་ཀ་ར་དེ་མི་འགྱངས་པར་སྟེར་དགོས་པར་སྐུལ་མ་དང་གསལ་འདེབས་བྱེད། ཉིན་འདི་འགའི་རིང་ལ་མི་ཆེ་ཆུང་གཉིས་ཀྱིས་རྒྱུ་ཤུགས་འཛོམས་ཚོད་ཀྱིས་ལུས་ལ་གོན་པ་གསར་བ་ཆ་ཚང་རེ་གྱོན་ནས་འཛུམ་མདངས་ཤིག་ཤིག་གིས༸ཧ་ཧ ཧི་ཧི༸སོགས་ཀྱི་དགའ་སྤྲོའི་དགོད་སྒྲ་སྣ་ཚོགས་པི་ཝང་མེད་པར་ཕྱོགས་དང་མཚམས་སུ་སྒྲོག
  ངས་གོམ་པ་ལ་གོམ་པ་འཇོག་མཚམས་བཞག བར་སྐབས་ཤིག་ནས་གཉིད་སོང་བའི་ང་གཉིད་ལས་སད་བྱུང་། ད་སོ་མར་ང་རྨི་ལམ་དུའང་ཁོ་ཚོ་ལྟར་དུ༸ཧ་ཧ ཧི་ཧི༸ཡིས་བགད་ཡོད་ལོས་ཆེ། ངས་འདྲུད་ལྷམ་དེ་དྲུད་ནས་སློབ་གྲྭའི་ང་ཚོའི་མལ་ཁང་གི་རབ་གསལ་ཁ་ནས་ཕྱིར་བལྟ་དུས། ངའི་ཕ་ཡུལ་གྱི་དགུན་ཁ་དུང་གི་བུམ་པ་དང་འདྲ་ལ་དབྱར་ཁ་གཡུ་ཡི་མཎ་ཌལ་དང་མཚུངས་པའི་རི་རྒྱལ་ལྷུན་པོ་དེ་དག་མཐོང་རྒྱུ་མི་འདུག དྭངས་གཙང་གི་གནམ་སའི་ཧྲག་བར་མཐོང་རྒྱུ་མི་འདུག ཅོ་གའི་དྲུག་འགྱུར་ཐོས་རྒྱུ་མི་འདུག མར་དྲི་རྩམ་དྲི་སྣོམ་རྒྱུ་མི་འདུག ནས་ཕྱེས་སྲན་ཕྱེས་ཟ་རྒྱུ་མི་འདུག ངའི་མིག་གི་མཐོང་ལམ་དུ་ནམ་མཁས་མགོ་ཐོག་ནས་མནན་ཡོང་། ཁང་བས་གཡས་གཡོན་ནས་བཙིར་ཡོང་། རྫས་དུད་མོག་པོས་མིག་གི་མཐོང་ལམ་བསྒྲིབས། རྫོབས་དྲི་མཐུག་པོས་སྣ་བའི་བུ་ག་འགགས། འཛེར་སྒྲ་འུར་སྒྲས་རྣ་བའི་རྒྱུན་ཐག་བཅད།
  རྡོ་ཡི་བང་སོ་བརྩིགས་པའི་གྲོང་ཁྱེར་གྱི་དུར་ཐང་འདིས་ང་རང་མི་བཟད་པའི་སྡུག་བསྔལ་དྲག་པོའི་གཡང་དུ་འཕངས།
  ཨ།   ང་རྒྱང་རིང་གི་གནས་འདི་ནས་འདི་ལྟར་བཙན་གྱིས་འཆི་བར་མི་འདོད་ཨང་།

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

ཞིང་གྲོང་གི་འགྲུལ་བཞུད།

2011-12-22 ཧོར་ནག་པ་འདྲེ་མིག ཀློག་གྲངས། མཆན ཡོད།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།