རྩེ་བ་ཀུན་དགའི་ཉོག་གཏམ།

 གྲོགས་པོ་ལྷན་རྒྱས།ང་ཡང་ཁྱོད་ཅག་དང་འདྲ་བར་བརྩེ་ཆེན་ཕ་མ་གཉིས་ཀྱི་བྲང་གཞུང་ནས་མེ་ཏོག་བཞིན་བཞད་ཅིང་།ཕ་ཁུ་གཉེན་ཉེའི་ཚོགས་ཀྱི་མིག་ལམ་ནས་ཉི་ཐིགས་བཞིན་ཤར་མྱོང་ཡང་།མ་གཞི་ང་ལ་ལས་དབང་དམན་པས་ལན་པ་འདྲ་སྟེ།སྐྱེ་བ་སྔོན་མར་ཅི་བྱས་སོགས་ཡིད་ན་མི་འདུག་ཁར།མི་ཡུལ་འདིར།གོམ་པའི་འདེགས་འཇོགས་ཀྱི་ཐོག་མ་ཇི་ལྟར་བསྒྱུར་བ་ཡང་ཡེ་ནས་དྲན་ཐབས་མི་འདུག་མོད།བར་རྐེད་ཅིག་ཏུ་ང་ཡི་མིང་ལ་ཀུན་དགའ་ཡེ་ཤེས་ཞེས་བཏགས་ཡོད་པ་ཚོར་སྐབས་སུ།ང་རང་མི་ཡུལ་འདིར་ཐོན་ནས་ཀྱང་རིང་བོར་འགོར་ཟིན་པས་སྐབས་ཤིག་རེད།
  ཨ་མས་བཤད་ན།མིང་དེ་ནི་བླ་མ་ཞིག་གིས་ང་ལ་བཏགས་པ་རེད་ཟེར།བླ་མ་དེའི་མིང་ལའང་ཀུན་དགའ་རུ་འབོད་ཟེར།བླ་མ་དེ་ནི།འོ།མ་རེད།བླ་མ་དེའི་མིང་ལ་བཟང་དགའ་རུ་འབོད་ཟེར།བླ་མ་དེ་ནི་ང་ཚོའི་ཕ་ཡུལ་ནས་ཡིན་ཟེར།ད་དུང་།བླ་མ་དེ་ཡི་མཛད་པ་སོགས་ཀྱང་བཤད་ཡོད་པ་ཁོ་ཐག་ཡིན་ཡང་ད་སྐབས་ཁོ་བོའི་ཡིད་ན་རབ་རིབ་ཙམ་ཡང་མི་འདུག་པས་ན།ཆེད་དུ་ཨ་མ་ལགས་དང་བླ་མ་ཁོང་གཉིས་ལ་དགོངས་དག་མཉམ་དུ་རྒྱག་གི་ཡིན།
   རིམ་བཞིན་ང་རང་གཉོམ་ལག་རྒྱས་ཏེ་བེའུ་ཆུང་འཚོ་སྐབས་སུ།ཁྱིམ་མཚེས་ཚང་གིས་ང་ཡི་མིང་ལ་ཀུན་པོའམ་ཀུན་ཐོ་ཞེས་བཏགས་ལ།ཨ་ཕས་ང་ལ་མགོ་ཆེ་དང་ཨ་མས་ང་ལ་སྐྱག་བླུགས་ཞེས་འབོད་པ་སོགས་ཕུད།ཨ་ཅེ་དང་ཕུ་བོ་སོགས་ཀྱིས་ཀྱང་ང་ལ་སྣབས་ལུགས་དང་མགོ་སྐྲང་སོགས་ཀྱང་ཟེར་མྱོང་།གསོང་བོར་ལབ་ན།སྐབས་ལན་རེར་ཁོ་ཚོས་དངོས་གནས་དེ་ལྟར་འབོད་པ་མ་གཏོགས།མང་ཕྱོགས་ལ་ཁོ་བོའི་དངོས་མིང་ཆ་ཚང་ནས་ཡག་པོར་འབོད་ཀི་ཡོད་པ་རེད།ཡིན་ནའང་།གོང་གི་བཏགས་མིང་འདི་ལྟ་བུ་ནི་ང་ཚོ་བྱིས་པ་སྤྱི་ལ་དབང་བའི་མིང་བརྡ་འགའ་ཞིག་ཀྱང་ཡིན་པས།དེ་དག་ལས་སྐབས་དེའི་ང་ཚོའི་བྱད་གཟུགས་དག་ཀྱང་ཡོ་འཁྱོག་མེད་པར་སུ་ཞིག་གི་མིག་འདུན་དུ་དྲུད་ཡོང་བ་ཞིག་ཀྱང་ཡིན་ན་ཐང་མོད།ཐེངས་འདིར་བབས་པའི་གླེང་བྱ་ནི་ང་ཡི་མིང་ལས་ངའི་བྱད་གཟུགས་ནི་མ་ཡིན་པས་ན་ཁོ་བོས་དེའི་ཕྱོགས་ནས་ངལ་བར་བསྟེན་དགོས་མ་བྱུང་ཡང་།ཀློག་པོ་དག་གི་དྲན་འཆར་ནི་རང་དབང་ཡིན་པས་དེ་ལྟར་བྱའོ།།
   བྱིས་པ་བསམ་མེད་ཅིག་གི་ངོས་ནས་བཤད་ན།ཕ་མ་གང་ཞིག་རང་ཁྱིམ་ལས་གཅིན་པ་གཏོང་བར་ཕྱིར་སོང་ནའང་ངུ་སྐད་ལ་བར་མཚམས་ཡོད་མི་སྲིད་མོད།བཞི་གསུམ་བཅུ་གཉིས་ལ་རྡོག་པས་གཞུ་བཞིན་པའི་བྱིས་པ་ཞིག་ལ་མཚོན་ན་བྲལ་ཚུལ་གང་ཡང་སེམས་ནས་མི་བཟོད་པའི་སྐྲག་སྣང་དེ་ལས་ཕྱིར་མཆོངས་དགོས་བ་ནི་རྒྱུན་ལྡན་རང་རེད་པས།སྟོན་གྱི་བུ་མོས་མི་ཡུལ་ལ་ལག་ཟུང་བསྐྱངས་མ་ཐག་གི་ཉིན་བཟང་གང་ཞིག་ལ།ཁོ་བོས་ཨ་ཡེ་ལགས་ཀྱིས་དངོས་སུ་བཟོས་བའི་དཔེ་ཁུག་ཆུང་ཆུང་དེ་ཁུར་ནས་སློབ་གྲྭ་ཞེས་པའི་ར་བསྐོར་ཆུང་ཆུང་ཞིག་ཏུ་སླེབས་པ་ན།ས་རྡུལ་ཤིག་ཤིག་གི་མི་ཚོགས་དེས་ང་ཡི་མིང་ལ་ཀུན་དགའ་ཞེས་བོས་བྱུང་།ཁོ་བོས་བདག་གི་མིང་ལ་ཀུན་དགའ་རུ་མི་འབོད་ཀུན་དགའ་ཡེ་ཤེས་ཟེར་ཞེས་བཤད་པ་ན།ལག་ཏུ་དབྱུགས་པ་ཐོགས་པའི་རྒད་པོ་ཆ་མེད་ཅིག་གིས།མིང་དེ་ནི་ཁྱོད་ཚང་གི་ཁྱིམ་ཐོ་ནང་བཞིན་བཀོལ་བ་ཡིན་ཟེར།གང་ལྟར་དུས་དེ་ནས་བཟུང་ང་ཡི་དངོས་མིང་ལ་ཆག་སྐྱོན་དངོས་སུ་ཤོར་བ་ཡིན་ཏེ།ཀུན་དགའི་སྣེ་མོ་རུ་མཐུད་ཡོད་པའི་ཡེ་ཤེས་དེ་གར་སོང་ཆ་མེད་དུ་གྱུར་སོང་།
   དེ་ལྟ་དེ་ལྟར་ལོ་ཟླ་ག་ཚོད་ཅིག་འདས་བའི་མོད་ལ།ཁོ་བོ་ཀ་ཁ་འབྲི་ཀློག་ནས་ཉིན་ཐོ་འབྲི་བཞེངས་ཀྱི་ལས་སུ་ཞུགས་ཤིང་།ཉིན་ཐོ་འབྲི་བཞེངས་ནས་རིམ་བཞིན་བྲིས་རྩོམ་ཐར་ཐོར་དག་ལ་ཤི་འབད་རོ་འབད་ཀྱི་ལམ་དུ་ཞུགས་པ་ནས།ཁོ་བོར་རང་གི་དངོས་མིང་འདི་ལ་དོགས་གཞི་མིན་པའི་དོགས་གཞི་རེ་འགའ་ཡང་སྐྱེས་མྱོང་སྟེ།དེ་ནི་ང་ཚོའི་མཐའ་འཁོར་ཀུན་དུ་ཀུན་དགའ་ཞེས་པའི་མིང་འདིས་ཁེངས་ཡོད་པས་རེད།དེ་བས་ཁོ་བོས་རང་གི་མིང་འདི་གཞན་ལ་མི་ནོར་བའི་ཆེད་དུ་ཐབས་བཀོལ་ཆུང་ཆུང་རེ་ཡང་འཐེན་ཁུལ་བྱས་མོད།དེ་དག་གིས་སྔར་བཞིན་དོན་གོ་གང་ཡང་ཆོད་པ་མ་བྱུང་།
