བོད་གླེན་པ།༼གཉིས་པ༽

  ཉིན་འགའི་སྔོན་དུ་དཔོན་རིགས་ཤིག་གི་བུ་དང་བུ་མོ་གཉིས་མི་ཚོགས་བསྡུས་པའི་འདུ་ར་ཞིག་ཏུ་སླེབས་ཡོད་སྐད་ཐོས། དགོད་བྲོ་བ་ཞིག་ནི་མི་ཚོགས་དེ་དག་གིས་བུ་དང་བུ་མོ་དེ་གཉིས་ལ་ལུས་གུས་པས་ཐལ་མོ། ངག་གུས་པས་གསོལ་འདེབས།   ཡིད་གུས་པས་ཁ་དར་འཐེན།   དཔེ་མི་སྲིད་པའི་བླ་མ་དགེ་བའི་བཤེས་མཉེན་ཆེན་པོ་ཞིག་ཕེབས་ཡོད་པའི་སྣང་བ་སྟེར་འོང་པ་ཞིག་གདའ་ཟེར།  ཁོ་བོས་ཤེས་རྟོགས་བྱུང་བ་ལྟར་ན་བུ་དང་བུ་མོ་དེ་གཉིས་ལ་དད་འདུན་དང་རྩིས་མཐོང་ཆེ་བ་ནི་ཁོང་གཉིས་ཀྱི་ཤེས་ཡོན་དང་མི་གཞི། བློ་སྤོབས་སོགས་ལ་མ་ཡིན་པར་ཁོང་གཉིས་གནའ་སྔ་མོའི་དཔོན་རིགས་ཤིག་གི་མི་རྒྱུད་ཡིན་པའི་རྒྱུ་མཚན་ཙམ་ལས་ཅི་ཡང་མེད་པ་རེད།  བླ་ཆེན་གྱི་གཉེན་ཉེ།  དཔོན་ཆེན་གྱི་རིགས་རྒྱུད།  གནའ་བོའི་དུས་སུ།   ཇོ་ཆུང་མ་མ་གཅིག་ལབ་སྒྲོལ་གྱི་སྐུ་སྲས་དག་ལ་རྟོགས་པ་རྙེད་པའི་རྣལ་འབྱོར་པ་རྐྱང་རྐྱང་བྱོན་འདུག  བཀའ་བརྒྱུད་པའི་མེས་པོ་ཆེན་མོ་སྒྲ་བསྒྱུར་མར་པ་ལོ་ཙཱའི་སྲས་དག་ལའང་གྲུབ་ཆེན་འགའ་བྱོན་རབས་འདུག རྒྱལ་དབང་བཅོར་ལྔ་པ་ལ་སྲས་གཅིག་ཡོད་པ་ནི་མཛོད་ཆེན་ལྔ་བརྩམས་ཤིང་མདོ་སྔགས་རིག་གནས་དང་བཅས་པ་ལ་བྱང་ཆུབ་ཅིང་མཁས་གྲུབ་དམ་པ་ཀོང་སྤྲུལ་ཡོན་ཏན་རྒྱ་མཚོ་ཕེབས་རབས་ཡོད།    གང་ལྟར་གནའ་བོའི་བླ་ཆེན་དག་གི་གཉེན་ཉེ་དང་དཔོན་ཆེན་ཚོའི་རྒྱུད་པ། ཡང་ན་དཔའ་བོ་ཚོའི་གདུང་རྒྱུད་ཡིན་པ་དག་ལ་བོད་པའི་སྤྱི་ཚོགས་ཁྲོད་ནས་དགའ་བསུ་དང་ཡི་རངས།  དད་མོས་རྩི་སྐུལ་རྒྱ་ཆེན་ཐོབ་པ་རེད།   དེ་དག་ལ་ཐོབ་པའི་དགའ་བསུ།  དད་མོས། ཡི་རངས། རྩི་བསྐུརསོགས་ནི་རང་དགར་བསྡད་ནས་མི་ཆེན་ཞིག་གི་རུས་རྒྱུད་དང་གཉེན་ཉེ་ཡིན་པ་ཙམ་གྱིས་ཅི་སྟེ་ཡིན།  ཁོང་ཚོ་སོ་སོའི་ཐུན་མིན་གྱི་བྱ་སྤྱོད་རེ་རེས།  ཤེས་ཡོན་རེ་རེས།  དཔའ་སྤོབས་རེ་རེས། རང་མི་རིགས་དང་རང་གི་རིག་གཞུང་ལ་བྱས་ཆེ་འབྲིང་ཆུང་གསུམ་གང་རུང་བཞག་ཡོད་པས་རེད།  དེས་ན་དེ་དག་ལ་བརྩི་བསྐུར་དང་ཡི་རངས་བྱས་ན་ཅིས་མི་ཆོག   འོན་ཀྱང་དེང་སང་མི་དེ་ལ་ཤེས་ཡོན་མེད་ཀྱང་ཆོག མི་དེ་ལ་མི་གཞི་མེད་ཀྱང་རུང་།  བླ་ཆེན་སུ་ཞིག་གི་ཡང་སྲིད་དང་ཡང་ན་དེའི་སྲས་པོའམ་སྲས་མོ།  ཡང་ན་དཔོན་ཆེན་གང་ཞིག་གི་ཤ་རུས་ཁྲག་རྒྱུན་གཅིག་པ་ཙམ་གྱིས་མ་གོ་སྟེང་དུ་སྐུལ་ནས་སྐྱབས་ཡུལ་ཉིད་དུ་འདུ་ཤེས་པ་རེད།  མི་ཆེན་དུ་འཛིན་པ་རེད།   རིགས་མཐོ་བའི་གྲྭ་བ་ཞིག་ཡིན་ན་བསླབ་པ་རྒས་རིམ་ལ་མི་བལྟ་བར་གྲལ་གྱི་དཀྱིལ་དུ་འཇོག་ཅིང་ཆེན་པོར་རྩི།   རུས་ཆེ་བའི་མི་སྐྱ་ཞིག་ཡིན་ན་མགོ་ལ་ཞྭ་ཆེན་སྒྲོན། ལག་ཏུ་དར་རིང་ཕྱར། རྟ་ཆིབས་ཏེ་མི་སྐྱའི་གདོང་ཁྲིད་དུ་འགྲོ་བས་ཚང་མ་ལ་མི་ཆེན་དུ་སྣང་།  སྣང་ཚུལ་འདི་དག་ཀྱང་བོད་གླེན་པ་ཡིན་པའི་མཚན་མ་དོད་པ་རེད།   
                                                                     ༼མུ་འགོད༽
        ༢༠༡༡ལོའི་ཟླ་༡༠པའི་ཚེས་༡༩ཉིན་མེ་ཞགས་སུ་འབོད་པ་དེས་འབྲི་ཟླ་ཟལ་མོ་སྒང་ནས་དྲན་ཐེངས་ཤིག་གིས་ཤར་མར་སྦྱར།

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

བོད་གླེན་པ།༼གཉིས་པ༽

2011-10-27 མེ་ཞགས། ཀློག་གྲངས། མཆན ཡོད།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།