མི་ཚེའི་དོན་སྙིང་ག་པ་ག་པར་ཡོད།

       ཝ་ཡེ། མི་ཚེའི་དོན་སྙིང་ག་པ་ག་པར་ཡོད།
  ཕྲན་གྱི་རྟོག་པ་འགྱུ་ཐེངས་ཤིག་གིས་མི་ཚེའི་དོན་སྙིང་ཟེར་བའི་ཟབ་མོ་མཚན་ཉིད་རིག་པའི་བརྗོད་གཞི་རྗིད་སྟུག་གེ་བ་ཞིག་གི་གསེང་དུ་ཧོལ་རྒྱུག་ཐེངས་ཤིག་བྱེད་དགོས་བྱུང་སོང་། ང་ཚོས་ནམ་ཞར་དུ་དོན་སྙིང་དབེན་པའི་མི་ཚེ་ཞིག་ལ་དོན་སྙིང་ལྡན་པའི་ཆོ་ལོ་གསོལ་གྱིན་པ་འདྲ། ཡང་ན་དེ་འདྲའི་འདུ་ཤེས་འཛིན་སྟངས་ཤིག་གིས་དོན་སྙིང་ལྡན་པའམ་དོན་སྙིང་ལྡན་འགྱུར་གྱི་མི་ཚེའི་མདུན་ལྗོངས་སུ་དོན་སྙིང་དབེན་པའི་ལམ་བུ་ཞིག་གསར་དུ་བཏོད་ཡོད་པའི་སྣང་བ་བཅོས་མིན་ཞིག་ཁོ་བོར་ཡོད། སྣང་སྲིད་དཔེ་རུ་ཤར་བས་སྨྲ་བསམ་བརྗོད་འདས་ཟེར་བའི་ཐ་སྙད་འདིའི་རྫུན་ཕུགས་ཀྱང་ངང་གིས་བརྟོལ་སོང་བ་ལྟར། འོག་གི་མི་སྣ་འདི་དག་ཁོ་བོས་བརྗོད་འདོད་པ་གང་ཞིག་གི་དཔེ་རུ་དྲངས་པ་ཡིན་མོད་། དེ་ནི་ཧ་ཅང་དཀོན་པས་འབྲེལ་སྒྲའི་དཔེར་བརྗོད་བཞིན་དབུགས་ཐེངས་གཅིག་གིས་ཅི་འདོད་ཅིག་བྲིས་ཆོག་པ་ཞིག་གཏན་ནས་མ་ཡིན་ནོ།།
དགེ་འདུན་ནི་གྲྭ་བ་དཀྱུས་མ་ཞིག་ཡིན། ཁོས་རང་གི་ཕ་མ་གཉིས་དང་ལྷན་དུ་དགོན་པ་ཞིག་གི་ཉེ་འགྲམ་དུ་འཚོ་བ་རོལ་བཞིན་ཡོད། དབེན་ཞིང་ཁུ་སིམ་པའི་ཁོར་ཡུག་དང་འདུ་ཁང་ནང་གི་མཆོད་རྫས་སྣ་ཚོགས་ལས་མཆེད་པའི་དྲི་ཞིམ་དེས་ཁོའི་མི་ཚེ་ལ་ཁ་དོག་གཞན་ཞིག་བསྒོ་བཞིན་ཡོད། ཁོས་ཉི་མ་རེ་རེར་རང་གི་ཁ་འདོན་ཚར་གཅིག་རེ་འདོན་མ་ཐུབ་ཚེ་ཡིད་སེམས་བདེ་ལ་འབབ་ཐུབ་ཀྱིན་མེད། མཁར་རྔ་དང་རྒྱ་གླིང་གི་སྒྲ་དབྱངས་དེ་ཁོས་མི་ཚེ་གང་བོར་མཉན་ཀྱང་ངོམས་སུ་མེད་པའི་སྙན་པའི་མཐར་ཐུག་ཅིག་ཡིན་ལ་ནམ་རྒྱུན་རི་བོ་དག་གི་གྲིབ་མ་རིང་དུ་སྲིང་སྐབས་ཁོ་རང་མདུན་རིའི་ངོར་འགོས་ནས་སྒམ་བརླིང་གིས་འགྱིང་བའི་དགོན་པ་དང་དེའི་འགབ་ཀྱི་རང་ཤག་ལ་ཡང་ཡང་ལྟ་བཞིན་གྲུང་ཤ་དོད་པའི་ངོ་གདོང་དུ་འཛུམ་མདངས་ལྷུག་ལྷུག་ཏུ་གྲོལ་ཡོང་། དེ་ལྟའི་ས་སྲོད་རེ་རེར་ཁོས་སང་ཉིན་ལ་སྒུག་བཞིན་ཡོད། སང་ཉིན་གྱི་སྙན་ཞིང་གསེང་བའི་མཁར་རྔའི་སྒྲ་དང་རང་གི་ཁ་འདོན་ཡི་གེའི་གླེགས་ཐག་ལྡེམ་མྱུར་གྱིས་བཤིག་པར་སྒུག་ཡོད། གལ་ཏེ། ཁོས་དབུགས་ཀྱི་རྒྱུ་བ་འགགས་ཁ་མར་རེ་འདོད་ཚིག་གཅིག་ཞུ་ཆོག་ན། ཁོས་ཡིད་གཉིས་ཐེ་ཚོམ་སྤངས་ཏེ་གནས་འདིར་ཡང་ནས་ཡང་དུ་སྐྱེ་བའི་སྨོན་ལམ་རྒྱག་སྲིད།
  ཧྥོ་ཁང་ལེན་ནི་གུས་པོའི་ངོ་ཤེས་མིན་ཡང་ཁོའི་མི་ཚེ་ལ་ཆ་རྒུས་ཆེ་བའི་ཁེ་ལས་པ་ཞིག་ཡིན། རྒྱ་རིགས་ཁེ་ལས་པ་འདིའི་ཕ་མེས་ཡང་མེས་ནས་བརྒྱུད་དེ་ཁེ་ལས་འབའ་ཞིག་གཉེར་ཏེ་ཡོང་། ཧྥོ་ཁང་ལེན་གྱི་ཆུང་མར་བྱིས་པ་བཙའ་སྐབས་ཁོ་ཏག་ཏག་གཞུང་ལས་ཁང་དུ་རྒྱལ་སྤྱིའི་ཁེ་ལས་པ་མིང་ཅན་འགའ་དང་མཉམ་འབྲེལ་ཚོགས་འདུ་འཚོགས་ཀྱིན་ཡོད། ཚོགས་འདུ་གྲོལ་རྗེས་ཁོས་རང་གི་ཆུང་མར་བུ་ཞིག་སྐྱེས་པ་ཐོས། ཡིན་ནའང་། ཁོའི་ཞལ་ངོ་ནག་ཐང་ངེར་འདུག རྒྱུ་མཚན་གཞན་མ་ཡིན་དེ་ཁེ་ལས་པ་དེ་དག་དང་མཉམ་འབྲེལ་བྱེད་མ་ཐུབ་པས་རེད། ཁོས་ད་དུང་ཁ་པར་བརྒུད་དེ་རང་གི་བུ་ལ་བོད་ཀྱི“གསེར་སྐྱབས”་དང་འདྲ་བའི་མིང་ཞིག་བཏགས་ནས་བུ་ཆུང་དེ་ཡང་ཁེ་ལས་པ་ཞིག་དུ་འགྱུར་བར་རེ་བ་ནན་མོ་བཟུང་ཡོད། ཁོ་ལ་མཚོན་ན་རྩོམ་པ་པོ་ཟེར་བ་དང་གསར་བརྗེ་བ་ཟེར་བ་སོགས་ནི་ཁྲོམ་ལམ་གང་རུང་དུ་མཐེ་བོང་གཟེངས་སུ་ཀེར་བའི་མུ་ཏོ་བ་ཞིག་དང་ཁྱད་པར་ཡེ་ནས་མེད།
  ཆོས་སྐྱོང་སྐྱབས་ནི་རྩོམ་འབྲི་བ་དང་དཔེ་ཆ་ཀློག་རྒུར་ལྷན་སྐྱེས་ཀྱིས་མོས་པ་གཞན་ལས་ལྡབ་འགྱུར་གྱིིས་ཆེ་བའི་བོད་རིགས་སློབ་མ་ཞིག་ཡིན་སྲིད། ད་ལྟ་ད་དུང་རྩོམ་པ་པོ་ཞེས་པའི་བདག་སྒྲ་འདི་ཁོ་ལ་མི་འཇུག་མོད། མ་འོངས་པ་ན་ཁོསི་ཉམས་པ་མེད་པའི་བརྩམས་ཆོས་འབོར་ཆེན་ཞིག་མཛད་ཁོ་ཐག་ཡིན། རྒྱུ་མཚན་ནི་ཁོས་ཨེ་དབྱིན་སི་ཐན་ཟེར་བའི་མི་སྣ་གྲགས་ཅན་འདིའི་མིང་ཙམ་ཡང་མ་ཐོས་གོང་དུ། ཁོ་ནི་ཏག་ཏག་ཨེ་དབྱིན་སི་ཐན་ལྟ་བུའི་བྱིས་པ་ཞིག་ཡིན་པས་སོ།། དུས་ད་ལྟའང་། ཁོས་དཔེ་ཆར་སྣང་བ་འཁོར་ཚེ་ནམ་ལང་མུན་རུབ་ཀྱི་དབྱེ་མཚམས་ཀྱང་གསལ་བོར་ཤེས་ཀྱིན་མེད། ཁོས་རང་གི་མལ་སར་དཔངས་མཐོན་པོར་སྤུངས་པའི་དཔེ་དེབ་དེ་