དགེ་ཆོས་དང༼ནུབ་བྱང་གི་སྙིང་སྟོབས༽

  ངས་ནུབ་བྱང་མི་རིགས་སློབ་གླིང་གླེང་དུས།དུས་རྒྱུན་དོན་དག་བཞི་ཙམ་ཞིག་སེམས་སུ་དྲན་ཡོང་གིན་འདུག། གཅིག་ནི། ང་རང་མ་སྐྱེས་བའི་སྐབས་ཀྱི་དོན་ཆེན་ཞིག་ཡིན་པ་དང། དེ་ནི་ལོ་རྒྱུས་ཀྱི་དོན་ཆེན་ཞིག་རེད། གཉིས་པ་ནི། ང་རང་ལན་ཀྲིག་དང།  ནུབ་བྱང་མི་རིགས་སློབ་གྲྭར་སྡོད་སྐབས་སུ་བྱུང་བའི་མཐོང་ཐོས་ཡིན། གསུམ་པ་ནི། ནུབ་བྱང་དང་དགེ་ཆོས་སྐོར་གྱི་དཔེ་དེབ་དང།   དེའི་རྗེས་སུ་བྱུང་བའི་གཏམ་རྒྱུད་དག་ཡིན་པ་དང།    བཞི་བ་ནི། ཉེ་ལམ་ཟི་ལིང་སོགས་བོད་ཀྱི་ས་ཁུལ་འགའ་ཤས་སུ་ནུབ་བྱང་གི་སློབ་ཕྲུག་དང་དགེ་རྒན་འགའ་ལ་འཕྲོས་མོལ་བྱུང་བ་དང་།   ལྷག་པར་ཉེ་ལམ་དྲ་རྒྱ་སོགས་སུ་ནུབ་བྱང་གི་མི་འགའ་ཤས་ཀྱིས་དགེ་ཆོས་སྐོར་ལ་བྲིས་བ་རྣམས་ལ་བལྟས་རྗེས་བྱུང་བའི་སེམས་ཀྱི་འཆར་ཚུལ་འགའ་ཤས་ཡིན།    ཧར་གྱིས་བལྟས་ན།    གོང་གི་དོན་ཚན་བཞི་ལ་འབྲེལ་བ་ཅི་ཡང་ཡོད་དོགས་མེད།    ཅི་ཕྱིར་ཞེ་ན།    དེ་དག་ནི་ཡུལ་དུས་དང་ལོ་རྒྱུས་མི་འདྲ་བ་མང་པོ་ཞིག་ལ་བརྟེན་ནས་བྱུང་བ་ཞིག་རེད།    ཡིནའང་བསམ་བློ་སྙིང་ཐག་པ་ནས་བཏང་ཡོང་དུས།    འདི་ཐམས་ཅད་ལ་འབྲེལ་བ་ཏན་ཏན་ཞིག་འདུག།
    དེ་ནི་ནུབ་བྱང་གི་དགེ་སློབ་མང་པོ་ཞིག་ལ་གསར་བརྗེའི་༼སྙིང་སྟོབས༽ཡོད་པ་དེ་རེད།  སྤྱིར་བཏང་སྙིང་སྟོབས་ཟེར་བ་འདི་ལ་ཤེས་བརྗོད་འཇུག་གསུམ་གྱི་གོ་བ་མང་པོ་ཞིག་ཡོད་ཆོག་མོད།    ནུབ་བྱང་ལ་ཡོད་པའི་སྙིང་སྟོབས་དེ་ནི།  རྙིང་བཞི་༼四旧༽སྟེ། སེམས་ཀྱི་འཁྱེར་སྟངས་རྙིང་བ། རིག་གནས་རྙིང་བ།    གོམས་སྲོལ་རྙིངབ།    སྤྱོད་པ་རྙིང་བ ༽    ལ་རྒོལ་བ་དང།    གནས་ལུགས་དང།    རྒྱུ་མཚན་སོགས་ཅི་ཡང་མེད་པར་དོན་མེད་དུ། ཁོ་ཚོའི་ཚིག་བཀོལ་ན་༼གཏོར་གཤིག༽གཏོང་ཐུབ་པའི་སྙིང་སྟོབས་དེ་རེད།    
  དང་པོ།    ནུབ་བྱང་གི་གསར་བརྗེའི་རྙིང་གཏོར་ཆེད་དུ་བཙུགས་པ་ཞིག་རེད།  ནུབ་བྱང་མི་རིགས་སློབ་གླིང་ནི།    དབུས་གཞུང་གིས་༡༩༥༠ལོའི་ཕྱི་ཟླ་༡༡བའི་ཚེས་༢༤་ཉིན་༼མི་རིགས་གྲངས་ཉུང༽གི་ལོ་ཙཱ་བ་དང།ལམ་ཁྲིད་པ་མང་པོ་ཞིག་དགོས་པའི་ཆེད་དང། མི་རིགས་གྲངས་ཉུང་གི་གཞུང་ཞབས་པ་མང་པོ་ཞིག་ལ་སློབ་གཉེར་སྤྲོད་རྒྱུ་དེའི་ཆེད་དུ་བཙུགས་པ་ཞིག་རེད། བཙུགས་པའི་དམིགས་ཡུལ་ཡང་སྤྱི་ཚོགས་རིང་ལུགས་ལ་ཞབས་ཞུ་དང། སྲིད་གཞུང་གི་ལྟ་བ་དང་ཆབ་སྲིད་རྣམས་རིམ་གྱིས་མི་རིགས་གཞན་གྱི་ས་ཁུལ་དུ་ལག་བསྟར་བྱ་རྒྱུའི་དེའི་ཆེད་དུ་རེད། དེང་དུས་སློབ་གྲྭ་དེ་རུ་ལས་ཀ་བ་སྟོང་གཅིག་དང་ལྔ་བརྒྱ་ཙམ་དང། སློབ་མ་ཁྲི་གཉིས་དང་སྟོང་གཉིས་སུམ་བརྒྱ་ཙམ་ཡོད་པར་བཤད་དོ།།
