བོད་ནས་མྱི་བྱ་མིག་གིས་མ་རིག་ཐ།༡

  འདི་ནས་བདག་གིས་ལྟ་ཚུལ་ཉུང་བསྡུས་ཤིག་གླེང་བར་འདོད་དེ།དེ་ནི་འདས་པའི་བོད་དམ་མིག་སྔའི་བོད་ཀྱི་སྤྱི་ཚོགས་སུ་སིམ་ཟུག་བྱས་པའི་རིག་གནས་ཁོར་ཡུག་གི་གནད་དོན་ཞིག་སྟེ།དུས་རབས་འདིའམ་ཡང་ན་མི་རབས་འདིས་མ་གླེངས་ཚད་མེད་ཀྱི་གནད་དོན་ཞིག་ཀྱང་རེད་པས།བདག་གིས་དྲང་བོ་དྲང་བཞད་ཀྱིས་དེ་ཙམ་ཤོག་བུར་བསྟར་ཐུབ་སོང་ན་ཁོ་བོ་ཤིན་ཏུ་དགའ་ནི་ཡིན་ལ་རང་གིས་མི་ལོ་དུ་མར་སེམས་སུ་ཉར་བའི་བསམ་ཚུལ་དེ་ཙམ་དེ་རིང་སྐྱ་ཆད་སྔོ་སྡུག་གི་ཁོར་ཡུག་འདི་ནས་བཤད་ཐུབ་སོང་ཚེ་མི་བུ་ཞིག་གི་འདོད་མོས་བསྐུང་ཐུབ་སོང་བ་མ་ཡིན་ནམ་ཞེས་ཁོ་བོ་དགའ་བའི་ཞོར་དུ་སྐྱོ་བས་བཏུས་ཡོད།འོན་ཀྱང་དེ་ནི་དེ་ཙམ་ཡིན་པར་གྱིས་དང་།བདག་གིས་གླེང་བར་འདོད་པ་ནི་མིའི་ཁོར་ཡུག་ཅིག་དང་མིའི་འཚོ་གནས་ཀྱི་རྒྱུན་ཤེས་ཤིག་སྟེ།དེ་ནི་མི་ལ་མེད་དུ་མི་རུང་བའི་དཔལ་ཡོན་་གང་དེའི་ལོངས་སྤྱོད་གཙང་མ་ཞིག་ཡིན་གཤིས།དེ་ཡང་མི་སུ་ལ་མཚོན་ན་རང་རང་གི་ཁེ་དབང་རྩོད་པའི་གོ་ཐོབ་དང་དབང་ཆ་ཞིག་མཆིས་ཤིང་།ཐ་ན་དེ་ལ་ཁྲིམས་ཀྱིས་སྲུང་སྐྱོང་དང་ཁྲིམས་ཀྱིས་རྒྱབ་སྐྱོར་བདོག་པ་ཞིག་རེད།འོན་ཏང་ཁེ་དབང་དེ་ནི་མི་བུ་རང་ཉིད་ཀྱིས་བདག་པོ་བརྒྱབ་སྟེ་འོས་འཚམ་གྱི་ཁྲིམས་མཐུན་སྒྲིག་གཞིའི་འོག་ནས་ལོངས་སུ་སྤྱོད་ཆོག་པ་ཞིག་ལས་གང་འདོད་འདོད་ལྟར་སྤྱོད་ཆོག་པ་ཞིག་གཞར་ནས་མ་ཡིན།ང་ཚོས་ཤེས་གསལ་ལྟར་མི་ནི་འདོད་པའི་ལོངས་སྤྱོད་དང་ཁ་འབྲལ་ཐབས་མེད་པ་ཞིག་རེད་ལ།གང་ཞིག་འཐོབ་འདོད་ཀྱི་འདུ་ཤེས་ཆེ་ཆེར་སྨིན་པའི་སྲོགས་ཆགས་ཤིག་ལ་ངོས་འཛིན་བགྱིས་ན་འཆུགས་མེད་ལ་ནོར་ཀྱང་མི་འདུག་སྙམ།དེ་ན་མི་ལ་མི་བཞིན་དུ་འཚོ་གནས་ཤིག་དང་འཚོ་གནས་དེ་ལ་རིག་གནས་ས་བོན་ཞིགབསམ་བློའི་མཁའ་དབུགས་ཤིག་ཅིས་ཀྱང་མཁོ་ངེས་ཏེ།ང་ཚོས་འདས་པའི་ལོ་རྒྱུས་དང་འཚོ་གནས་ཀྱི་རྒྱབ་ལྗོངས་མི་འདྲ་བ་རེ་ལ་གཞིག་སྟེ་བསམ་བློ་ནན་གྱིས་བཏང་ན།ད་གཟོད་བློས་དཔོགས་རྒྱུ་ཞིག་འདུག་ལ།དེ་ཡང་རྒྱལ་ཁབ་དང་མི་རིགས་གང་དེའི་ཤེས་རིག་གི་འཕེལ་འགྲོས་དང་སྤྱི་ཚོགས་ཀྱི་དུས་རིམ་མི་འདྲ་བ་རེ་ན་སྐབས་བབས་ཀྱི་གཙོ་རྒྱུགས་བསམ་བློ་དང