སྤོབས་པ་འགོག་བྱེད།

བློ་བཟང་སྦྱིན་པ། མཆོད་མེ་བོད་ཀྱི་རྩོམ་རིག་དྲ་བ། 2012-04-26

  མི་སུ་ཡིན་རུང་། །བཤད་ཕོད་པར་བསམ་ཕོད་པར་སྒྲུབ་ཕོད་པར་ཞིག་ངེས་པར་དུ་དགོས་ཟེར་བར་མཁས་པར་རྣམས་ཀྱི་ཁ་ལ་རླུང་ལྟར་གྲགས་པར་ཡིན་ཡང་། མཁས་པ་འགའ་ཞིག་གིས། དུས་ལ་བརྟེན་མཁས་པར་ཡང་བསྣན་དགོས་གསུངས། འོན་ཀྱང་། ང་རང་ཉིད་ཀྱི་ལྟ་ཚུལ་དང་མི་འཐད་ཚུལ་ནི། བཤད་རྟོག་སྒྲུབ་གསུམ་ལ་ངེས་པར་དུ་སྤོབས་པ་དགོས་པ་ལ། དུས་ལ་བརྟེན་མཁས་པ་ཡང་བསྣན་དགོས་ཟེར་ན། ཕྱི་མ་ནི་སྔ་མའི་བཀག་རྡོ་དུ་གྱུར་འདུག འདི་ཡང་། དུས་ལ་བརྟེན་མཁས་པར་དགོས་ཟེར་བར་སྐད་ཆ་སྙན་པོ་འདུག རང་གི་མི་རིགས་དང་། རང་གི་རིག་བཞུང་། རང་གི་སྐད་ཡིག། རང་གི་ཆོས་ལུགས། རང་རིགས་གི་ཕ་ས་ཕ་ཁྱིམ་སོགས་མདོར་ན་མི་མང་གི་ཆེད་དུ་བཤད་ཕོད་པ་དང་སྒྲུབ་ཕོད་པ་ཡིན་ཡང་། གནས་སྐབས་བྱ་བ་སྟེ་མི་འགྲུབ་པར་རིན་ཆེན་གསེར་དང་། འདྲ་བའི་ཚེ་སྲོག་དྲོད་མོ་ཤོར་བས་ལོ་རྒྱུས་ཡོད་པར་མ་ཚད། མིག་ཟུང་ལག་མཐོང་ཡང་རེད། དེ་འདྲའི་སྙིང་སྟོབས་ལྡན་པའི་སྐྱེས་ཆེན་དམ་པ་རྣམས་ཀྱིས་དུས་ལ་བརྟེན་མ་ཤེས་པར་རེད་དམ། ཤེས་ནས་མ་བརྟེན་པར་རེད། སྐྱེ་བོ་འབུམ་ཕྲག་དུ་མར་མཐོང་ཆུང་དང་། བརྙས་བཅོས། སྐུར་འདེབས། བཙོན་འཇུག  གཅར་རྡུང་ལ་སོགས་མི་མཐུན་པའི་རྐྱེན་ངན་འདི་རྣམས་ལ་ཁ་གཏད་ལངས་པ་དེ་ལས། བླ་ན་མེད་པའི་མཛད་རྗེས་དང་རླབས་ཆེ་བའི་སྙིང་སྟོབས་གང་ན་ཡོད། སྤོབས་པ་ནི།།རང་གི་འདོད་དོན་གཙོ་བོའི་ལྡོག་ཟླའི་ཉེན་ཁའི་རིགས་ལ་མི་སྐྲག་པ་ཞིག་རེད། དེས་ན། སྤོབས་པ་ལག་ལེན་པ་ནི། དེ་འདྲའི་ཉེན་ཁའི་རིགས་ལ་མི་སྐྲག་པར་བྱ་བ་ལ་ཞིག་ཐུབ་པར་ཞིག་དགོས། དེའི་ལྡོག་ཟླའི་ཉེན་ཁའི་རིགས་ལ་འཛངས་པའི་འཛངས་ཤེས་པར་ནི་བརྟེན་མཁས་པར་ཡིན་པས། དེར་ནི་སྤོབས་པའི་ལྡོག་ཟླར་ཡིན་ཏེ། མཁས་པས་སྤོབས་པར་ལག་ལེན་བཀག་གོ །དེ་མ་ཡིན་ན། སྤོབས་པ་ལག་ལེན་པར་བཀག་པའི་རྒྱུ་གཅིག་ཀྱང་མི་རྙེད་པར་གྱུར་འདུག མདོར་ན། དེ་འདྲའི་སྤོབས་པ་གསུམ་ལ་སྐབས་དང་དུས་མ་ཤོར་བར་བསྣན་དགོས་ཟེར་ན། ཚད་ངེས་ཅན་ཞིག་ཡིན་ཏེ། མི་སུ་ཡིན་རུང་གོ་སྐབས་ཐོབ་པ་དེར་འདྲ་མཉམ་ཡིན་ཡང་། གོ་སྐབས་འཛིན་པའི་ནུས་པར་ཡོད་མེད་ཁྱད་ཤིན་ཏུ་ཆེའོ། ། འུ་ཚོར་ཉམས་མྱོང་མེད་ཀྱང་ཆོག། །གཞན་དོན་སྒྲུབ་པའི་དཔལ་བོ་ལ། །བཀའ་དྲིན་རྟོག་དཔྱོད་མི་གཏོང་བས། །མཁས་པར་ཨེ་ཡིན་ཤེས་མི་འདུག།
 
རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

སྤོབས་པ་འགོག་བྱེད།

2012-04-26 བློ་བཟང་སྦྱིན་པ། ཀློག་གྲངས། མཆན ཡོད།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།