    ༼ངེད་ཀྱི་འདི་ནས་ཆེད་དུ་བརྗོད་པར་བྱ་བ་ནི།    སྔོན་གྱི་གྲངས་ཉུང་མི་རིགས་ཀྱི་སྐད་ཡིག་སྡེ་ཁག་དང། ད་ལྟའི་བོད་ཀྱི་ཤེས་རིག་སློབ་གླིང་གི་སྐོར་ཡིན་ཞིང།འདི་ཡང་གཙོ་བོ་རགས་བཤད་ཙམ་ཡིན།༽
   ནུབ་བྱང་གི་སྙིང་སྟོབས་ཀྱི་སྐོར་བཤད་ན། རིག་གནས་གསར་བརྗེ་ཆེན་མོ་ནི་མི་གླེང་ཐབས་མེད་རེད།  དེ་ཡང་༡༩༦༦ལོར་རིག་གནས་གསར་བརྗེའི་མགོ་བརྩམས་དུས། ནུབ་བྱང་གི་བོད་དང་སོག་པོའི་སློབ་ཕྲུག་རྣམས་བླ་བྲང་བཀྲ་ཤིས་འཁྱིལ་དུ་ཆས་ཏེ། ཐོག་དང་པོར་མཐའ་བའི་མི་རྣམས་དང་མཉམ་འབྲེལ་གྱིས་དགོན་པའི་མཐའི་སྐོར་གྱི་མ་ཎི་རྣམས་གཏོར་པ་དང།    ང་བརྒྱད་སྐབས་སུ་ལྷག་ལུས་ཡོད་པའི་ལྷ་ཁང་དང། ལྷག་པར་ཏུ་དཔེ་མཛོད་ཁང་སོགས་མེ་ལ་བསྲེགས་རྒྱུའི་སྟ་གོན་བྱས་དུས། དེའི་སྐབས་ཀྱི་རྒྱ་རིགས་རྫོང་དཔོན་ཞིག་གིས་དེ་ལྟར་བྱེད་དུ་མ་བཅུག་མོད།    ཁོ་ཚོས་བླ་མའི་ནང་ཆེན་སོགས་འདུས་བའི་བླ་བྲང་གི་ཕྱེད་ཀའི་ལྷག་ཙམ་དེ་དུས་མེད་པར་བཏང་བར་བཤད། དེའི་སྐབས་ཀྱི་་དམར་སྲུང་དམག་མི་དེ་ཚོ། ད་ལྟ་བོད་ཁམས་ཡོངས་སུ་ལས་ཀ་འདྲ་མིན་སྣ་ཚོགས་བྱེད་བཞིན་ཡོད་པ་མ་ཟད། དགེ་རྒན་གྱི་སྟེགས་བུར་བསྡད་པའང་མང་པོ་འདུག། དེ་བས་སྤྱིར་བཏང་དུ་བཤད་ན། གསར་བརྗེའི་སློབ་གྲྭ་དེ་ལྟ་བུ་ཞིག་ལ་གསར་བརྗེའི་རང་གཤིས་ཡོད་པ་ནི་ཏན་ཏན་རེད།
   གཉིས་བ། ཕྲན་ཆུང་དུས། དགེ་བའི་བཤེས་གཉེན་ཆེན་པོ་ཚེ་ཏན་ཞབས་དྲུང་རིན་པོ་ཆེ་ནུབ་བྱང་མི་རིགས་སློབ་གླིང་དུ་༼དེ་དུས་སློབ་གླིང་ཞེས་འབོད༽དགེ་རྒན་ལ་ཕེབས་དུས། སེམས་སུ་དགེ་སློབ་དེ་དག་ནི་ཇི་འདྲའི་བསོད་ནམས་ཆེན་མོ་དང། སྐལ་བ་ལྡན་པ་ཡིན་ནམ་ཞེས་དགའ་བ་བསྒོམས་མྱོང།    རྒྱུ་མཚན་ནི་ཕྲན་ཆུང་དུས་ནས་ཚེ་ཏན་ཞབས་དྲུང་རིན་པོ་ཆེ་ལ་དད་འབྲེལ་ཡོད་ཅིང།    ཐོག་དང་པོ་རང་གིས་ཤེས་བའི་དུས་སུ་བླ་མ་ཞིག་ལ་འཇལ་བའང་ཁོ་ཡིན།    རྗེས་སུ་མི་ཁ་ཅིག་གི་ཁ་ལས།  ནུབ་བྱང་གི་དགེ་རྒན་དང།སློབ་ཕྲུག་འགའ་ཡིས་ཁོང་རིན་པོ་ཆེ་བརྩི་བཀུར་མ་བྱས་པར།  ཁོའི་མདུན་དུ་དུ་བ་འཐེན་ཚུལ་དང།  ཞྭ་གོན་ནས་འགྲོ་ཚུལ།  ཞེ་སའི་ཚིག་གཅིག་ཀྱང་མེད་པར་ཁོང་རིན་པོ་ཆེ་ལ་དངོས་སུ་ཟུར་ཟ་དང་མཐོང་ཆུང་བྱས་བ་སོགས་བདེན་མི་བདེན་གྱི་སྐད་ཆ་མང་པོ་ཞིག་གོ་ཡོང་དུས། དངོས་གནས་ནུབ་བྱང་ནི་ག་འདྲ་ཞིག་ཡིན་ནམ་སྙམ་བྱུང་བ་ཙམ་ལས།    