ཉིན་ཐོ།

  ཁོ་བོའི་ཐག་ཉེ་ན་རྒྱ་རིགས་དགེ་བསྙེན་ཞིག་ཡོད་ལ་ཁོས་རྒྱུན་དུ་འདི་ལྟར་དྲི་བ་སྣ་ཚོགས་ཤིག་བཀོད་འོང་ལ་མི་རིགས་བར་གྱི་སྲོལ་རྒྱུན་མང་དག་ཅིག་ལ་དོགས་སློང་འདྲ་བྱས་འོང་བ་རེད།ངས་རྒྱུན་པར་ཁོ་ལ་སྐད་ལན་མང་པོ་བསྲེས་པ་མ་ཡིན་ལ་སྐད་བརྡ་ཡང་ལེགས་པོ་ཞིག་འཕྲོད་ཀྱིན་མེད།ཉིན་ཞིག་ཡང་ཁོའི་ངོ་ལ་འཛུམ་ཞིག་ཤོར་ནས་འདི་ལྟར་དྲིས་འོང་ལ་ཁྱེད་ཚོ་བོད་པ་ཚོར་བྱིས་པ་གཅིག་ལ་ཕ་མང་པོ་ཡོད་པ་དང་ཕ་ཆེ་བ་དང་ཆུང་བ་སོགས་ཡོད་པ་བདེན་ནམ་ཟེར་ངས་ཐད་གར་དེ་ལེ་ཡོད་ཁྱེད་རྒྱ་རིགས་ལ་ཡང་ཡོད་ཀི་མོ་འཛམ་གླིང་སྤྱི་ལ་ཡོད་པ་ཞིག་རེད་མོ་དཔེར་ན་ཨ་ཕའི་ཨ་ཕ་སོགས་ལ་ཡང་ཨ་ཕ་ཟེར་བ་ཡོད་པ་མཚུངས་རབ་བཤད།
  ཁོས་མགྱོགས་པོར་དེ་ལྟར་ཟེར་བ་མིན་ཆུང་མ་གཅིག་ལ་སྐྱེས་པ་མང་པོ་ཡོད་པའི་བུ་ཕྲུག་ཟེར་བ་ཡིན་ཟེར།ངས་ཁོ་ལ་དེ་འདྲ་ནི་དཔེ་མི་སྲིད་པ་ཞིག་རེད་ཁྱོད་རང་གི་བསམ་བློ་མ་བཏང་བའི་དྲི་བ་རེད་ཞེས་ལན་སྤྱིན།ཁོས་མགོ་གཡུག་ཙམ་བྱས་ནས་ཁྱོད་མི་དྲང་མོ་ཞིག་མ་རེད་ངོ་མ་བཤད་ན་དེ་འདྲ་ཡོད་པ་བདེན་པ་རེད་ཡ་སྔོན་ཁོ་བོ་བོད་ཡུལ་ལ་མ་ཐོན་གོང་རོལ་ནས་ཡིག་ཆ་ཁག་ནས་རིག་ཡོད་ལ་རྗེས་མར་བོད་མི་ཞིག་གིས་དེ་ལྟར་བཤད་པ་ཡིན་སོགས་མང་པོ་ཞིག་བཤད་སོང་།ངས་དྲང་མོ་བཤད་པ་ཡིན་ང་རང་གྲྭ་བ་ཞིག་ཡིན་པས་འདིའི་ཐད་ལ་རྒྱས་མངའ་ཆེར་མེད་པ་རེད་རང་གི་མི་ལོ་ད་བར་གོ་ཐོས་ཙམ་ཡང་ཡོད་མ་སོང་བ་ཡིན་དེ་ཙམ་གྱིས་ཡོད་མེད་ཁ་ཚོན་མི་ཆོད་ཀྱང་གང་ལྟར་ང་ཚོའི་ས་ཕྱོགས་སུ་མེད་པ་རེད་ཅེས་ལན་བཏབ།
