སློབ་དཔོན་ཐོན་མི།

ལྷ་བུ་དྲང་སྲོང་། མཆོད་མེ་བོད་ཀྱི་རྩོམ་རིག་དྲ་བ། 2012-05-22

          གཅིག
ཨེ་མ་ཁ་བ་དཀར་པོའི་ཞིང་ཁམས་ན་རྟོགས་བཏགས་ཏིང་འཛིན་གྱིས་མ་བཞེངས་པའི་རིག་པའི་དཔའ་བོ་ཁྱོད་ཀྱིས་ཀ་མད་སུམ་ཅུའི་ང་རོ་ཁ་བའི་ལྗོངས་ལ་ག་ལེར་ག་ལེར་
ང་ཅག་ལ་ལམ་སྟོན་གྱི་སྒྲོན་མེར་སྩལ་བྱུང་།
       གཉིས།
ཅ་དག་ཅིང་ཆ་ཚང་བའི་རིག་མཛོད་ཆེན་པོ་འདིས་ཇོ་མོ་གླིང་མའི་ཉ་ངོགས་ན་འཚོ་བའི་ཡུན་རིང་རྨོངས་ལ་ཡུར་བའི་མདུད་བརྒྱ་གྲོལ་བྱུང་།
      གསུམ།
པཎཌི་ཏ་ལྷ་རིག་པའི་སེང་གེ་དང་སློབ་དཔོན་དུ་མ་བསྟེན་ཏེ་ཐ་སྙད་རེ་རེ་ལ་ཞིབ་འཇུག་གནང་བས་ད་བཟོད་འུ་ཚོའི་སྐད་དང་ན་མཉམ་པའི་ཡི་གེ་དང་ཡིག་རིགས་དྲུག་ཅུ་རྩ་བཞི་ལ་རྣམ་དཔྱོད་ཀྱིས་གདར་ཤ་བཅད་པས་སམ་བྷོ་ཊའི་མཚན་སྙན་གནང་བྱུང་།
       བཞི།
བརྩོན་པ་ཕ་མཐར་སོན་པའི་རིག་པའི་དཔའ་བོ་ཁྱོད་ཀྱིས་ཀ་མད་སུམ་ཅུའི་ཕྲེང་རྒྱུན་ལས་སྔོན་རྗེས་མིང་གསུམ་གྱིས་དབྱེ་བ་དང་ཕོ་མོ་མ་ནིང་གི་དྲག་ཞན་བཀར་བྱུང་།
        ལྔ་།
འདི་ནས་ཕ་རོལ་ཏུ་ཕྱིན་ཙ་ན་ཚ་གྲང་གི་དཀའ་སྡུག་མྱང་ཡང་། མཐར་ལཛྙ་དང་ཝརྟུ་དཔེར་བྱས་ནས་དབུ་ཅན་དང་དབུ་མེད་ཀྱི་ཡིག་གཟུགས་པོ་ཏ་ལའི་གཟི་བྱིན་དང་
འགྲོགས་ནས་གནས་འདི་རུ་བཟོ་སྐྲུན་བྱས་སོང་།
      དྲུག
སྟོད་དུ་ཅ་ཆ་ཇ་གསུམ་དང་སྨད་དུ་ཞ་ཟ་འ་གསུམ་སྟེ་ཡི་གེ་དྲུག་ཁོང་གི་མཚན་ལམ་དུ་འཁྲུངས་པ་ནི་དངོས་ནས་ཡ་མཚན་རེད་ཨང་། དངོས་ནས་རྟེན་འབྲེལ་རེད་ཨང་།
     བདུན།
ར་བ་གངས་ཀྱིས་བསྐོར་བའི་ཡུལ་ལྗོངས་འདི་ལ་ཤ་ཀོོ་ཊ་ཡ་ན་བྱཱ་ཀ་ར་སོགས་སྒྲའི་བསྟན་བཅོས་ཆེན་པོ་བརྒྱད་སོགས་དུ་མ་མཛད་པས་ས་བོད་མཐོ་སྒང་འདི་ལ་
མཛད་འཕྲིན་གྱི་ཞབས་རྗེས་མོད་ཀྱང་། དུས་རབས་ཀྱི་འཐོར་རླུང་གིས་གོད་ཆག་དང་ཉམས་མོས་ཐེབས་སོང་། དེ་བས་མཁས་གྲུབ་ལོ་པཎ་དག་གིས་ཁྱོད་གླེང་ཤིང་ཁྱོད་བོས་མྱོང་།
    བརྒྱད།
ཧ་ལས་ཤིང་ཨ་མཚར་བ་ནི་སུས་ཀྱང་འགྲན་མི་བཟོད་པའི་ཁྱོད་ཀྱི་རྣམ་དཔྱོད་གསེར་གྱི་གཤོག་ཟུང་དེ་རེད། ཀྱེ་ཀྱེ་སློབ་དཔོན་ལགས།ད་དུང་མི་ཡི་རྣམ་པར་ཐེངས་གཅིག་འབྱོན་རོགས།

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

སློབ་དཔོན་ཐོན་མི།

2012-05-22 ལྷ་བུ་དྲང་སྲོང་། ཀློག་གྲངས། མཆན ཡོད།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།