ནུབ་བྱང་ལ་དངོས་སུ་འགྲོ་མྱོང་བ་མེད། དེའི་རྗེས་ཏེ། ད་ལྟ་བརྩིས་པའི་ལོ་ཉི་ཤུ་ཙམ་གྱི་སྔོན་དུ།  ལན་ཀྲིག་སློབ་གྲྭ་ཆེན་མོར།    དབྱིན་ཇིའི་སོགས་ལ་སློབ་གཉེར་གྱི་སྐབས་སུ། ནུབ་བྱང་མི་སློབ་གྲྭ་སློབ་གླིང་གི་སྐད་ཆ་མང་པོ་བྱུང།    རྒྱའི་སློབ་མ་དག་ལ་ནུབ་བྱང་ལ་མི་ཟད་པའི་གདེང་འཇོག་གི་ཚད་དམའ་ཞིང། ཀུ་རེ་དང་མཉམ་དུ།དེ་ནི་སྤྱན་གཟིགས་ཁང་གཉིས་བ་༼第二高级动物园༽རེད་ཅེས་ཐེངས་མང་པོ་ལབ་པ་གོ་བྱུང།
    དེའི་རྗེས་ཕྲན་ལ་བཀའ་དྲིན་ཅན་གྱི་ཨ་རིའི་དགེ་རྒན་ཞིག་ཡོད་པ་ཕྱིར་ཨ་རི་ལ་ཕེབས་པ་དང། ཕྲན་ཡང་ཟླ་འགའ་ཤས་ཙམ་ལ་ནུབ་བྱང་མི་རིགས་སློབ་གླིང་ཏུ་སྡོད་རྒྱུའི་སྐལ་བ་བྱུང་ཞིང།    དེའི་དུས་ནུབ་བྱང་གི་དགེ་སློབ་རྣམས་ཀྱི་སློབ་གཉེར་དང་། ལུས་ངག་ཡིད་གསུམ་གྱི་སྤྱོད་པ།མི་ཚེའི་དམིགས་ཡུལ།    ལྟ་གྲུབ་སོགས་ལ་ཞིབ་དཔྱོད་བྱས་པ་མ་ཟད།    ཐོ་ཡིག་ཀྱང་བཏབ་པ་ཡིན།    ༼པོ་ཏ་ལ་གཤིག་དགོས༽འདི་ནི་ཕྲན་ནུབ་བྱང་དུ་སྡོད་སྐབས་སློབ་མ་ཞིག་གིས་ཕྲན་ལ་བཤད་པའི་སྐད་ཆ་རེད།  བདག་གིས་ཐོ་ཡིག་ཏུ་འདི་ལྟར༼བོད་རྣམས་ཀྱིས་རང་རང་གིས་ལོ་གཅིག་ལ་འབད་པའི་བསགས་པའི་མར་རྣམས།   ས་ཐག་རིང་དེ་འདྲ་ཞིག་ལ་ཁུར་ནས་སོང་ཏེ་མེ་རུ་སྒྲོན་པ་རེད།    འདི་ནི་དངོས་གནས་སྙིང་བོ་མེད་པའི་བྱ་བ་ཁོ་ནར་རེད།  པོ་ཏ་ལ་སོགས་གཤིག་པ་ཡིན་ན། རང་ནོར་རང་གིས་ཟ་བ་ཞིག་ཡོང་ཐུབ་རྒྱུ་རེད༽ཅེས་བཀོད་འདུག།
    སྤྱིར་བཏང་སློབ་ཕྲུག་དེས་སེམས་སུ་དངོས་གནས་དྲང་གནས་ཀྱི་དེ་ལྟར་དྲན་ཡོད་མེད་དེ་ལ་ང་ལ་དོགས་པ་ཡོད།    དེང་དུས་གོ་ཚུལ་ལ་སློབ་ཕྲུག་དེ་ནི་གཤིས་རྒྱུན་འཇམ་པ།    དངོས་གནས་དྲང་གནས་ཀྱི་བོད་ཀྱི་རིག་གནས་ལ་ཤ་ཚ་བ་ཞིག་རེད་ཅེས་ཐོས་མྱོང་བས། སེམས་སུ་དགའ་བ་སྒོམ་གིན་ཡོད།
    ཕྲན་ནུབ་བྱང་དུ་སྡོད་དུས། ཚོར་སྣང་ཆེ་ཤོས་ཤིག་བྱུང་བ་ནི།  སློབ་ཕྲུག་ཕོ་རྣམས་ཀྱིས་ཉིན་མཚན་མེད་པར་ཆང་འཐུང། ཕ་མ་སོགས་ལ་རྫུན་བཤད་ནས།ཕ་མའི་ཤ་ཁྲག་ལས་གསོག་པའི་དངུལ་རྣམས་ཆང་དང།  གཞང་འཚོང་མ། དུ་བ་སོགས་ཀྱི་སྟེང་བཀོལ་བཞིན་པ་དང།  བུ་མོ་རྣམས་ཀྱིས་ཉིན་མཚན་མེད་པར་གདོང་བཀྲུས། མཛེས་ཉམས་བཏོད།    ཕོ་དང་མཉམ་དུ་དགའ་རོགས་བཙལ་རྒྱུ་དེ་རེད།    དེ་བཞིན་དགེ་རྒན་རྣམས་ཀྱིས་ཀྱང་ཉིན་མཚན་མེད་པར་ཆང་འཐུང་ཉིན་མཚན་རོལ་རྒྱུ་དེ་རེད། ཁོ་ཚོ་དགེ་སློབ་གང་ཡིན་ལ།    ཕྱི་ནང་གི་ཤེས་བྱས་དབུལ་ཞིང། རང་ཚུགས་མེད་པ། རིགས་པའི་གཏད་སོ་མེད་པ་དག་ཏུ་མཐོང།    