  ཁོས་བདེན་པ་རེད་ཁྱེད་ཚོའི་ཕ་ཡུལ་ན་ཡོད་མེད་མི་ཤེས་གང་ལྟར་མཚོ་སྔོན་དང་ལྷ་ས་ཕྱོགས་སུ་ཡོད་པ་རེད་ཟེར།དེ་ནས་ངེད་གཉིས་སྐད་ཆ་མཚམས་བཞག་པ་ཡིན་ངའི་སེམས་སུ་ཁོ་རང་གི་མི་རིགས་བར་ལ་བསམ་ཕྱོགས་བཟུང་ཡོད་ས་རེད་རྒྱ་འདི་ངོ་མ་མཚར་པོ་རེད་གཅིག་ན་ཁོ་རང་རབ་བྱུང་རེད་གཉིས་སུ་བོད་ཡུལ་ནས་བསྡད་བོད་ཀྱི་བླ་མ་བསྟེན་ཡོད་ཀྱང་སེམས་སུ་འདི་འདྲའི་ཆགས་སྡང་ཤར་འདུག་བསམ།ཉིན་ཁ་ཤས་ཀྱི་རྗེས་སུ་ང་རང་ངལ་གསོ་ཞིག་དང་བསྟུན་ནས་ས་དེའི་རང་རྫོང་དེར་བྱ་བཞག་ཕྲན་བུ་ཞིག་གི་དོན་དུ་སོང་བ་ཡིན་ཉིན་གཅིག་པོར་རང་གི་བྱ་བཞག་དག་གི་དོན་དུ་ཡར་མར་ལ་སོང་ནས་འགོར་སོང་དགུང་མོ་ཕྱིར་འོང་གྲབས་བྱེད་པའི་སྐབས་དེར་རང་དང་འཛིན་གྲྭ་གཅིག་པའི་གྲོགས་པོ་ཞིག་དང་འཕྲད་སོང་ལ་ཁོའི་དངུལ་བྱང་ནང་སྒོར་མོ་ག་ཙམ་ཡོད་དྲི་དགོས་མོད་དྲི་མ་ཕོད་ནས་ཡོད་ཟེར་ད་སྔོན་མི་ཞིག་གིས་བརྟགས་པ་ན་དངུལ་བྱང་ཕྱིར་མི་འོང་ཀི་ཁོ་ལ་དཀའ་ལུས་བཟོས་སོང་ཟེར།
  ངས་ཁོ་ལ་སྐྱོན་ས་མ་རེད་ལྟོས་དང་ཅི་སྐྱོན་ཞེས་བཤད་ཁོས་བརྟགས་པ་ན་བདེན་ཏེ་དངུལ་བྱང་ཕྱིར་མི་འོང་བ་རེད་དེ་ནས་དངུལ་ཁང་གི་མགོ་ཁྲིད་བཙལ་རོགས་བྱས་ནས་བཤད་པ་ཡིན་ལ་ད་ལྟ་སྒོ་བརྒྱབས་ཡོད་པའི་སང་ཉིན་མ་རྟོགས་ལོན་ས་མ་རེད་ཟེར།དེ་ནས་ཕྱིར་འོང་བ་ཡིན་ཁོས་ཟེར་རྒྱུར་ཕྱི་ཉིན་ཁོ་ལ་རོགས་པ་རྒྱགས་དགོས་མ་རྟོགས་ཁོའི་རྒྱ་སྐད་མི་ཤེས་ཟེར་ངས་ཀྱང་ཡག་པོ་མི་ཤེས་མོད་གང་ལྟར་རོགས་བྱས་པ་ཡིན་དངུལ་བྱང་རྩ་མོ་ཞིག་གིས་ལོན་སོང་ལ་དེ་ནས་ངེད་གཉིས་རྫ་ཁོག་ཟ་ས་ཞིག་ནས་ནང་ཇ་འཐུང་བ་ཡིན།སྐབས་དེར་ངེད་གཉིས་སྐད་ཆ་སྣ་ཚོགས་བཤད་པ་ཡིན་ལ་བར་སྐབས་ཤིག་ལ་ཁོ་རང་གིས་འདི་ལྟར་ལབ་བྱུང་ཁོ་ཚོ་ཡུལ་ཤུལ་བ་ལ་འཚོང་བ་རླབས་ཆེན་ཡོད་ཚུལ་སོགས་བཤད་འོང་ལ་ངོ་མ་ཡ་མཚན་པ་མང་མང་བཤད་སོང་ལ་ཞོར་ཞིག་ནས་ཚོང་བ་བུ་སྤུན་མང་པོ་ཁྱིམ་གཅིག་ལ་ཡོད་ལ་ཆུང་མ་ཡང་་གཅིག་ཡིན་ཟེར།
  དེ་དུས་ངས་ཐད་གར་དྲན་བྱུང་ལ་རྒྱ་དེའི་སྐད་ཆ་དྲན་བྱུང་ངོ་མ་རེད་ཁྱེད་ཚོར་དེ་ལྟར་ཡོད་དམ་དེ་ནི་གཅིག་གཉིས་ཙམ་ཡིན་ནམ་ཡང་ན་མང་པོ་ཡོད་ཅེས་དྲིས་པར་ཁོས་མང་ནི་རེད་ཅེས་བཤད་བྱུང་ལ།སྔོན་མ་རྒྱ་དེས་བཤད་པ་ནང་བཞིན་རེད་ལ་ཁོ་ཚོའི་དེ་ནི་སྲོལ་རྒྱུན་ཞིག་ཡིན་པར་མ་ཟད་ཧ་ཅང་མཐོང་ཆེན་བྱེད་ཚུལ་སོགས་བཤད་འོང་བ་རེད་ལ་དེ་ངོ་མ་ཡག་པོ་ཡིན་ཚུལ་སོགས་མང་བོ་བཤད་སོང་གཙོ་བོ་བུ་སྤུན་ཚང་མ་འགྲིག་མཐུན་འོང་ཆེན་ལ་ཕན་ཐོག་ཡོད་པ་དང་ཁྱིམ་དེ་སྐྱོང་བ་ཡང་མི་མང་པོ་ཡོད་ན་ལེགས་ཚུལ་ཡང་ན་སྤུན་ཆུང་བ་དག་ལ་ཁྱིམ་གྱི་འགན་ཆེར་མེད་པས་སྐྱིད་རབས་ཡང་བཤད་སོང་།དེ་བཞིན་བུ་མོ་ཞིག་ཁྱིམ་དུ་སྡོད་པའི་དཔེ་མེད་ལ་ངེས་པར་དུ་གཞན་པའི་ཁྱིམ་དུ་འགྲོ་དགོས་ལ་དེ་བ་ཚང་ལ་སྤུན་དུ་ཡོད་ན་དེ་དག་གི་ཆུང་མ་བྱེད་དགོས་ལ་དེ་ཡང་ཕ་མ་དག་གིས་ཐག་གཅོད་པའི་སྲོལ་ཧ་ཅང་ཤུགས་ཆེ་བ་ཡོན་ཟེར།
སྐབས་དེར་ངས་ཁོ་ལ་འདི་ནི་མི་རིགས་ཡར་རྒྱས་ལ་གནོད་པ་དང་སྤུན་ཟླ་ནང་མཐུན་པར་གནོད་པ་མིན་ནམ་ཞེས་བཤད་པར་ཁོས་བཤད་རྒྱུར་དཔེ་མི་སྲིད་མཐུན་སྒྲིལ་ལ་ངོ་མ་ཕན་ནི་རེད་ཟེར་ལ་མི་རིགས་ཡར་རྒྱས་ལ་ཅུང་གནོད་ཡང་སྲིད་ཟེར།སྐབས་དེར་ངས་ཁྱེད་ཚོར་ཇོ་མོ་མང་བ་ཡང་དོན་དེས་དབང་གིས་རེད་ཁྱིམ་གཅིག་ལ་ཕོ་སྐྱེས་ལྔ་ཡོད་ཀྱང་བུ་མོ་གཅིག་ལས་མི་དགོས་པའི་མང་དག་ཞིག་གི་གནས་ཡུལ་རྙེད་ས་མ་རེད་དེས་ཕྱིར་ཇོ་མོ་མང་བ་རེད་ཅེས་ཨ་མཚར་དང་བཅས་བཤད།ཁོས་དེ་ལྟར་མིན་ཚུལ་སོགས་མང་པོ་བཤད་ཀྱང་ཧ་ཅང་བདེན་པར་མཐོང་མ་སོང་།