་གཙོ་རྒྱུགས་རིན་ཐང་སོགས་གཙོ་རྒྱུགས་ཀྱི་མཁའ་དབུགས་ཤིག་ཆགས་འདུག་ཅིང་།དེ་ནི་མཐར་གཏུགས་ན་སྐབས་དེའི་སྤྱི་ཚོགས་དང་རིག་གནས་ཀྱི་འདུ་ཤེས་འཁྱེར་སོ་ཞིག་རེད་ལ།སྐབས་དེའི་བསམ་བློ་ཁོར་ཡུག་གི་རྒྱག་ཕྱེ་ལྟབུ་ཡང་ཡིན་ཚོད་དུ་འདུགསྲིད་ལོ་ཉེར་གཅིག་གི་སྐབས་འདིར།ཡང་ན་འཛམ་གླིང་གི་ས་སྒང་རིལ་མོ་འདིར་ཤེས་རིག་དང་བསམ་བློའི་རྩུབ་བརྡར་ཤུགས་ཆེ་ལ་འཚོ་གནས་དང་དཔལ་འབྱོར་གྱི་འཐབ་རྩོད་རྒོད་དྲགས་པས་ང་ཚོས་འཚོ་གནས་ཀྱི་ཕྱིར་དུ་མགོ་བོ་སྨད་ཚོད་མིན་ཚོད་འདུགཕྱིའི་རྒྱལ་ཁབ་དང་ནང་ལོག་གི་གྲོང་ཁྱེར་རང་བཞིན་ཅན་གྱི་འཚོ་བ་གང་ལ་མཚོན་ན་མི་དམངས་ཀྱི་ཉིན་རེའི་འཚོ་བ་ནི་སྟབས་ཇེ་བདེ་དང་ཕུན་སུམ་ཇེ་ཚོགས་སུ་འགྲོ་བཞིན་འདུག་ལ།དེ་ནི་མཐར་གཏུགས་ན་བརྡ་འཕྲིན་ལག་རྩལ་དང་དྲ་བའི་རིག་གནས་སོགས་གོང་འཕེལ་དུ་སོང་བའི་བཀའ་དྲིན་རེད་ལ།གྲོང་ཁྱེར་སྤྱིའི་འཕེལ་རྒྱས་ཀྱི་ཚད་ཐིག་ཅིག་ཀྱང་ཡིན་པར་འཁུམས།འདི་ནི་ཚན་རིག་དང་དཔལ་ཡོན་དུས་རབས་སུ་མཆོངས་སྐྱོད་བྱེད་མུས་ཀྱི་དུས་རབས་ཤིག་རེད་ལ།འདི་ནི་བསམ་བློ་དང་ཤེས་ཡོན་དུས་རབས་སུ་འཕུར་མཆོངས་བྱེད་བཞིན་པའི་དུས་རབས་ཤིག་ཀྱང་རེད།དེ་ན་འོ་སྐོལ་བོད་པ་ཚང་གིས་འཚོ་གནས་ཀྱི་ཕྱིར་དུ་ག་འདྲ་གནང་གི་ཡོད་པ་རེད་ཅེས་ན།གཤམ་ནས་བདག་གིས་མིག་སྔའི་བོད་ཀྱི་སྤྱི་ཚོགས་དང་རིག་གནས་ཀྱི་གནད་དོན་སྐོར་ཞིག་གླེང་བར་བྱ་སྟེ།འོ་སྐོལ་བོད་ཀྱི་བསམ་བློ་ནི་དུས་རབས་ཤིག་གི་འཕེལ་རྒྱས་ཀྱི་ངོས་ཐད་ནས་གླེང་ཚེ།དེ་ནི་ཇི་འདྲའི་ཉེན་ཁ་ཆེ་བ་ཞིག་གམ།ཡང་ན་ཇི་འདྲའི་གུ་དོག་པོ་ཞིགམིན་ན་གུ་ཡངས་དང་དཀྱེལ་ཡངས་ཅུང་ཙམ་ཡང་མེད་པའི་བསམ་བློ་ཞིག་སྟེ།དཔེར་ན་ཚན་རིག་དར་དགོས་ཚུལ་བཤད་ཚེ།དེ་ནི་ཆོས་ལུགས་ཉམས་རྒུད་དུ་འགྲོ་བའི་རིག་གནས་ཤིག་ཡིན་པ་སོགས་རི་བོ་ཅལ་འདྲོགས་ཀྱི་དཔེ་དེ་བཞིན་རེད།སུ་ཞིག་གིས་ཚན་རིག་གི་ལྟ་བ་དགོས་ཚུལ་དང་འཚོ་གནས་ཡར་རྩེང་དགོས་ཚུལ་བཤད་ན་དེ་ནི་ལྟ་ལོག་པ་དང་དབྱེན་དཀྲུག་པ་སོགས་མཚང་མིང་རེ་བཏགས་ནས་ཁྱིམ་ཚང་ངམ་སྤྱི་ཚོགས་གང་དེའི་རྒྱང་ཕུད་གཏོང་གི་རེད།བསམ་བློ་རེ་ནན་གྱིས་བཏང་ཚེ།ནག་ཉེས་དང་རུལ་སུངས་ལ་སུན་འབྱིན་