རྒྱ་ལ་བལྟས་ན།    བོད་ཀྱི་ཤེས་རིག་བཤད་ཁུལ་བྱས།    བོད་ལ་ལྟོས་ནས་རྒྱའི་རིག་གནས་དང། ཁྱད་པར་ཏུ་ནུབ་ཀྱི་རིག་གནས་ཤེས་ཁུལ་བྱས།  དོན་གྱིས་གཉིས་ཀ་ཅི་ཡང་ཤེས་མཁན་ཞིག་མེད་པར་མཐོང།  ཡིན་ནའང་བོད་ཀྱི་དགོན་པ་དང།  བླ་མ། གྲྭ་བ་དང།  དད་པ་སོགས་བཤད་ཡོང་དུས།    སྐད་མགོ་ཇེ་མཐོ་དང།མི་ཟད་པའི་ཁོང་ཁྲོ་དང།    འུར་སྒྲ་བཅས་ཡོང་ནས་ཐམས་ཅད་ད་ལྟ་མྱུར་ཏུ་བརླགས་འགྲོ་སྙམ་པའི་སེམས་ཚོར་ཀྱང་ཏན་ཏན་སྟེར།        
   སྤྱིར་བཏང་དུ་བཤད་ན།  ནུབ་བྱང་གི་བོད་ཀྱི་སློབ་ཕྲུག་ཚོ་སྐལ་ལྡན་རེད། ཚེ་ཏན་ཞབས་དྲུང་སོགས་སྔ་རབས་པ་རྣམས་མ་བཤད། ད་ལྟའང་ངེས་པ་དོན་གྱི་མཁས་པ་ཆེན་པོ། དོར་ཞི་རིན་པོ་ཆེ་སོགས་མཁས་པ་དྲང་ཚུགས་ཅན། བློ་སྟོབས་ཅན་འགའ་རེ་བཞུགས་ཡོད་མོད།  ཡང་གོ་ཐོས་སུ་དེང་དུས་སློབ་ཕྲུག་མང་ཆེ་བས། གསར་བརྗེ་བ་དོན་གྲུབ་རྒྱལ་དང་། ཞོགས་དུང།    བདུད་ལྷ་རྒྱལ་སོགས་ལ་བཀུར་བཟོ་དང།    མཐོང་ཆེན་བྱ་བཞིན་པ་ལས། གཞན་དགེ་རྒན་ཡོན་ཏན་ཡོད་པ་ཚོ་ལ་དེ་འདྲའི་དོ་སྣང་མི་བྱེད་པ་མ་ཟད།    དོར་ཞི་རིན་པོ་ཆེ་སོགས་ལ་དངོས་སུ་འཕྱ་སྨོད་དང་མཐོང་ཆུང་བྱས་བའི་སྐད་ཆ་དང། ཐ་ན་རྩོམ་འཆལ་མང་པོ་ཡང་མངོན་སུམ་དུ་མཐོང་རྒྱུ་འདུག།
   གསུམ།    སྤྱིར་བཏང་དགེ་ཆོས་ནི།    ནུབ་བྱང་ལ་འབྲེལ་བ་ཅི་ཡང་མི་འདུག།    དགེ་ཆོས་ནི་དགོན་པ་ནས་སློབ་གཉེར་བྱས། དགེ་རྒན་བསྟེན།དེ་བས་ཁོང་གི་ལྟ་གྲུབ་གང་གི་ཆ་ནས་ཀྱང་སྔོན་གྱི་སྲོལ་ལུགས་དང།  གཤིས་ལུགས་དང་མ་འབྲེལ་བ་ཞིག་གཏན་ནས་མེད།    ཡིན་ནའང་ཉེ་ལམ་ཞིག་ལ། ནུབ་བྱང་གི་གསར་བརྗེ་བ་ཚོས།    དགེ་ཆོས་འདི་ཁོ་ཚོ་དང་མཐུན་པའི་གསར་བརྗེ་བ་ཞིག་ཡིན་པར་སྒྲུབ་ཁུལ་གྱིས། དོན་མེད་ཀྱི་ཉོག་གཏམ་དང། རྨོངས་བཤད། འུར་ཆེན་པོ་བསྒྲགས་ཡོད་པ་མ་ཟད།    འཛམ་གླིང་མཁས་བ་དག་གིས་ལུགས་སྲོལ་ལྟར་བྱས་ན།    དགོད་བྲོ་བའི་འཁྲབ་སྟོན་སྣ་ཚོགས་བྱས་ཡོད་པ་ནི།    གཞན་གྱིས་བལྟས་ན་དགོད་བྲོ་བ་དང།    རང་གིས་བལྟས་ན་ངུ་བྲོ་བ་མང་པོ་བྱས་ཡོད་པ་རེད།དགོད་བྲོ་བའི་འཁྲབ་སྟོན་དེ་དག་ལ་ངོ་གནོང་བ་དང།    དགོངས་དག་སོགས་གཏན་ནས་མེད་པར།    ད་དུང་ཡིན་མདོག་མདོག་གིས་གཏམ་མང་པོ་བཤད་པ་འདིས་ཀྱང་དོན་གྱིས་ཁོ་ཚོའི་གསར་བརྗེའི་སྙིང་སྟོབས་དེ་མཚོན་ཡོད།  འདི་དཔེར་མཚོན་འགའ་བཀོད་ན།
    ཕྱི་ལོ་༢༠༠༢ལོ་ལ་མགོ་ལོག་གི་བླ་མ་ཞིག་གིས་སྦྱིན་བདག་བྱས་ཏེ། དགེ་ཆོས་ཀྱི་གསུང་རྩོམ་གསར་རྙེད་ཅེས་བ་ཞིག་དཔར་སྐྲུན་བྱས་བ་ལ། ནུབ་བྱང་གི་མེ་ལྕེ་སོགས་ཀྱིས་འདི་ལྟར།