  ངས་ཁོ་ལ་ངོ་མ་ངས་དེ་ལྟ་བུའི་སྲོལ་ཞིག་བོད་ལ་ཡོད་པ་མ་ཤེས་བདེན་ནམ་ཞེས་ཡང་འདྲི་ཞིག་བྱས་ཁོས་ངོ་མ་ཡིན་ད་དུང་ཕ་མང་པོ་ཡོད་པའི་མི་སྐོར་ཞིག་དམིགས་བསལ་གྱིས་བཤད་ལ་ཁོ་ལ་ཡང་ཕ་གཉིས་ཡོད་པ་རེད་ཟེར།དེ་ནས་ངའི་སེམས་སུ་ཡིན་ཐག་ཆོད་སོང་ལ་མཚར་སྣང་ཞིག་ལས་ཅི་ཤར་འདི་ཤར་མེད་པ་རེད་ལ་དེས་ན་ཁྱེད་ཚོའི་ཕ་བུ་ལ་ཆེ་ཆུང་མེད་པ་ཡང་སྲིད་ལ་དེ་ལ་ཡང་ཨ་ཕ་ཟེར་དགོས་སམ་ཞེས་པར་དགོས་ནི་རེད་ཟེར།ད་དུང་དེང་སང་གསར་བུ་གསར་མོ་འགའ་ལ་རྒྱ་ཤན་ཞུགས་ནས་བཟའ་མི་གཉིས་གཉིས་གཉེན་བསྒྲིགས་པ་ཉུང་ཤོས་ཡོད་མོད་དེ་ཚོ་ཧ་ཅང་ངན་པར་བརྩི་ནི་རེད་ཟེར།དེ་ནས་ངེད་གཉིས་ཟ་མ་ཡང་ཟ་ཚར་ཡོད་ལ་སྐད་ཆ་ཡང་མཇུག་རྫོགས་ཡོད་པས་ལམ་ལ་བུད་པ་ཡིན།
  དོན་དེ་ཡུལ་ཤུལ་བའི་དངོས་ཡོད་གནས་སྟངས་ཡིན་ལ་སྲོལ་རྒྱུན་དུ་ཆགས་པ་ཞིག་ཡིན་པ་མངོན་སུམ་རེད་ལ་འདི་ནི་སྲོལ་རྒྱུན་བཟང་ངན་ཅི་འདྲ་ཞིག་ཡིན་མིན་ལ་ཁོ་བོས་ཁ་ཚོན་བཅད་མེད་ལ་མི་ཚང་མས་འདི་ཡག་པོར་བཟུང་ཡོད་དམ་ངན་པར་བཟུང་ཡོད་བསམ་ནས་ཉིན་ཐོ་ཞིག་གི་ཚན་པར་བཞག་ནས་བཀོད་པ་ལས་འདི་ལ་དགག་སྒྲུབ་སོགས་འཐད་མིན་གྱི་སྐད་ཆ་བཤད་དོན་མེད་ལ་བཤད་ཡང་མེད།

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

ཉིན་ཐོ།

2011-12-11 བཙན་ཞགས། ཀློག་གྲངས། མཆན ཡོད།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།