དག་དང་དེའི་ནང་ཁོག་དཔོག་བའི་རང་གི་ཤེས་རབ་གཉིས་ཀྱིས་དངོས་ཡོད་ཀྱི་འགལ་རྐྱེན་གང་གིས་ཀྱང་གཞོམ་དུ་མེད་པའི་བསམ་པའི་འཇིག་རྟེན་ཡིད་དུ་འོང་པ་ཞིག་བཞེངས་བསྐྲུན་བྱས་ཡོད། དེ་བས། དངོས་ཡོད་ཟེར་བ་སྟེ། དུས་དང་གནས་ཀྱི་ལྕགས་སྒྲོམ་འདིས་ཁོ་རང་མི་ལྟོགས་ཙམ་དང་མི་འཁྱགས་ཙམ་གྱི་མཐུན་རྐྱེན་སྦྱར་བས་ཡོངས་སུ་འཐུས་པ་ཡིན་ནོ།།
  ད་དུང་མི་ཞིག་ཡོད། ཁོའི་མིང་གིས་སྨོས་ན་ཁོ་ཡི་རྩེས་ཐང་ལ་གནོད་འགྲོ མི་འདི་ངེས་པར་གླེང་དགོས་དོན་ནི་ཁོས་འཇིག་རྟེན་སྣང་བ་འབའ་ཞིག་ཉིན་དཀར་མིག་གིས་འཚོས་ཤིང་མཚན་མོར་སེམས་ཀྱིས་སྲུང་ཡོད་པས་ཡིན། ཡང་ན་ཁོའི་འཇིག་རྟེན་དུ་རྗེས་དཔག་གི་རྐང་རྗེས་མེད། དེ་རུ་རྒྱུ་བའི་མཁའ་དབུགས་ནི་ཚོར་ཤེས་ཀྱི་རྡུལ་ཕྲན་གྲངས་ཀྱིས་མི་ཟིན་པ་ཞིག་གི་གཡོ་སྐྱོམས་ཡིན། མཁའ་དབུགས་དེ་དྲག་ཏུ་རྔུབ་དུས་ཁོས་རང་གི་ཚེ་སྲོག་གི་ཕྲ་ཕུང་དག་ཆུ་ཁོལ་བཞིན་ལྷོག་ལྷོག་ཏུ་གདུ་བཞིན་པ་ཝ་ལེ་ཝ་ལེར་མཐོང་ཡོང་། ད་ནི་ངས་མ་བཤད་ཀྱང་ཁྱོད་ཚོས་ཤེས་ངེས་རེད་དེ། མ་གཞི་ཁོ་ནི་བརྩེ་དུང་རང་ལུགས་པ་ཞིག་ཡིན། ཁོའི་བརྩེ་དུང་སྙིང་སྟོབས་ནི་སུས་ཀྱང་བསྒྲུན་དུ་མེད་པ་ཞིག་ཡིན་ཏེ། དངོས་ཡོད་འཚོ་བ་མ་ཟེར་སྒྱུ་རྩལ་བརྩམས་ཆོས་ཁྲོད་དུའང་ཉུང་ཉུང་རེད། མདོར་དེད་ན་ཁོ་བུ་མོ་ཞིག་ལ་སྙིང་ནས་དགའ་ཡོད། བུ་མོ་དེ་ཡང་སྐྱེས་པ་གཞན་ཞིག་ལ་སྙིང་ནས་དགའ་ཡོད། དེའི་རྐྱེན་གྱིས་ཁོས་རང་གི་དགའ་བ་དེ་སེམས་སུ་སྦས་ནས་བུ་མོ་དེར་ནམ་ཡང་ཤེས་སུ་འཇུག་མི་སྲིད། དྲན་གདུང་སེམས་སུ་སྦས་པ་ནི་མགོ་ནག་མི་ཡིས་སྡུག་བསྔལ་ཞིག་དུ་འདོད་མོད་ཁོ་ལ་མཚོན་ན་ལྡོག་སྟེ་བདེ་སྐྱིད་གླིང་ན་དཀོན་པ་ཞིག་ཡིན། ཁོས་བུད་མེད་དེ་རང་ལ་མ་ཐོབ་པས་ཁོ་ཐག་ཆད་དེ་གྲྭ་བ་བྱེད་དམ་རང་ཤི་རྒྱག་གམ། ཡང་ན་ཁོ་མོ་སེམས་སུ་བཞག་ཡོད་མདོག་གིས་སྐྱ་ཡ་གཞན་ཞིག་འཚོལ་རྒྱུ་ཡིན་ནམ། གལ་ཏེ་དངོས་གནས་དེ་ལྟར་ཡིན་ཚེ་ངས་ཁོ་རང་གླེང་བར་དོན་སྙིང་ཅི་ཡང་མེད། ང་ཚོས་ཁོ་ལ་ཀུ་ཡང་མེད་པར་བཤད་ན་ཁོ་རང་བུད་མེད་དེར་དགའ་བ་ནི་བུད་མེད་དེ་ལ་འབྲེལ་བ་ཅི་ཡང་མེད། ཁོས་ཀྱང་དེ་ལྟར་འདོད་ཡོད། བུད་མེད་དེས་ཁོ་ལ་གསོན་པའི་དོན་སྙིང་བསྩལ་ཡོད་པས་ཁོས་སྐྱ་ཡ་གཞན་ཞིག་འཚོལ་རྒྱུ་མ་ཟེར་གྲྭ་བ་བྱས་ནའང་འོས་འཚམས་ཤིག་ཡེ་ནས་མིན་པར་བསམས་ཡོད། དེ་བས་མི་ཚེ་འདིར་ཁོ་རང་ཁེར་རྐྱང་གིས་འཚོ་བར་ཐག་གིས་བཅད་ཟིན། འདི་ནི་གང་གི་ཆེད་དུའང་མ་ཡིན་པར་རང་གི་མི་ཚེ་འདི་དོན་སྙིང་ལྡན་པ་ཞིག་ཡོང་ཆེད་དོ།།
  ད་ནི་མང་པོ་མི་གླེང་། མ་རེད། མང་པོ་གླེང་རྒྱུའང་མེད། ངས་འཇིག་རྟེན་འཚོ་བའི་གྲུ་ཟུར་ག་གེ་མོའི་མི་སྣ་འདི་དག་དམིགས་སུ་བཀར་ཏེ་གླེང་དོན་ནི། ཁོ་ཚོ་བརྩམས་སྒྲུང་ག་གེ་མོའི་ནང་གི་མི་སྣ་ལྟར་མང་པོ་ཞིག་གི་བསྡུས་གཟུགས་སུ་བཞེངས་པ་ལར་ནས་མིན་པར་མ་ཟད། ལྡོག་སྟེ་ཁོ་ཚོ་ནི་ཁོ་ཚོ་རང་ཉིད་ལས་གཞན་ལ་རིགས་འགྲེ་མི་རུང་བའི་མི་སྣ་ཡན་གར་བ་ཏག་ཏག་ཡིན། ཕྲན་གྱིས་བལྟས་ན་མི་ཚེའི་དོན་སྙིང་ཟེར་བ་འདི་སྤྱི་ཚོགས་སམ་ཐུན་མོང་གི་འདུ་ཤེས་འཛིན་སྟངས་ཤིག་སྟེ། ཀུན་སྤྱོད་ཀྱི་རྒྱ་ལས་ཡོངས་སུ་ཐར་བའི་མི་བུ་སྒེར་གྱི་མི་ཚེའི་ལྟ་བ་དྲི་མས་མ་གོས་པ་དང་གཞོམ་གཞོམ་གཞིག་བྲལ་བ་ཞིག་ཡིན་འོས་པར་འདོད། དེ་བས་ན་ཚོགས་པ་གང་རུང་ཞིག་གི་ཆེད་དུ་རང་སྲོག་བློས་བཏང་བའི་གསར་བརྗེའི་དཔའ་བོ་ཕལ་མོ་ཆེ་སྟེ། དུས་རབས་ཤིག་གི་གཙོ་རྒྱུག་མཛེས་འཛིན་ལྟ་བ་ལ་རང་རྟོགས་མིན་པའི་སྒོ་ནས་བསྟུན་དེ་གྲུབ་འབྲས་གཡུལ་དུ་ཟ་བ་བླངས་པའི་སྐྱེས་བུ་གང་དང་གང་གི་མི་ཚེ་ལ་ནི་འདི་རུ་འཆད་ཀྱིན་པའི་མི་ཚེའི་དོན་སྙིང་ཟེར་བ་རུས་སྦལ་གྱི་སྤུ་ཡིན་པ་རེད། དེ་བས་འཇིག་རྟེན་འདི་རུ་མི་ཚེ་དོན་སྙིང་གིས་ཕྱུག་པ་ཅི་ཙམ་ཡོད། ཕལ་ཆེར་བརྩིས་ན་ཁེད་པ་འདྲ།
   ཝ་ཡེ། མི་ཚེའི་དོན་སྙིང་ག་པ་ག་པར་ཡོད།
   ༢༥/༡༢

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

མི་ཚེའི་དོན་སྙིང་ག་པ་ག་པར་ཡོད།

2012-04-21 རྨས་མ། ཀློག་གྲངས། མཆན ཡོད།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།