    “དུས་རབས་གཅིག་གི་རིག་པའི་དཔའ་བོ་དགེ་འདུན་ཆོས་འཕེལ་དང་མདོ་ཆོ་མཁྱེན་བརྩེའི་སྤྲུལ་སྐུར་རང་ཐག་བཅད་པའི་མགོ་ལོག་པ་ཧཱུཾ་ཀར་རྡོ་རྗེ་གཉིས་ཤེས་རབ་དང། བསམ་བློ། སྙན་གྲགས་སོགས་གང་ཅིའི་ཐད་ནས་སྨྲས་ནའང་ཁྱེད་གཉིས་ཀྱི་བར་ལ་འདྲ་མཉམ་དང། དཔུང་བ་མཉམ་གཤིབ་ཅིག་མི་ཡོང་བ་རྣམ་དཔྱོད་ཀྱི་མིག་དང་ལྡན་པའི་ཀློག་པ་པོ་རྣམས་ཀྱི་ཧ་གོ་རེད”་༼མི་གཞིའི་སྙིང་སྟོབས།    ཤོག་གྲངས་༡༥༣༽ཅེས་བླ་མ་དེ་ལ་ཟུར་ཟ་དང།  མཐོང་ཆུང་སོགས་ཀྱི་སྐད་ཆ་འདི་འདྲ་བཤད་ཡོད་པ་རེད།    ཡིན་ནའང་དེའི་ཕྱི་ལོ་སྟེ་སྤྱི་ལོ་ཉིས་སྟོང་གསུམ་ལོའི་ནུབ་བྱང་མི་རིགས་སློབ་ཆེན་གྱི་བོད་ཀྱི་རྩོམ་རིག་དངོས་གཞི་འཛིན་གྲྭས་༼མཁས་དབང་དགེ་འདུན་ཆོས་འཕེལ་གྱི་གསུང་རྩོམ་ཕྱོགས་སྒྲིག༽ཅེས་པོད་ལྔ་ཅན་ཞིག་པར་སྐྲུན་བྱས་པ་མ་ཟད།    འཛིན་གྲྭ་ཡོངས་ཀྱི་པར་དང་བཅས་དཔེ་ཆ་རེ་རེའི་མཇུག་ཤོག་ཏུ་བཀོད་འདུག། སྤྱིར་བཏང་འདི་གལ་ཆེན་པོ་མ་རེད་མོད།    གོང་ལྟར་བླ་མ་ཞིག་ལ་འདི་འདྲའི་རྩལ་ཆེན་པོ་བཏོན་ནས་ཟུར་ཟ་དང།    མཐོང་ཆུང་སོགས་ཀྱི་སྐད་ཆ་བཤད་པའི་མེ་ལྕེ་སོགས་ཀྱིས་ནུབ་བྱང་གི་དགེ་སློབ་རྭ་བཀང་པོར་སྐད་ཆ་ཞིག་ངེས་པར་ཏུ་དགོས་རྒྱུ་ཡིན་ཡང། གོ་ཐོས་ལ་མེ་ལྕེ་སོགས་ཀྱིས་སྐད་ཆ་ཅི་ཡང་བཤད་མེད་པར་མངོན།    དེ་བས་འདིས་ག་རེ་མཚོན་གིན་ཡོད་པ་རེད་དམ་ཞེ་ན།    དེང་དུས་ཀྱི་ནུབ་བྱང་གི་གཅམ་བུ་ཚོ་ནི།    སྐད་ཆ་གཅིག་བཤད་ཀྱང་སྔ་ཕྱི་བབ་མི་ཆགས་པ།    རིགས་པའི་གཏད་སོ་མེད་པ།འཇིག་རྟེན་ཁྱིམ་པའི་ལུགས་ལ། ངོ་ཚ་མེད་པའི་སྤྱོད་པ་དེ་མཚོན་བཞིན་ཡོད་པ་རེད།    སྤྱིར་བཏང་བོད་མི་དམངས་ལ་དད་པ་ཙམ་ཡང་མེད་པའི་གསར་བརྗེ་བ་འགའ་ཤས་ལས།    བླ་གཟུགས་མ་མཐའ་ཡང་སྒོར་འགའ་ཤས་ཀྱི་འགྲོ་གྲོན་བཏང་བ། དད་པ་ཅན་ཞིག་གིས་པར་ཡོད་བཞག་ན།  ཁོང་ཚོའི་འདོད་པ་དང་མཐུན་པ་མ་ཟད། གལ་སྲིད་དགེ་ཆོས་ཡོད་པའི་དབང་དུ་བཏང་ན།    གསར་བརྗེའི་སློབ་ཕྲུག་ཚོ་ལ་དངུལ་དངོས་སུ་གཏོང་མཁན་གྱི་བླ་མ་དེའི་པར་ཅིག་བཞག་ན་ཐུགས་དགྱེས་འགྲོ་བར་བསམ།