   ལྷག་དོན་འུ་ཚོའི་མཁས་རྒན་ཚོའི་སྐད་ཆ་ཞིག་གཡར་དེ་བཤད་ན།དེང་སྐབས་ལག་ཏུ་སྨྱུ་གུ་འཛིན་ཤེས་མཁན་ཡོད་དོ་ཅོག་གིས་སྨྱུག་མིང་ཞེས་པའི་མིང་ལྷག་རེ་ཡང་གང་འདོད་དུ་འདོགས་ཀི་འདུག་པས།ཁོ་བོར་ཡང་རང་ལ་སྨྱུག་མིང་ཞིག་འདོགས་འདོད་ཀྱི་སེམས་པ་དྲག་དུ་ལྡིང་མྱོང་ཡང་།ཁོ་བོས་ནམ་རྒྱུན་རང་མིང་དང་སྨྱུག་མིང་གང་ཡིན་མི་ཤེས་པའི་ཡག་འབྲུ་འགའ་ཞིག་གིས་འཐུས་པར་བྱས་པ་གཤམ་དུ་བཀོལ་ན།ཀུན་དགའ་དང་རྩེ་ཀུན་དགའ།རྩེ་ཀུན།རྩེ་བ་ཀུན་དགའ་ཡེ་ཤེས་ཞེས་ཀྱང་ཟེར་མྱོང་ལ།དྲ་བའི་སྒང་དང་ལོ་དེབ་འགའ་རེར་རྩེ་ཀུན་ཞེས་པའི་མིང་འདི་བཀོལ་བ་ཅུང་མང་ངེས་ཡིན།ཡང་གཅིག་བཤད་ན།སྒྲ་སྙན་དཀྲོལ་ལེན་ནི་ཁོ་བོའི་དགའ་ཕྱོགས་ཡིན་ཁར་དེང་སྐབས་ཞོར་ལས་སུ་ཡང་གྱུར་ཡོད་པས་ན།ངོ་ཤེས་རེ་འགས་མགོ་ལོག་ཀུན་དགའ་ཞེས་ཀྱང་ཁྱབ་གདལ་འདྲ་རྒྱག་གི་འདུག་པར་བལྟས་ན།ང་ལ་དོན་དམ་དབང་ཆོག་ཆོག་གི་མིང་ཞིག་ཀྱང་མེད་པ་འདྲ་བས་སེམས་ཚོར་གང་ཞིག་གིས།ཁོ་བོར་ནམ་ཡང་འདང་རྒྱག་ལྷག་མ་ཞིག་ཁྱེར་ཡོང་གི་འདུགདེ་བས།དེ་རིང་ནས་ཁོ་བོ་རང་གི་གཏན་ཁེལ་བྱས་པའི་རྒྱུན་སྤྱོད་མིང་ཞིག་ཁྱབ་བསྒྲགས་བྱེད་ན་འདོད།
   ཞིབ་ཏུ་བསམ་ན།ང་ནི་ནམ་ཡང་ང་རང་ཉིད་ཡིན་པ་སུས་ཀྱང་བསྒྱུར་ཐབས་མེད་པ་དེ་བཞིན་དུ།ངས་གཞས་གཏོང་བ་དང་ཟིན་བྲིས་འདེབས་པ།གླ་བྱེད་པ་སོགས་གང་ཡིན་ཀྱང་།སྔར་བཞིན་འབབ་ས་རྡོག་རྡོག་ཅིག་ཡོད་པ་ནི་ང་རང་ཉིད་ལོས་ཡིན་ཏེ།མ་གཞི་ང་ནི་ཏག་ཏག་བྱ་ལས་དེ་དག་གི་ཕྱི་ནང་གསེང་གསུམ་དུ་འཐིམས་ཡོད་པས་སོ།དེ་བས་ང་རང་ངོས་ནས་བསམ་འཆར་ཞིག་བཤད་ན།ང