༢༠༡༡ལོའི་ཀྲུང་གོའི་བོད་གཞས་འགྲན་ཚོགས་ལས་བྱིན་པའི་མྱོང་སྣང་ཕྲན་བུ།

  ད་ལོའི་རྒྱལ་གཅེས་དུས་ཆེན་ལ་སྔར་ལྟར་ཉིན་དགུའི་ངལ་གསོའི་དུས་ཚོད་ཡོད་ནའང་།ང་ལ་མཚོན་ན་དེ་ནི་ཆེས་སྐྲག་སྣང་ཆེ་བའི་ཉིན་དགུ་ཡིན།དེ་དུས་ང་རང་བྱ་བ་ཙག་ཙིག་ཞིག་གི་རྐྱེན་གྱིས་ཕ་ཡུལ་དུ་ལོག་ཐབས་བྲལ།ཏག་ཏག་ཉིན་འདི་དག་གི་དགོང་མོ་ནི་སི་ཁྲོན་བརྙན་འཕྲིན་ཁང་གིས་ཐད་གཏོང་བྱས་ཤིང་།སི་ཁྲོན་བརྙན་འཕྲིན་ཁང་དང་ཁམས་པའི་བོད་སྐད་བརྙན་ཁང་གཉིས་ཀྱིས་མཉམ་ཏུ་གཙོ་སྒྲུབ་མཛད་པའི་ཀྲུངགོའི་བོད་གཞས་འགྲན་ཚོགས(中国藏歌会)ཞེས་པ་དེ་འཚོགས་པའི་དུས་ལ་ཁེལ་འདུག་པས།ངས་ཀྱང་བར་སྐབས་འདིའི་རང་གི་དུས་ཚོད་ཡོད་དོ་ཅོག་འགྲན་ཚོགས་དེ་ལས་ཤོར་ཏུ་བཅུག  སྐབས་དེའི་འགོ་འཛིན་པ་དང་དཔྱད་འདེམས་པ།གཞས་པ་གཞས་མ་ཚོ་དུས་ད་ལྟའང་ད་དུང་ངའི་མིག་ལམ་ན་མངོན་གྱིན་འདུག  རྒྱུ་མཚན། ངས་ནི་ཁོ་ཚོར་སྙིང་ནད་བཅངས་ཡོད་པས་ཡིན།
    ལར་འདི་ལྟ་བུའི་ལས་ཀ་ནི་ཧ་ཅང་རླབས་ཆེན་གྱི་བྱ་བཞག་ཅིག་ལ་ངོས་འཛིན་མོད་ཀྱི། འོན་ཀྱང་།  ཐེངས་འདིའི་འགྲན་ཚོགས་སྤྱིའི་ངོ་བོ་དང་རྣམ་པར་གཞིགས་ན།ཁོ་བོར་དགའ་ས་དང་མི་དགའ་ས་ཞེས་པའི་བསམ་གཞིག་ཉིས་བརྩེག་མ་ཞིག་སྐྱེས་ནས་ཐོན་ན།ཁྱོད་ཚོའི་གྲས་སུའང་ཕྲན་གྱི་བསམ་ཚུལ་དང་འདྲ་བ་དང་།མི་འདྲ་བའི་འདོད་ཚུལ་ཅི་རིགས་ཡོད་སྲིད་མོད། གང་ལྟར། ཐེངས་འདིའི་འགྲན་ཚོགས་ཀྱིས་ཁོ་བོར་དགའ་སྐྱོ་གཉིས་མཉམ་སྐྱེས་བྱུང་དུ་བཅུག  གཙོ་སྒྲུབ་ལས་ཁུངས་ལ་འདི་ལྟ་བུའི་ལྷག་བསམ་གྱི་རིལ་བུ་ཞིག་གནང་རྒྱུ་ཡོད་པ་ནི་དགའ་བ་དང་།ཐེངས་དེའི་བོད་གཞས་འགྲན་ཚོགས་དེ་ངེས་པ་དོན་ལྟར་ན་རྒྱ་གཞས་འགྲན་ཚོགས་ཡིན་པ་འདྲ་བ་ནི་སྐྱོ་བ།
