སྤྱི་དམངས་དང་ཆོས་དད་བསམ་བརྗོད།

  སྤྱིར་ཆོས་ལུགས་གང་དང་གང་ཡིན་ཡང་། དེ་དང་དེ་ལ་དད་དང་མི་དད་ཟེར་བའི་སྨྲ་བརྗོད་ཅིག་ཆོས་ལུགས་ལ་དད་མཁན་དང་མི་དད་མཁན་སུ་ལའང་ཡོད་དགོས་ངེས། གལ་ཏེ་ཐོབ་ཐང་དེ་མེད་ན་གནམ་འོག་གི་མི་དེ་ཚོ་ལ་ནང་སེམས་ཀྱི་བསམ་བློའི་རང་དབང་སྟོན་པའི་བརྡ་རྟགས་དེ་བཙན་གྱིས་བཅད་པ་ཡིན། སྨྲ་དབང་བཙན་གཅོད་ཀྱི་བྱ་བ་འདི་རང་དབང་ལ་བརྩི་འཇོག་བྱེད་པའི་དཔལ་ཡོན་རྒྱལ་ཁབ་སྤྱི་དང་། རྒྱལ་ཁབ་དེ་དང་དེའི་སྐྱེས་བུ་སུ་ཞིག་གིས་རྣ་བས་ཐོས་ཚེ་དོན་འདི་སྐྱུག་བྲོ་བའི་བསམ་བློ་སྒེར་གཅོད་ཅིག་ཏུ་ཁས་མི་ལེན་མཁན་ཞིག་ཡོད་ཚོད་མ་རེད་ཅེས་སྨྲ་སྤོབས། དེས་ཀྱང་ག་ལ་ཚད། དེ་འདྲའི་རྒྱལ་ཁབ་དང་སྤྱི་ཚོགས་ནི་ད་དུང་གདོད་མ་ནང་བཞིན་མུན་ནག་དང་གདུག་ཅིང་རྩུབ་པའི་སྤྱི་ཚོགས་ཀྱི་རྐས་རིམ་ཡན་ལས་བརྒལ་མེད་པའི་ངོས་འཛིན་བྱེད་ཀྱི་ཡོད་ལ། ངོས་འཛིན་འདིའང་དུས་རབས་འདིའི་འགྲོ་མི་ཡོངས་ཀྱི་སེམས་ཀྱི་ཞིང་སར་སྨིན་བཞིན་པའི་སྔོ་ལྗང་གི་བསམ་བློའི་སྐྱེ་སྟོབས་འདིའི་སྔུན་ན། ང་ཚོའང་བཟུར་ས་གང་ཡང་མེད་པས་དེ་བཞིན་དུ་ཁས་ལེན་དགོས་པའི་དུས་སུ་སླེབས་འདུག
དེ་ལྟ་ནའང་། ཆོས་ལྡན་མི་རིགས་ཡིན་ཟེར་བའི་བོད་པ་ཚང་ཞིག་གིས་ནི་ད་དུང་ཆོས་དད་རང་དབང་ཟེར་བའི་མིང་ཚིག་དེ་ཟ་རྒྱུ་ཞིག་དང་། འཐུང་རྒྱུ་ཞིག་ཡིན་ན་བསམ་པ་ལས་མིང་ཚིག་དེའི་རྒྱབ་ལྗོངས་ན་འགྲོ་མིའི་འཚོ་གནས་ཀྱི་ཐོབ་ཐང་ཡ་མཚན་པ་ཞིག་པ་ཡོད་པ་ཧ་གོ་བདག་ཤིན་ཏུ་ཉུང་། བོད་མི་ཁ་ཤས་ཀྱིས་ཆོས་དད་བསམ་བརྗོད་ཕྱོགས་ལ་བསམ་བློ་དང་བསམ་ཚུལ་བཏོད་ཙམ་རེ་བྱས་ནའང་། དེ་མ་ཐག་སྨྲ་མཁན་དེ་དང་། ཕྱིར་ཐོབ་ཐང་དེ་འདྲ་གླེང་མཁན་ཡོངས་རྫོགས། འུ་ཅག་གི་ཆེན་པོ་རྣམས་ཀྱིས་དབྱུག་པ་ལེབ་བརྡུང་གི་དཔེ་ལྟར། མི་བུ་དེ་ཚོ་ལྟ་ལོག་པ་དང་། ཆོས་ལ་སྡང་ཞིག་གི་སྐད་ཆའམ་བསམ་བློ་ཉེན་ཁ་ཅན་སྨྲ་མཁན་རེད་ཟེར་ཞིང་། ཁོ་ཚོས་གླེན་རྟགས་ཀྱིས་མགོ་བོ་མཐོ་མཐོ་ངང་“བདེན་པ་འདི་ལྟར་ཡིན་ཚུལ་འུད་བསྒྲགས”བྱས་ཏེ། ཆོས་དད་བསམ་བརྗོད་ལ་བཀག་རྒྱ་དང་དམ་དྲག་བཟོ་ཅི་ཐུབ་བྱེད་ཀྱིན་ཡོད་པའི་གནད་དོན་དེ་རིང་གི་བོད་ཀྱི་ཁོར་ཡུག་ཧྲིལ་བོར་ཁྱབ་པའི་སྣང་ཚུལ་རེད་བསྡད་མེད་དམ། དོན་འདི་བོད་ཀྱི་ཆོས་དཔོན་ག་གེ་མོ་རེས་ཆོས་དད་བསམ་རྗོད་ལ་ཕལ་རྒོལ་གྱི་བདེན་དཔང་གི་དཔེ་ཞིག་ཡིན་ཞེས་བརྗོད་དགོས་བྱུང་།
  བོད་ཀྱི་དགོན་སྡེའི་ནང་གི་ཐལ་མཐའི་ཆོས་ལུགས་པ་དག་ཕལ་ཞོགས། སྤྱི་དམངས་ཕལ་བ་ཞིག་ཡིན་ན་ཡང་། ཆོས་ལ་དད་མོས་ཐོབ་ཐང་གི་སྐད་ཆ་དེ་རྣ་ལ་གཟན་ཞིང་། སྙིང་རྩ་འཕར་དགོས་དོན་དེ་གནད་འགག་གང་ལ་ཐུག་ཡོད་ཟེར་ན། དེ་ནི་བོད་མིའི་སེམས་ཀྱི་གཏིང་ན་ཆོས་ལ་ཡིད་ཆེས་པའི་རིག་གནས་སྙིང་སྟོབས་ཤིག་སླེབས་ཡོད་པས་ཡིན་རྒྱུ་རེད་སྙམ་ན། དེ་ཙམ་གྱིས་མིན་པ་འདས་པའི་ལོ་རྒྱུས་དང་། ད་སྐབས་དད་དམངས་ཀྱི་ཆོས་ལུགས་གོ་རྟོགས་ངོས་ནས་མི་ཤེས་རྒྱུ་ཅི་ཡང་མི་འདུག་གོ །
འོན་ན། དེ་ལན་པ་གང་ལ་ཐུག་འདུག་པ་གསེད་བཀྲོལ་བྱས་ན། བོད་ཀྱི་ཆོས་སྤེལ་མཁན་པོ་འགས་སྤྱི་ཚོགས་ཁོར་ཡུག་གི་གནས་བབས་མི་བསམ། གོ་ལ་ཅན་གྱི་འཇིག་རྟེན་འདིའི་སྟེང་ན་འུ་ཅག་གི་བོད་ཀྱི་རིག་གནས་དང་། ཆོས་ལུགས་ལས་རིན་ཐང་ཆེ་བ་གང་ན་ཡང་མེད་པས། འདི་ལ་དད་དགོས། འདི་ལ་མི་དད་མཁན་གྱི་སྐྱེ་བོ་ཚོའི་ཀླད་པར་སྐྱོན་ཞུགས་ཡོད་པ། ང་ཚོ་ཆོས་ལྡན་བོད་ཀྱི་རྒྱབ་ཁབ་ཅིག་གནའ་ནས་ཡིན་པས། ཡིན་གཅིག་མིན་གཅིག་ཆོ་ལ་དད་དགོས་ཟེར་ནས་ཨུ་ཚུགས་རྒྱག་ཞོལ། གལ་ཏེ་ཆོས་ལ་མི་དད་མཁན་ཟེར་མཁན་བྱུང་ཚེ་མི་གྲལ་ནས་ཁྱི་གྲལ་དུ་རྫོང་ལ་ཁད་ཀྱི་སྐད་ཆ་རྩོག་པ་དེས། བོད་ཀྱི་དད་མོས་བསམ་བརྗོད་ཀྱི་མཁའ་དབུགས་ཡོངས་སུ་བསླད་ཡོད། དོན་གྱིས་དབང་དེས། དེ་རིང་གི་དམངས་གཙོའི་ལྟ་གྲུབ་དང་རྦད་དེ་འགལ་བའི་དད་མོས་བསམ་བརྗོད་ཀྱི་ལྡོག་ཟླའི་སློབ་གསོའི་ངན་ཤུགས་དེ་འགོས་ནད་ནང་བཞིན་བོད་མིའི་སེམས་ཀྱི་ངོ་བོར་འཐིམ་ཞིང་། འཐིམ་ནས་མ་ཚད་དེས་ཆོས་དད་རང་དབང་གི་ཁོར་ཡུག་ལ་བསམ་ཡུལ་ལས་འདས་པའི་གཏོར་བརླགས་བཟོས་ཏེ། མི་རིགས་ནང་ཁུལ་དུ་འགལ་ཟླ་སློང་གིན་ཡོད་པ་མངོན་སུམ་རེད།   
  དེས་ན། ད་ནི་ང་ཚོས་བསམ་བློའི་བློ་ཁོག་ཆེ་རུ་བསྐྱེད་དེ་ཆོས་ལ་དད་དང་མི་དད་ཀྱི་སྐད་ཆ། ཆོས་བྱེད་མི་སྣ་དག་གི་ནག་ཉེས་ཐེར་འདོན། འཁོར་བ་སྒྲུབ་མཁན་ཞིག་ཡིན་ན་མི་ཆོས་དང་ལྷ་ཆོས་གཉིས་ནང་ནས་གཙོ་བོ་མི་ཆོས་བསྒྲུབ་དགོས་ཚུལ་སོགས་ཀྱི་མི་ཚེའི་ལྟ་གྲུབ་འཚོལ་མཁན་སུ་ཞིག་ཁོར་ཡུག་འདིར་བྱུང་ཚེ། ཆོས་ལུགས་ཀྱི་ངོས་ནས། མི་ཆོས་ཀྱི་ངོས་ནས། དེ་དག་ལ་ཀུ་ཡངས་བཟོད་སྒོམ་གྱི་བསམ་ཤེས་བྱེད་རྒྱུ་ནི་ང་ཚོའི་མཐུན་སྒྲིལ་ཡིན་ལ། ང་ཚོའི་སྟོབས་ཤུགས་ཀྱི་རྩ་བའང་ཡིན་པ་རང་ངོ་རང་གིས་ཟིན་དགོས་པར་སྙམ།
  མདོར་ན། ཕྱི་ནང་གི་དབང་སྒྱུར་བ་སུ་ཞིག་ཡིན་ན། ད་ནས་བཟུང་ཆོས་དད་བསམ་རྗོད་ཀྱི་ཐོབ་ཐང་གཙིག་འཛིན་དང་། ཤེས་རིག་དེ་ལ་སློབ་སྦྱོང་ཡག་པོ་བྱས་ཏེ། “ཐུན་མོང་ཐོན་སྐྱེན་ཚོགས་པ”ས། གང་ཞིག་དེ་ལ་“དད་མི་ཆོག”ཅེས་པའི་མཐའ་དེ་དང་། དགོན་སྡེའི་བླ་རྒན་རྣམས་ཀྱིས་འདི་ལ“མ་དད་ན་དད་དགོས”པའི་ཞེས་པའི་མཐའ་དེ་གཉིས་དང་བྲལ་བའི་དད་མོས་བསམ་བརྗོད་ཀྱི་“དབུ་མའི་ལམ”སྟེ་རིག་གནས་གཙང་ཡངས་ཀྱི་ཁོར་ཡུག་ཅིག་བསྐྲུན་རྒྱུ། བོད་མི་རིགས་དང་མི་སྒེར་གྱི་བདེ་སྐྱིད་དང་བསམ་བློ་ཡར་ཐོན་སོགས་ཀྱི་རྩ་བ་ཡིན་པས། མི་རིགས་ཤིག་གི་བདེ་སྡུག་དང་འཚོ་གནས་དོ་ཁུར་བྱེད་མཁན་ཞིག་ཡིན་དུས། ལངས་ཕྱོགས་དེ་ཅི་མི་སྙམ་དུ་མི་འཇོག་པར་བདེན་པའི་རྒྱབ་རྩར་ལངས་རྒྱུ་འབོད་སྐུལ་ལན་བརྒྱར་ཞུའོ། །     ་་་༢༠༡༢ ༥ ༡༤
 
རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

སྤྱི་དམངས་དང་ཆོས་དད་བསམ་བརྗོད།

2012-05-18 ཤེས་རབ་ཡེ་ཤེས། ཀློག་གྲངས། མཆན ཡོད།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།