་ཚོ་མི་ཞིག་ཡིན་ཕྱིན་བྱ་ལས་མཐའ་དག་ལ་འཇུ་དགོས་བ་ནི་ཆོས་ཉིད་ཡིན་ན།ང་ཚོ་འཇུ་སའི་བྱ་ལས་མཐའ་དག་ལ་འཇུ་མཁན་ཡང་སྔར་བཞིན་ང་ཚོ་རང་ཡིན་པས།དེ་དག་ཡོད་ཚད་ཀྱང་ང་ཚོ་རང་རང་གི་དངོས་མིང་རེ་རེ་ནས་སྲུང་ན་འཐུས་པར་འདོད།དེ་བས།བྱ་ལས་རེ་རེ་ལ་འཐུས་མིང་རེ་རེ་འགོད་པར་ཁོ་བོ་རང་ངོས་ནས་དགའ་བོ་བྱུང་གི་མེད།
   སྤྱི་བཤད་སྟབས་བདེ་ཞིག་བྱས་ན།སྤྱིར་སྨྱུག་མིང་ངམ་པུར་མིང་ཞེས་པ་དེ་འདོགས་དོན་ནི་རང་འདོད་ཙམ་ཞིག་ཡིན་པ་འདྲ་ཡང་དོན་དངོས་སུ་དེ་འདྲ་ཞིག་ཀྱང་མ་ཡིན་པ་ལྟ་བུའི་རྒྱུ་མཚན་རེ་ཟུང་ཡང་འདུག་པས།སྨྱུག་མིང་ཙམ་ཡོད་པས་རང་ཉིད་རྩོམ་པ་པོ་རུ་འདོད་མཁན་དང་རང་ལ་མིང་གྲགས་ཙམ་པོ་རྒྱས་ཆེད་སྨྱུག་མིང་ཇི་འདོད་དུ་འདོགས་མཁན་དག་གིས་ནི་བསམ་གཞིག་ཞིབ་མོ་རེ་ཅིས་ཀྱང་བྱེད་དགོས་སྙམ་འདུག་ལ།དེ་མཐུད།ང་ནི་གླུ་བའོ་སྙམ་མཁན་དག་གིས་ཀྱང་ཆེ་ཆེ་གྲགས་གྲགས་ལ་གཟས་པ་འདྲ་བའི་མིང་ལྷག་དེ་དག་ནི་མེད་ན་ཡག་གི་འདོད་ཐལ།གང་ལྟར།འདི་ནི་ང་རང་གི་བསམ་ཚུལ་ལྷག་མ་ཙམ་ཡིན་པས་དེ་འདྲ་གཟབ་ནན་མ་བྱས་ཀྱང་འཐུས་སོ།
   སྐད་ཆ་མདོར་དྲིལ་ན།མ་གཞི་ང་ཚོ་མི་རེ་རེ་ལ་དབང་ཆོག་ཆོག་གི་དངོས་མིང་རེ་རེ་ཡོད་ཀྱང་།འདི་ལྟར་བསམ་བཞིན་དང་བསམ་བཞིན་མ་ཡིན་པའི་བར་ནས་གཙབ་རལ་དུ་ཤོར་དང་ཤོར་བཞིན་པ་ཡང་རང་དགར་བློས་བཏང་ཆོག་པ་ཞིག་རྩ་བ་ནས་མིན་པར་འདོད།དེ་བས།ང་ཚོའི་ཐོང་ཐང་དཔང་ཡིག་དང་ཁྱིམ་ཐོ་སོགས་ཀྱི་ངོས་སུ་ཇི་ལྟར་བྲིས་ཡོད་ཀྱང་།ཡང་ན།དང་ཐོག་ང་ཚོའི་མིང་ནས་ཇི་ལྟར་བོས་མྱོང་ཡང་།མ་གཞི་ང་ཚོ་རང་ལ་དབང་ཆོག་ཆོག་གི་མིང་ཞིག་གཏན་ཁེལ་གནང་རྒྱུ་ནི་གལ་ཆེ་བར་འདོད་པས།དེ་ན་ཐོག་མར་ཁོ་བོ་རང་ཉིད་ནས་རང་གི་གཏན་ཁེལ་མིང་དེ་ཅི་ནས་ཀྱང་ཁྱབ་བསྒྲགས་མི་གནང་རང་གནང་རེད་སོང་ཨང་།
   སྤྱིར་བཤད་ན།ང་ནི་བོད་ནས་སྐྱེས་པ་གཞིར་བཞག་གི་སྟེང་ནས་བལྟས་ན་སྔར་བཞིན་བོད་ཕྲུག་ཅིག་ཡིན་ཚུལ་གླེང་དགོས་བ་འདྲ་ཡང་ཐེངས་འདིར་དེ་ནི་གླེང་ཀི་མེད།དེ་ནས་མར་ལ་རིམ་པ་གཅིག་རྟོལ་ཏེ་བལྟས་ན།ང་ནི་ཨ་མདོ་མགོ་ལོག་ནས་སྐྱེས་པ་ཡིན་པས་སྔར་བཞིན་མགོ་ལོག་གི་ཅིག་ཅིག་ཉིག་ཉིག་ཅེས་གདགས་དགོས་བ་འདྲ་ཡང་ཐེངས་འདིར་དེ་ཡང་གླེང་གི་མེད།དེ་ན་ད་ལྟ་ཁོ་བོས་གླེང་འདོད་པ་དེ་གང་ཡིན་ཟེར་ན་འདི་འདྲ་རང་རེད་དེ།སྤྱིར་མི་རེ་རེ་ལ་རང་གི་རིགས་རུས་དེད་སའི་ལམ་རེ་ཡོད་པས་ན།གོང་གི་ལམ་ཆེན་དེ་གཉིས་གཡོན་དུ་བསྐྱུར་རྗེས་ཀྱི་ལམ་དེ་ནི་ད་གཟོད་རིགས་རུས་དེད་སའི་ལམ་དེར་ཐུག་ཡོད་པ་དེ་རེད།དེ་ན་ཁོ་བོའི་རུས་ནི་གང་ཡིན་ཟེར་ན།རྩེ་བ་ཞེས་པའི་ཡིག་འབྲུ་གཉིས་ཀྱིས་མཚོན་གྱིན་འདུག་ལ།ཁོ་བོ་ཡང་ཡིག་འབྲུ་དེ་གཉིས་ལ་ཅུང་དགའ་བོ་འདུག་པས།ཡིག་འབྲུ་དེ་གཉིས་རྟེན་འབྲེལ་གྱིས་མགོ་རུ་བཙུག་རྗེས་སུ།དངོས་མིང་གཙབ་རལ་ཏུ་གྱུར་རྗེས་ཤུལ་དུ་ལུས་ཡོད་པས་ཡིག་འབྲུ་གཉིས་སྟེ།ད་ལྟ་ཁོ་བོའི་རང་ལ་ངོས་འཛིན་ཙམ་གནང་བྱེད་ཀྱི་ཀུན་དགའ་ཞེས་པའི་ཡིག་འབྲུ་དེ་གཉིས་དོན་འགྲུབ་ཆེད་ལ་མཇུག་ཏུ་བཏགས་ན།ད་གཟོད་རྩེ་བ་ཀུན་དགའ་ཞེས་པའི་མིང་འདི་གྲུབ་པ་བྱུང་ཡོད་པས་གྲོགས་པོ་དག་ལ་ཆེད་བསྒྲགས་བྱས་པ་ཡིན་ལ།ལྷག་དོན།རྗེས་སོར་ཁོ་བོ་གར་འགྲོ་གར་སྡོད་དང་ཁོ་བོས་གང་བྱས་འདི་བྱས་ཡོད་ཚད་མིང་འདི་གཅིག་པུས་འཐུས་པར་འོས་པའི་སྨོན་པ་སེམས་ནས་བཏབ་པ་ཡིན་ནོ།
                                                              ༢༠༡༡ལོའི་༡༢ཚེས༠༦ནངས་མོར་ལན་གྲུ་ནས།

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

རྩེ་བ་ཀུན་དགའི་ཉོག་གཏམ།

2012-02-25 རྩེ་བ་ཀུན་དགའ། ཀློག་གྲངས། མཆན ཡོད།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།