བོད་གླེན་པ།༼དང་པོ༽

   བོད་པའི་སྤྱི་ཚོགས་ཁྲོད་དུ་རིགས་རུས་ཀྱི་དབྱེ་འབྱེད་ཤིན་ཏུ་ཆེ་བས་མི་དེའི་ཀུན་སྤྱོད་དང་མི་གཞི་ལ་ཆེར་མི་བལྟ།  གལ་སྲིད་ངའི་ཕ་མེས་དང་ཡང་མེས་ཤིག་འཕྱི་ཤ་ཟ་བའི་རིགས་ཡིན་ན་ང་ཡང་འཕྱི་རིགས་སུ་བགྲངས་ནས་མཐོང་ཆུང་བྱེད།  ལྐོག་ངན་སྨྲ།  ཆུང་མ་དང་བག་མ་སོགས་འཕྱི་རིགས་ནང་ཕན་ཚུན་བླངས་ན་མ་གཏོགས་འཕྱི་རིགས་མིན་པ་ཞིག་ལེན་ཐུབ་པ་ཧ་ཅང་དཀོན།   མ་ཟད་དེའི་བུ་རབས་ཚ་རྒྱུད་དང་བཅས་པ་ཚང་མ་འཕྱི་རིགས་སུ་འཇོག་པ་རེད།   རུས་ངན་པའི་གྲལ་དུ་འཕེན་པ་རེད།    ཁྱེད་ཚོས་བསམ་མནོ་ཞིག་ཐོངས་དང་།  སྤྱིར་ན་ཕ་མའི་གཤིས་ཀས་བུ་རྒྱུད་ཀྱི་ཀུན་སྤྱོད་ལ་འགྱུར་བ་ཆེ་ཆེར་གཏོང་གི་ཡོད་ཀྱང་། ཕ་མས་འཕྱི་ཤ་ཟོས་པ་ཙམ་གྱིས་དེའི་བུ་རྒྱུད་ཀྱི་ཐོབ་ཐང་ཅིའི་ཕྱིར་བརླགས་སོང་པ་རེད། མ་གཞི་འཕྱི་ཤ་ཟོས་ན་རིགས་རུས་ངན་པར་ཅི་སྟེ་གྱུར་སོང་བ་རེད།   གཅིག་དགུ་ལྔ་བཅུ་ང་བརྒྱད་དང་དྲུག་བཅུ་ལོའི་གཡས་གཡོན་ནས་འཕྱི་ཤ་ཟ་རྒྱུ་རྙེད་ན་སྨྱོན་པ་ཡིན་ན་མ་གཏོགས་ཅིའི་མི་ཟ།   དེང་སང་ཉ་རིགས་སྣ་ཚོགས།  བྱ་རིགས་སྣ་ཚོགས།  ཐ་ན་འབུ་གྲོག་མ།  སྡོམ།  དུག་སྦྲུལ།   སྡིག་སྲིན།   ཆུ་སྲིན་ལག་བརྒྱད།  སྣག་ཉ།  བྱི་བ་དམར་རྗེན་མ།  སྤྲེའུ་གསོན་གསོན་དུ་དེའི་ཀླད་པ་ཟ་བ་སོགས་མི་སྤྱོད་ལས་འདས་པའི་ཁ་ཟས་འདི་དག་ཞིམ་ཞིམ་སྣག་སྣག་ངང་ཟོས་ཀྱང་རིགས་ངན་རུས་ངན་གྲལ་དུ་མི་འཇོག་པར་འཕྱི་ཤ་ཁོ་ན་ལ་དམིགས་གསལ་བྱེད་དགོས་དོན་ཅི།འདི་དག་ནི་དོན་ངོ་མར་བོད་གླེན་པ་ཡིན་པའི་སྒྲུབ་བྱེད་དུ་འགྲོ་བ་གོར་མ་ཆག    
  ལ་ལས་ནི། འཕྱི་བ་དང་སྤྲེའུ།  དོམ་གསུམ་མིའི་རིགས་དང་མཚུངས་པས་དེ་གསུམ་ལ་མི་མིན་མི་འདྲ་སྤུན་གསུམ་ཟེར། ཟ་མི་རུང་ཞིང་ཟོས་ན་རིགས་རུས་ངན་པར་བགྲང་བ་ཡང་དེ་གསུམ་མིའི་རིགས་དང་འདྲ་བ་ཙམ་གྱིས་བསྒྲུབས།   དེ་ཙམ་ནི་བྱིས་པ་སྐྲག་སྣང་འདོན་བྱེད་ཙམ་ལས་རྒྱུ་མཚན་གནད་དུ་སྨིན་པ་ཞིག་མིན་པར་སྙམ།  དེ་བས་དྲྭ་གྲོགས་སུས་འཕྱི་ཤ་ཟ་བའི་རིགས་འདི་ངན་པ་ཡིན་པའི་གནས་ལུགས་དང་ཡང་ན་ཁྱེད་རང་ཚོའི་ཕ་ཡུལ་ཕྱོགས་ནས་བཤད་སྲོལ་རེ་ཡོད་ན་ལྷུག་པོར་གསུང་པར་འཚལ།    
    གལ་སྲིད་འཕྱི་ཤ་ཟོས་པས་རིགས་ངན་རུས་ངན་དུ་འཇོག་དགོས་པའི་གནད་དོན་ཡོད་ན་དེ་ལུགས་སུ་འཇོག་ཆོག་ལ།    དེ་མིན་རང་དགར་མི་ཁ་རྣོ་མོ་ཞིག་གིས་རིགས་མཐུན་སྤུན་ཟླ་མང་པོ་ཞིག་ལ་མཐོང་ཆུང་དང་དམའ་སར་འཇོག་པ།     ཐ་ན་རང་གི་བརྩེ་དུངས་ལའང་རང་དབང་མེད་པར་གཏོང་བའི་སྲོལ་ངན་འདི་ངེས་པར་དུ་མྱུར་མོར་རྩ་བརླགས་གཏོང་དགོས་ཤིང་ཕུ་ནུ་མིང་སྲིང་དེ་རིགས་ཀྱི་ཕྲག་ན་དོན་མེད་དུ་ལྷུང་བའི་ལྗིད་ཏིག་ཏིག་གི་ཁུར་པོ་འདི་ཅིས་ཀྱང་སེལ་རོགས་ཞེས་རྒྱ་ཆེ་བའི་ཞིང་འབྲོག་གི་བོད་རིགས་སྤུན་ཟླ་ཡོངས་ཀྱི་སྙན་ལམ་དུ།     
                         ༼མུ་འགོད༽
                          ༢༠༡༡ལོའི་ཟླ་༡༠པའི་ཚེས་༡༩ཉིན་མེ་ཞགས་སུ་འབོད་པ་དེས་འབྲི་ཟླ་ཟལ་མོ་སྒང་ནས་དྲན་ཐེངས་ཤིག་གིས་ཤར་མར་སྦྱར།

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

བོད་གླེན་པ།༼དང་པོ༽

2011-10-27 མེ་ཞགས། ཀློག་གྲངས། མཆན ཡོད།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།