   དགེ་ཆོས་ཀྱི་གསུང་རྩོམ་གསར་རྙེད་དེ་ནི།  རྒན་དད་སེམས་ཅན་རྡོ་རྗེ་རྒྱལ་དང། དགེ་ཆོས་ཀྱི་ཕ་གཞིས་ཀྱི་བདག་པོ་ཚ་བོ་རྒན་པོ་གཞན་སེམས་ཅད་གཡུང་དྲུང་རྒྱལ་གཉིས་ཀྱིས་ལྷག་བསམ་རྣམ་དག་དང།  འབད་པ་ཆེན་པོས་བསྒྲིགས་པ་ཡིན་པ་ནི་གོར་མ་ཆག།    དེ་བས་ང་ཁོ་གཉིས་ལ་སྐད་ཆ་ཅི་ཡང་མེད།    ཡིན་ནའང་དེའི་རྗེས་ནུབ་བྱང་གི་གཅམ་བུ་ཚོས་ཀྱང། རི་བོང་ཅལ་བརྒྱུགས་བྱས་ཏེ། ཁོ་ཚོས་པར་སྐྲུན་བྱས་པའི་དགེ་ཆོས་ཀྱི་གསུང་རྩོམ་དེ་དག་གི་ནང་དུའང།༼འཛམ་གླིང་རྒྱས་བཤད༽དང་༼རྒྱ་གར་འཕགས་པའི་ཡུལ་ནང་བའི་མཆོད་རྟེན་དང་གནས་མཆོག་བྱིན་རྣམས་ཀྱི་བཤད་པ་མཐོང་ཐོས་ཀུན་གྲོལ་ཞེས་བྱ་བཞུགས་སོ༽སོགས་ལ་དཔྱད་པ་དང།  དོགས་པ་སྤུ་ཙམ་ཡང་མེད་པར་བཀོད་འདུག་པ་མ་ཟད།    ད་དུང་མེ་ལྕེ་སོགས་ཀྱིས་འདི་ལྟར།
    “ཉེ་ཆར་དཔར་པའི་༼མཁས་དབང་དགེ་འདུན་ཆོས་འཕེལ་གྱི་གསར་རྙེད་གསུང་རྩོམ༽ཅེས་པར་༼འཛམ་གླིང་རྒྱས་བཤད༽ཅེས་བ་ཞིག་ཡོད་པ་ནི་ལ་ལས་ཁོང་གི་གསུང་རྩོམ་རེད་ཟེར།    ལ་ལས་མ་རེད།    ངས་བལྟས་ན་སྤྱིར་ཁོང་གི་གཏམ་རྒྱུད་གསེར་ཡིན་ནའང་འདྲ།    གཞན་པའི་གསུང་རྩོམ་ཡིན་ནའང་འདྲ། ཁྱད་པར་ཏུ་ཁོང་གི་གསུང་རྩོམ་རྣམས་ཀྱི་ཐོ་ཡིག་ལ་བལྟས་ན་ཁོང་གི་མ་ཡིན་ས་མི་འགྲོ་གི།  སྐབས་ཐོག་དེར་ཁོང་ལྟ་བུ་ཞིག་མ་གཏོགས་དེ་འདྲ་འབྲི་ཐུབ་རྒྱུ་མ་རེད”༼མི་གཞིའི་སྙིང་སྟོབས།    ༡༩༨༽ཅེས་བལྟས་ན་དགོད་བྲོ་བ།    རིགས་པའི་གཏད་སོ་མེད་པའི་སྐད་ཆ་འདི་འདྲ་བཤད་ཡོད་པ་རེད།
    སྤྱིར་བཏང་སློབ་གྲྭ་ཆེན་པོར་རློམ་པའི་སློབ་མ་ཁང་བ་བཀང་དང།    ཡིག་སྦྱོར་མཁན།    ཞུས་དག་པ།    རྩོམ་སྒྲིག་པ།    དཔར་སྐྲུན་ཁང།    དེ་བཞིན་དཔྱད་བརྗོད་པ་དག་གིས།    གོང་ལྟར་ཞིབ་དཔྱོད་དང་། དོགས་གཞི་སྤུ་ཙམ་ཡང་མེད་པར།    དགེ་ཆོས་ཀྱི་གསུང་རྩོམ་ཡིན་མིན་ཐམས་ཅད་ཁོང་གིས་གསུང་རྩོམ་ཕྱོགས་ནང་དུ་འགོད་ཅི་ཐུབ་བྱས།    རྗེས་སུ་དགེ་ཆོས་ཀྱི་སྐོར་ལ་མཁས་བ་ཡིན་མདོག་མདོག་གི་དཔྱད་བརྗོད་པ་ཚོས་ཀྱང།  ད་དུང་རྒྱུ་མཚན་དང་གནས་ལུགས་ཅི་ཡང་མེད་པར། མཐའ་སྡོམ་དེ་འདྲ་བཞག་པ་ནི།    དངོས་གནས་ཡ་མཚར་པ་ཞིག་རེད།    སྤྱིར་བཏང་གང་གི་ཐད་ནས་ཀྱང་ནོར་འཕྲུལ་ཡོང་བ་ནི་ཏན་ཏན་རེད།    ཡིན་ནའང་ནོར་འཕྲུལ་ཡོང་བ་ཤེས་རྗེས། དེ་ལ་དག་སེལ་དང། བཅོས་སྒྱུར་བྱེད་དགོས་མཁས་བའི་འགྲོ་ལུགས་ཞིག་ཡིན་མོད།  དགེ་ཆོས་ལ་དོན་མེད་དུ་བསྟོད་པ་དག་གིས་ད་དུང་ཡང་མ་ཤེས་ཁུལ་དང།    མ་གོ་ཁུལ་གྱིས།    དེའི་སྐོར་གྱི་སྐད་ཆ་གཅིག་ཀྱང་མེད་པ་འདི་ནི།    འཛམ་གླིང་མཁས་པ་ཡོངས་ཀྱི་ལུགས་སྲོལ་དང་མི་མཐུན་པ་མ་ཟད།    ལྷག་པར་ཏུ་སློབ་གྲྭ་ཆེན་པོ་ཞིག་གིས་བྱེད་ཚུལ་ནི་ག་ལ་ཡིན། ལྷག་པར་ཏུ། དགེ་ཆོས་ཀྱི་གསུང་འབུམ་དེའི་པོད་གཅིག་ཙམ་ནུབ་བྱང་གི་དགེ་སློབ་ཚོས་དགེ་ཆོས་ལ་ཁ་གཡར་ནས། དཔེ་དེབ་རྫུན་མ་ཞིག་ཏུ་གྱུར་འདུག་པས། ནུབ་བྱང་གིས་ག་རེ་བྱ་རྩིས་ཡོད།    