  དྲང་མོར་བཤད་ན་ཕྲན་གྱིས་ཐོག་དང་པོར་གཏམ་བཟང་དེ་ཐོས་འཕྲད་ལུས་སེམས་གཉིས་ཀ་དགའ་བ་འབུམ་གྱིས་མྱོས་ཏེ།འགྲན་ཚོགས་དེར་ལྟ་འདོད་ཤིན་ཏུ་སྐྱེས་མོད།འགྲན་ཚོགས་ཀྱི་༼བརྗོད་དོན་གླུ་དབྱངས(天籁之音)༽་ཞེས་པ་དེ་དང་འགོ་འཛིན་པའི་གཏམ།གཞས་པ་གཞས་མ་དག་གི་གླུ་ཚིག་རེ་རེས།ང་རང་ཞེ་མེར་བ་དང་ཡི་ག་ལོག་པ།སེམས་གནོང་བ་ཞིག་ཏུ་བཅོས་འགྲོ་བའི་ངང་ལྟ་ཚུལ་ཉིས་བརྩེག་་མ་ཞིག་གི་ཀློང་དུ་ནུབ་དགོས་པ་ཤུགས་སུ་བསྟན་ཡོད། ཡང་མི་བུ་ཁ་ཤས་ཀྱིས་ཁོ་ཚོའི་སྐད་གདངས་ཁྲོད་ན་བོད་ཅེས་པའི་ང་རོ་འཐིམ་ཡོད་ཟེར་ན།ངས་ནི་གནད་དོན་དེ་དང་ལེན་བྱེད་མི་ཐུབ་པར་མ་ཟད།ཁོ་ཚོར་འགྲམ་ལྕག་ཅིག་གཞུ་འདོད།གལ་ཏེ་ཁྱེད་ཚོས་མི་དེ་ཚོའི་སྐད་ཀྱི་གདངས་དེའི་གསེབ་ན་བོད་ཀྱི་གནའ་བོའི་འགྱུར་ཁུགས་གསོན་པོ་ཆགས་པས་ཆ་ནས།ཐེངས་དེའི་འགྲན་ཚོགས་ལ་བོད་གཞས་འགྲན་ཚོགས་དུ་འདོད་ན།དེ་ནི་ཅུང་ཚད་བརྒལ་ཅན་ཞིག་མ་ཡིན་ནམ།དེ་ན་བརྗོད་བྱ་རུ་༼ཀྲུང་གོའི་བོད་གདངས་འགྲན་ཚོགས་༽ཅེས་བོས་ན་མ་ཆོག་གམ།ཅི་ཞིག་ལ་བོད་གཞས་ཟེར་བ་དང་དེའི་སྒྲ་བཤད་ལ་གང་འཇོག་རིགས།དེ་ནི་ཕྲན་གྱིས་སྐབས་དེའི་གཙོ་སྒྲུབ་པ་ཡོངས་དང་འགྲན་ཞུགས་གཞས་པ་གཞས་མ་ཐམས་ཅད་ལ་བཏོན་པའི་དྲི་བ་ཉག་གཅིག་དུ་འཁུམས་སོ།
  ཨ་རོགས་ཚོ།སྐབས་དེའི་དཔྱད་འདེམས་པའི་གྲས་སུ༼གཡང་དྲུང་རྒྱལ་༽ཟེར་བའི་བོད་མི་རྒན་པ་ཞིག་ཡོད་ལ།རྗེས་སོར་རྒྱུས་ལོན་བྱུང་བ་དང་སྐབས་དེའི་འགོ་འཛིན་པས་ངོ་སྤྲོད་བྱས་པ་ལྟར་ན།ཁོ་ནི་མིང་གྲགས་ཆེ་བའི་བོད་ཀྱི་གླུ་གཞས་ལ་མཁས་པའི་གཞས་པ་བཙའ་ཡ༼ཨམ་སྐད་ཡིན་ལ།ཕུལ་ཏུ་བྱུང་བའམ་ཤིན་ཏུ་ལེགས་ཅེས་པའི་དོན༽་ཞིག་རེད་ཟེར་བ་དེ་ཐོས་རྗེས།ངས་ཀྱང་བོད་མི་ཀུན་གྱིས་གོང་ས་མཆོག་དང་སྲོང་བཙན་སྒམ་པོ།རྗེ་ཙོང་ཁ་བ་སོགས་བོད་ལ་བཀའ་དྲིན་རབ་ཏུ་ཆེ་བའི་མི་བུ་དག་ལ་དད་པ་སྐྱེས་བ་དང་གསོལ་བ་འདེབས་པ།མཆོད་པ་འབུལ་བ་ལྟར་ཁོ་ལ་སྙིང་དབུས་ནས་གུས་བཀུར་བྱས་པ་ལགས།ཡིན་ནའང་།ངའི་ཐོག་དང་པོར་ཁོའི་སྐད་ཆ་ཐོས་པ་དེ་ཐེངས་དེའི་དཔྱད་འདེམས་པའི་ཚབ་བྱེད་གཏམ་བཤད་ཁྲོད་ཀྱི་སྐད་ཆ་དེ་ཡིན།དེ་དུས་ཁོས་རྒྱ་སྐད་གྱིས་༼电视机前的观众朋友们和在场的每一个藏族音乐喜好者༽ཅེས་ཤོད་འདུག་པ་དེས།ང་དངོས་ནས་སྙིང་རླུང་སྟོད་ལ་འཚང་དུ་བཅུག་བྱུང་།ཚིག་དེ་ཁོའི་ཁ་ནང་ནས་ཐོན་སླ་ཡང་།ང་ངོ་མ་མགོ་ཡུ་འཁོར་བ་དང་སྐྱུག་ལོག་པའི་ཚོར་བ་ཞིག་བསྣམས་ནས་ཐོན་བྱུང་།དེ་ནི་སྐབས་དེའི་ངའི་ཚོར་བ་རྣོན་པོ་ཞིག་ཏུའང་འདོད།
