ནང་ཆོས་ཀྱི་སྙིང་བོ། ལས་སྣང་།

    འཇིག་རྟེན་འདི་སེམས་ཅན་གྱི་ལས་སྣང་གཅིག་པུ་ལས་གྲུབ་པ་ཡིན་པས་རང་རང་སོ་སོས་བསོད་ནམས་ཀྱིས་ཕྱི་རོལ་གྱི་ཡུལ་འདི་གྲུབ་པ་ཡིན་ཞེས་བདག་ཅག་གི་སྟོན་པ་དང་དེའི་རྗེས་འཇུག་གི་མཁས་ཤིང་གྲུབ་པའི་སྐྱེས་བུ་དམ་པ་དག་གིས་གསུངས་སོ། །དེ་ཡང་ནང་ཆོས་ཀྱི་ཚད་མཐོའི་རིག་གཞུང་དབུ་མ་འཇུག་པ་ལས།  ཆུ་འབབ་ཀླུང་ལ་ཡི་དྭགས་རྣག་བློ་ཡང་། །ཞེས་གསུངས་ནས་ཕོར་པ་གཅིག་གི་ནང་དུ་ཆུ་བླུགས་ནས་འགྲོ་བ་རིགས་དྲུག་གི་བལྟས་པ་ཡིན་ན།  ཡི་དྭགས་ལ་རྣག་དང་ཁྲག་ཏུ་སྣང་ཞིང་བཏུང་
དུ་མི་རུང་བར་འགྱུར།     ཡི་དྭགས་ལའང་འདྲ་མིན་ཅི་རིགས་ཡོད་པས་ལ་ལར་ཆུ་ཉིད་དུ་སྣང་ནས་ཆུ་དེ་འཐུངས་རྗེས་མགྲིན་པར་སླེབས་ན་མེ་རུ་འབར་ཏེ་ཚད་མེད་པའི་སྡུག་བསྔལ་མང་པོ་མྱོང་། དམྱལ་བའི་སེམས་ཅན་ལ་ཁྲོ་ཆུ་ཁོལ་མར་སྣང་ནས་ཁ་ལ་རེག་པ་ཙམ་གྱིས་མགོ་བོ་བསྲེགས་ཏེ་ཤི་བའི་སྡུག་བསྔལ་དཔེ་མེད་པ་མྱོང་།  དེ་བཞིན་དུ་འགྲོ་བ་མི་ཡིས་བལྟས་ན་ཆུ་ཉིད་དུ་སྣང་ཞིང་སྐོམ་པས་གནར་བའི་མི་རྣམས་སེམས་ཚིམས་པར་བྱེད་པས་མིའི་འཚོ་བའི་ཁྲོད་མེད་དུ་མི་རུང་བའི་ཁ་ཟས་ཤིག་ཏུ་སྣང་།  ལྷ་ལ་ནད་མེད་འཆི་སེལ་ཅན་གྱི་བདུད་རྩི་ཉིད་དུ་སྣང་། དེ་ལྟར་ཕྱི་རོལ་གྱི་ཡུལ་ན་ཅི་ཡང་མེད་ཀྱང་རང་རང་གིས་བསགས་པའི་ལས་ཀྱི་སྟོབས་ཀྱིས་བཟང་ངན་ཅི་རིགས་སྣང་བ་ཡིན་པ་ཙམ་ལས་རི་ར་བ། བྲག་ཁབ་ཁྱིམ་འདི་དག་ཚང་མ་རྫུས་མ་བསླུ་བ་ལས་བདེན་པས་གྲུབ་པ་ཞིག་མེད་ཅེས་པའི་དོན་དོན།    དེ་བས་མི་ལ་ལར་ཟས་རིགས་གང་ལ་ཡང་མི་དགའ་བར་ཞེན་པ་ལོག་པ་ལྟ་བུ་ཡོད་པ་དང་ལ་ལར་ཟས་རིགས་ཅི་ཡིན་ཡང་ཟ་བར་དགའ་བ་ལྟ་བུ་ཟས་གཅིག་ཡིན་ཡང་སྣང་ཚུལ་མི་འདྲ་བ་སོ་སོར་ཡོད་པ་མངོན་སུམ་གྱིས་མཐོང་ཐུབ་པ་ཡིན་པ་དང་། ལྷག་པར་དུ་དེང་སང་གི་མི་ལ་ལར་ས་དང་རྡོ། ཤེལ་དང་རྡོ་སོལ། ལྕགས་སོགས་ཅི་རིགས་པ་ཟ་བ་ཡོད་པ་དང་།  ཉ་རིགས་ལ་ལ་ནི་དྲོད་ཚད་༥༠བརྒལ་བའི་ཆུ་ཚན་ནང་དུ་ཡོད་པ་དང་ལ་ལ་ནི་རྒྱུན་ལྡན་གྱི་ཆུ་གྲང་མོའི་ནང་དུ་གནས་ཡོད་ཅིང་དེ་གཉིས་ཀྱི་ཁོར་ཡུག་ཕན་ཚུན་བརྗེས་པ་ཡིན་ན་གཉིས་ཀ་འཆི་འགྲོ་བ་སོགས་འདི་དག་ནི་ལས་ཀྱི་སྣང་བ་གཅིག་པུ་ལས་ཅི་ཡང་བཤད་དུ་མེད་པར་སྙམ་མོ། །དེ་བས་ང་ཚོ་བོད་མི་ཡོངས་ཀྱིས་ནང་ཆོས་ཀྱི་གནད་ངོ་མ་བོ་བདེན་མེད། བདག་མེད། རྟེན་འབྲེལ་སོགས་ལ་གོ་བ་ཅུང་ཟད་དང་ཡིད་ཆེས་ཅུང་ཟད་སྐྱེ་ཐུབ་པའི་རེ་བ་ཞིག་བཅང་ནས་འོག་གི་བསྒྱུར་རྩོམ་འདི་སོགས་ཅུང་ཟད་བྲིས་པ་ཡིན་
ནོ། །
                                      
                                         མེ་ཞགས་ཀྱིས་༢༠༡༡ལོའི་ཟླ་༡༡པའི་ཚེས་༣ཉིན།

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

ནང་ཆོས་ཀྱི་སྙིང་བོ། ལས་སྣང་།

2011-11-14 མེ་ཞགས། ཀློག་གྲངས། མཆན ཡོད།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།