   བཞི།    ཡང་ཉེ་ལམ་ཟི་ལིང་དང།    གཞན་གྱི་གྲོང་དང་གྲོང་ཁྱེར་འགའ་རེ་ནས། ནུབ་བྱང་ནས་སློབ་མཐར་ཕྱིན་པ་ཡིན་ཟེར་པའི་ལས་ཀ་མེད་པའི་སློབ་ཕྲུག་སྐོར་ཅིག་དང། སྲིད་གཞུང་གི་ཚགས་པར་དང། རྒྱང་བསྒྲགས་དང།  རྒྱལ་ཁབ་བདེ་འཇགས་ལས་ཁུངས་སོགས་ལ་ལས་ཀ་བྱ་བཞིན་པའི་ནུབ་བྱང་གི་མི་འགའ་ཤས་ཐུག་འཕྲད་དང།    སྐད་ཆ་མང་པོ་བྱུང།    ཁོ་ཚེའི་ལ་དམིགས་ཡུལ་རྩ་བའི་ཆ་ནས་གཉིས་དུག།    གཅིག་ནི་རྒྱལ་ཁབ་ཀྱི་ལས་ཁུངས་ཞིག་ལ་བསྡད་ནས་གཞུང་ཞབས་བྱ་རྒྱུ་དེ་དང།    གཉིས་ནི། དགོན་པ་དང།  བླ་མ་གྲྭ་བ་དང། བོད་ཀྱི་རྙིང་བཞི་གཏོར་རྒྱུ་དེ་རེད།    སློབ་མཐར་ཕྱིན་རྗེས་རྒྱལ་ཁབ་ཀྱིས་ལས་ཀ་སོགས་མ་བྱེད་ཚེ་ཚེ།    རང་གི་ལྟོ་གོས་སོགས་ཀྱང་སྒྲུབ་ཐུབ་པའི་ནུས་བ་ཙམ་ཡང་མེད་པར་མཐོང། དེ་བཞིན་ཉེ་ལམ་ཕྲན་གྱིས་ངོ་ཤེས་བའི་ཕྱི་རྒྱལ་བ། ལོ་ངོ་ཉི་ཤུ་ཙམ་ལ། བོད་ནང་གི་རོགས་སྐྱོར་ཚོགས་པ་ལ་ལས་ཀ་བྱེད་པའི་མི་ཞིག་གིས་འདི་ལྟར་བཤད་བྱུང།    ༼སྔོན་དུ་ང་ཚོས་མི་རིགས་སློབ་གྲྭ་ནས་བྱུང་བའི་མི་གསོ་སྐྱོང་དང།  རོགས་སྐྱོར་བྱས་པ་ཡིན་པ་མ་ཟད། ཁོ་ཚོ་ལ་དམིགས་གསལ་བྱས་བ་ཡིན།    ད་ལར་གྱི་བལྟས་ཡོང་ན།    སློབ་ཕྲུག་འདི་ཚོ་ནི།    ཆུང་དུས་ནས་ཁོར་ཡུག་ཁྱད་མཚར་པ་ཅིག་གི་ནང་ནས་ཡོང་བ་ཡིན་ཕྱིར།    ཁོ་ཚོ་ལ་བྱ་བ་གང་ཡིན་ལ་གནད་དོན་སེལ་ཐུབ་པའི་བསམ་བློའི་འཁྱེར་སྟངས་ཞིག་མི་འདུག། དེ་ལས་སློབ་གྲྭ་གཅིག་ཀྱང་སོང་མ་མྱོང་བའི་འབྲོག་པ་དང།    ཞིང་བ།    ལྷག་པར་ཏུ་གྲྭ་བ་དེ་ཚོ་ལ་སློབ་གཉེར་དང། གསོ་སྐྱོང་བྱེད་ན་ཡག་པོ་འདུག༽ཅེས་བཤད་བྱུང།    ཕྲན་ལའང་དེ་ལྟ་བུའི་ལྟ་ཚུལ་ཏན་ཏན་བྱུང།  ད་ལྟ་ཟི་ལིང་གཅིག་པོར། ཆ་མི་ཚང་བའི་བསྡོམས་རྩིས་ལྟར་ན།  བོད་ཀྱི་སློབ་གྲྭ་བ་སྟོང་ཕྲག་ལྔ་ཙམ་ལ་རྒྱལ་ཁབ་ཀྱི་ལས་ཀ་མ་རག་པར་བསྡད་ཡོད་པ་དང།    དེའི་ནང་དུ་ནུབ་བྱང་གི་སློབ་མ་ག་ཚོད་གསལ་བོ་མ་ཤེས་ཡང།    གྲངས་ཀ་མི་ཉུང་བ་ཞིག་ཡོད་པར་ངེས། ཡིན་ནའང་སློབ་གྲྭ་ཆེན་པོ་དག་གི་སྒྲུབ་པའི་བཟོ་གྲྭ་དང།    དཔལ་འབྱོར་འདུ་འགོད་སོགས་བཙལ་བ་ཡིན་མོད།    ད་བར་ཏུ་ཡིད་ཚིམ་པ་ཞིག་གཅིག་ཀྱང་མཐོང་རྒྱུ་མ་བྱུང།