    ཡང་སྐབས་དེའི་གཞས་པ་གཞས་མ་ཕལ་མོ་ཆེའི་མིང་བོད་མིང་ཡིན་པ་དང་ཕར་གོ་ཚོད་ཀྱིས་སེམས་སྐྱིད་པའི་སྣང་བ་ཞིག་ཏུ་བཅོས་འགྲོ་ནའང་།ཁོ་ཚོས་བླངས་པའི་གླུ་གཞས་ནི་རྒྱ་སྐད་ཀྱི་ལམ་ནས་བླངས་པའི་རྒྱ་གླུ་ཏག་ཏག་ཡིན་འདུག་པས།༼བཏགས་པའི་མིང་བོད་མིང་ཡིན་པ་བདེན་ནམ།བླངས་པའི་གླུ་རྒྱ་གླུ་ཡིན་པ་བདེན་༽ཞེས་པའི་ཐེ་ཚོམ་གྱི་དྲི་བ་ཞིག་གིས་ང་རང་དེད་ནས་ཐོན་བྱུང་།གལ་ཏེ་མི་ཞིག་གིས་དྲི་བ་འདི་འདྲ་ཞིག་ངའི་རྣ་ལམ་ཏུ་བསྟར་སྲིད་ན།ངས་ནི་བྱ་ཐབས་བྲལ་བའི་ངང་ནས་ལན་སྣ་ག་གསུམ་འདེབས་སྲིད།
༡ ཁོ་ཚོ་ནི་ནགས་ཁོང་གི་སྤྲེའུ་ཡིན་པ་འདྲ།
༢ ཁོ་ཚོ་ནི་མོན་ཕྲུག་ཡལ་བ་དེ་ཚོ་ཡིན་ཤས་ཆེ།
༣ ཁོ་ཚོ་ནི་གཡུ་འབྲུག་ཟོལ་མ་དང་ཨ་ན་མ་ན་རེད།
  ཡང་ན།ཐེངས་དེའི་འགྲན་ཚོགས་ནི་དུས་ད་བར་ལ་གོ་ལ་ཟླུམ་པོ་འདིའི་སྟེང་སྔར་བྱུང་མ་མྱོང་བའི་ཡ་མཚན་ཅན་གྱི་གླུ་གཞས་འགྲན་ཚོགས་གཅིག་པུ་དེ་ཡིན་སོང་།
  དེ་བས་ཐེངས་དེའི་གླུ་གཞས་འགྲན་ཚོགས་ནི་ཐེངས་དེའི་རིག་གནས་གནད་དོན་ཅན་ཞིག་ཏུ་གྱུར་ཏེ།དེས་བོད་བྱིངས་ཀྱི་རིག་གནས་ལ་གོད་ཆགས་ཐེབས་རྩིས་བྱེད་ཀྱིན་འདུག་པས།ངས་ནི་སྐྲག་མ་དངངས་ཀྱི་ངང་ནས་འགྲན་ཚོགས་དེ་ལ་མིང་གསར་བ་ཞིག་བཏགས་ཡོད་པ་འདི་ལྟར།༼༢༠༡༡ལོའི་ཀྲུང་གོའི་བོད་གདངས་འགྲན་ཚོགས་༽ཅེས་འབོད་རིགས།།།།
                                                                                                           ༢༠༡༡ལོའི་ཟླ༡༡ཚེས་༢༡ཉིན།

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

༢༠༡༡ལོའི་ཀྲུང་གོའི་བོད་གཞས་འགྲན་ཚོགས་ལས་བྱིན་པའི་མྱོང་སྣང་ཕྲན་བུ།

2012-07-03 ལྷ་མགོན། ཀློག་གྲངས། མཆན ཡོད།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།