མེད་པའི་མི་རིགས་ནི་རྒུད་པའི་མི་རིགས་ཤིག་རེད་ལ།དཀྱེལ་ཡངས་དང་གུ་ཡངས་མེད་པའི་ཁོར་ཡུག་ནི་རྗེས་ལུས་དང་རུལ་སུངས་ཀྱི་ཁོར་ཡུག་ཅིག་རེད།ང་ཚོས་དུས་རྒྱུན་དུ་ཆོས་ལུགས་པའི་དགོངས་དོན་དང་བཀའ་ལུན་ཁོ་ན་གཉེར་སྟེ།མི་རབས་དུ་མའི་འཚོ་གནས་བསྐྱེལ་ཅིང་།འཚོ་གནས་གང་དེའི་བསམ་བློའང་ཆོས་ལུགས་ལ་བཏིམས་ཤིང་།ཆོས་ལུགས་པའི་རིན་ཐང་ལྟ་ཚུལ་དང་ཆོས་ལུགས་པའི་མི་ཚེའི་ལྟ་ཚུལ་རྐྱང་བ་ཞིག་དོན་དུ་གཉེར་བ་མ་ཡིན་ནམ།དེ་ན་ང་ཚོས་དུས་རབས་ཤིག་དང་་འཚོ་གནས་ཤིག་གི་རྒྱུན་ཤེས་སུ་གྱུར་བའི་མི་བུའི་ཁེ་དབང་དང་རྩིས་ཐང་།འདྲ་མཉམ་དང་འབྱུང་སྤུས་སོགས་གང་ཞིག་ནས་མགོ་རྩོམ་དགོས་པ་རེད།ཁྱེད་ཀྱིས་བསམ་བློ་བཏང་ཨེ་མྱོང་།ཁྱེད་ཀྱིས་འཚོ་གནས་ཤིག་ལ་དོ་ཁུར་བྱེད་ཨེ་མྱོང་།གཞར་ཡང་རིག་གནས་ཀྱི་ངོ་བོ་མི་འདྲ་བའམ།རིག་གནས་ཀྱི་རྒྱབ་ལྗོངས་མི་འདྲ་བ།རིག་གནས་ཀྱི་འཕེལ་རིམ་མི་འདྲ་ས་ན་མི་རྣམས་ཀྱི་བསམ་བློ་དང་མཛེས་དཔྱོད་ཀྱི་ལྟ་ཚུལ་མི་འདྲ་བ་སོགས་ཀྱི་རིག་གནས་ཁོར་ཡུག་ཅིག་ཆགས་ཀྱིན་ཡོད་ལ།འཚོ་གནས་དེར་ཡུལ་སྲོལ་གོམས་གཤིས་དང་ཆོས་ལུགས་དད་མོས།རིག་གནས་དཔྱད་འཇོག་གི་ངོ་བོ་དང་ལྟ་ཚུལ་སོགས་མི་འདྲ་བ་ཅི་རིགས་བྱུང་དང་འབྱུང་བཞིན་འདུགདེ་ནི་རིག་གནས་བསམ་བློས་སྤྱི་ཚོགས་དང་ཁོར་ཡུག་ཏུ་བཞག་པའི་ཤན་ཤུགས་ཡིན་པར་སྙམ་ལ།ལྷག་དོན་དེ་འདྲའི་སྣང་ཚུལ་ནི་མང་དུ་མཐོང་རྒྱུ་འདུགད་ལྟ་ཆོས་ལུགས་པས་བདག་གིར་བཟུང་བའི་སྤྱི་ཚོགས་ཀྱི་མཁའ་དབུགས་འདི།བྲན་གཤིས་དང་འཁོས་ཆུང་གི་འཚོ་བ་ཞིག་སྟེ།བོད་མི་མི་ཉུང་བ་ཞིག་ལ་འགྲན་སེམས་དང་འདྲ་མཉམ་གྱི་འདུ་ཤེས་དབེན་པ།གཅིག་མཐོ་ན་གཅིག་དམའ་དགོས་པའི་འདུ་ཤེས་དང་གཅིག་དམའ་ན་གཅིག་མཐོ་དགོས་པའི་འདུ་ཤེས་ཤིག་ལས།འདྲ་མཉམ་ཞེས་པ་ཞིག་ཁྱོན་ནས་མེད་ཚོད་འདུགདེ་ནི་ཇི་འདྲའི་ཡིད་སྐྱོ་དགོས་པའི་དོན་དག་ཅིག་རེད་ཨང་།ཁྱེད་ཀྱིས་བསམ་བློ་བཏང་ཨེ་མྱོང་།
 
རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

བོད་ནས་མྱི་བྱ་མིག་གིས་མ་རིག་ཐ།༡

2012-07-03 སྲིན་པོ། ཀློག་གྲངས། མཆན ཡོད།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།