 ༼དཔེ་ཁང་དང་ཟ་ཁང་ཁ་ཤས་ཡོད་པ་དེའི་སྐོར་ལ་སྐད་ཆ་རྗེས་སུ་བཤད༽།ལྷག་པར་ཏུ་ནུབ་བྱང་གི་མི་རིགས་སྐད་ཡིག་སྡེ་ཁག་ནས་མཐར་ཕྱིན་པའི་སློབ་མ་དག་ལ།    རྒྱལ་ཁབ་ཕྱི་ནང་ཀུན་དུ་ངོམ་ཆོག་པའི་༼པདྨ་ཚེ་བརྟན་ལྟ་བུ་ལ་དམིགས་གསལ་ཡོད༽མི་ཕལ་ཆེན་བྱུང་མི་འདུག།    སྤྱིར་བཏང་གིས་འདི་ཙམ་གྱིས་ཁོ་ཚོས་ཐོས་ཚད་དང།    སློབ་ཚད་ཐམས་ཅད།    དེ་བཞིན་རིགས་པའི་འཁྱེར་སྟངས་ཐམས་ཅད་ལ་ཞིབ་དཔྱོད་བ་དགོས་བའི་དུས་སུ་སླེབས་འདུག་མོད། ཁོ་ཚོས་དེ་ཐམས་ཅད་བསམ་བློ་གཏོང་བ་ཕར་ཞོག།    ད་དུང་མུ་འཐུད་དུ་རྙིང་བཞི་ལ་རྒོལ་བའི་བསམ་སྤྱོར་དང། ཀུན་སློང་སྣ་ཚོགས་བྱེད་བཞིན་ཡོད་པ་རེད།
  མཐའ་སྡོམ་ནི།    སྤྱིར་བཏང་ད་ལྟ་འདས་བའི་ལོ་དྲུག་ཅུ་ཙམ་ལ།    དགོན་པ་གཤིག།    གྲྭ་བ་རྣམས་སྐྱ་སར་ཕབ།    དཔེ་མཛོད་ཁང་ཐམས་ཅད་མེ་ལ་བསྲེགས། བོད་ཀྱི་ལོ་རྒྱུས་སུ་བྱུང་བའི་གཙུག་ལག་ཤེས་རིག་ཐམས་ཅད་གཏོར་པ་མ་ཟད།    སྔོན་གྱི་ཡོད་པའི་དགོན་པའི་དབང་ཆ་དང།    ལུགས་སྲོལ།    བོད་ཀྱི་རྒྱུན་སྲོལ་ཐམས་ཅད་ཀྱི་དབང་ཆ་ཐམས་ཅད་མེད་པར་བཏང་ཏེ།    ད་ལྟ་ནི་སྲིད་གཞུང་གི་སྐད་ཆ་བཤད་ན།༼སྤྱི་ཚོགས་རིང་ལུགས་ཀྱི་བོད་ལྗོངས་གསར་པ་ཞིག་རེད༽    ཡིན་ནའང།  ནུབ་བྱང་གཙོས་སློབ་གྲྭ་ཁག་ཅིག་གིས་ད་དུང་ད་དུང་དགོན་པ་དང།    ལུགས་སྲོལ།    ལྟ་སྤྱོད་དང།    ཤེས་རིག་ཐམས་ཅད་ལ་འཕྱ་སྨོད་དང།    ཟུར་ཟ། མཐོང་ཆུང།    བརྙས་བཅོས་བྱས་ཏེ།    བོད་ཀྱི་ཡོད་ཚད་གཏོར་འདོད་པ་ནི།    དངོས་གནས་སྐྱུག་དྲི་བྲོ་བའི་གནས་རེད།    དེ་བས་གོང་བཤད་བཞིན་ནུབ་བྱང་གི་སྙིང་སྟོབས་ཟེར་པའང་རྙིང་གཏོར་རེད་།    དེ་ནི་ནུབ་བྱང་འཛུགས་མཁན་དང། དེ་དག་གི་དམིགས་ཡུལ།    ཞེ་འདོད་རེད།    ནུབ་བྱང་ལ་སོང་བ་ཚོར།    གོང་བཤད་ལྟར།    ཚན་རིག་དང།    ཚོང་ལས་འདུ་འགོད།    རང་སྟོབས་རང་ཤེད་ཀྱི་མིའི་དྲང་ཚུགས་དང། བདེན་པ་སོགས་གཙོ་བོར་འཁྱེར་པ་སོགས་རྩ་བ་ཉིད་ནས་མཐོང་རྒྱུ་དཀའ་ནའང།  མི་ཚེ་རྙིང་བཞིར་རྒོལ་བའི་གསར་བརྗེ་ལ་གོམས།    ཁ་ནས་ཆེ་ཚུགས་སྒྲོག།    ལྟོ་བ་མི་དམངས་ཀྱི་ཁྲལ་ལས་ཙམ་ལ་བཅོལ་བའི་སློབ་ཕྲུག་ནི།    ལོ་རེ་ལོ་རེ་ལ་མཐོང་རྒྱུ་འདུག།མདོར་ན་ནུབ་བྱང་བཙུགས་མ་ཐག་ནས། ད་ལྟའི་བར་ཏུ་རྙིང་གཏོར་གྱི་ལྟ་བའི་རྒྱུན་ནི་ཆད་མེད་ལ། མ་འོངས་པ་ན་གནས་ངེས་རེད།    
                                                  ༼མུ་འགོད་ཡིན༽
 
རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

དགེ་ཆོས་དང༼ནུབ་བྱང་གི་སྙིང་སྟོབས༽

2011-10-11 བོང་རྫི། ཀློག་གྲངས། མཆན ཡོད།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།