བུད་མེད་དང་སྒེར་ཚུགས།

  ཉེ་ལམ་ལན་ཀྲུག་ནས་སློབ་ཆེན་པས་བསྡུས་པའི་༼བུད་མེད་དང་སྒེར་ཚུགས༽་ཞེས་པའི་ཚོགས་ཐོག་ཀྱི་གཏམ་བཤད་དེ་དག་གིས་བསླངས་པའི་ཚོར་བ་རློན་པ་དེ། ངས་འདི་ལྟར་གློད་ན་འདོད། ཐོག་མར་རླབས་ཆེན་གྱི་བྱ་བཞག་འདི་ལྟ་བུས་ལྷིང་འཇགས་དང་མནོ་བསམ་མེད་པའི་སློབ་ཆེན་ཀྱི་ཁོར་ཡུག་འདི་ལྟ་བུ་གཙོས་ཀུན་ལ། སྐད་གསང་མཐོན་པོས། སྤོབས་པ་ཆེན་པོས་ཀི་ཞིག་བཏབས་པར་སྒེར་འབོད་ཚན་ཆུང་ལ་བཀའ་དྲིན་ཆེ་ཞུ་རྒྱུ་ཡིན།
  ངས་ཟིན་བྲིས་འདི་ཁ་ཕྱེས་མ་ཐག་ཐོག་མར་མཐོང་ཡོང་བ་ནི་རྣོ་ངར་ཟེར་བའི་གསར་བུ་དེས་བཤད་པའི་སྐད་ཆ་དག་རེད། ༼ཁོང་གིས་ཕོ་མཆོག་མོ་དམན་གྱི་ལྟ་བ་ནི་ཆོས་ལུགས་ཀྱི་ཤུགས་རྐྱེན་ཐེབས་པ་རེད། དཔེ་ཞིག་བཞག་ན་ཆོས་ལུགས་མང་པོའི་ཤན་ཞུགས་ལས་བུད་མེད་ཀྱི་མོ་མཚན་དུ་ལྕགས་ཟྭ་རྒྱག་པ་ལ་སོགས་ཀྱི་ཐད་ནས་མང་པོ་བཤད་སོང་།༽ སྐད་ཆ་འདི་དེ་རིང་༼བུད་མེད་དང་སྒེར་ཚུགས༽གླེང་སྟེགས་འདིར་ཁྱེར་ཡོང་བར་དམིགས་ཡུལ་གཞན་མེད་ན། གླེང་སྟེགས་འདིར་འབྲེལ་མིན་དང་།དེ་ལས་ཀྱང་ཕོ་མོ་འདྲ་མཉམ་ཞེས་པ་དེ་ལ་ཕན་དགོས་ཡོད་མེད་གསལ་བོ་ཤེས་མ་སོང་། གལ་ཏེ་བུད་མེད་ཀྱི་མོ་མཚན་དུ་ལྕགས་ཟ་རྒྱག་པ་འདི་ཆོས་ལུགས་ཤིག་གི་ལྟ་བ་ཡིན་པའི་དབང་དུ་བཏང་ཡང་། འདིས་ཕོ་མཆོག་མོ་དམན་གྱི་ལྟ་བ་གསལ་འདོན་བྱེད་མི་ཐུབ་པར་ལྷང་རེད། དེ་ལྟར་ཐུབ་ནའང་ཆོས་ལུགས་རེ་འགར་ཕོ་མཚན་ལ་ཀོ་རློན་གྱིས་ཤུབས་རྒྱག་པའི་ལྟ་བའང་ཡོད་པས། སྐབས་དེ་མོ་མཆོག་ཕོ་དམན་གྱི་ལྟ་བས་ཤུགས་རྐྱེན་ཐེབས་པ་ཨེ་རེད་ཅེས་དྲི་བ་ཞིག་ངང་གིས་ཐོན་སོང་། དེ་བས་བུད་མེད་ལ་སྒེར་ཚུགས་དང་སྙིང་སྟོབས་ཡོད་མེད། ཕོ་མོ་འདྲ་མཉམ་ཡིན་མིན་དེ་ང་ཚོ་རང་སྟེང་ནས་མ་འཁྱོངས་པ་ཡིན་པ་ལས་ཆོས་ལུགས་ལ་ཁག་འགེལ་ས་མེད་པར་འདོད། ཡང
གཅིག་བཤད་ན་གནད་དོན་ཞིག་ལ་འཕྲད་སྐབས་གཞན་ལ་ཁག་འགེལ་བའི་བཤད་སྟངས་འདིའི་རིགས་ང་ཚོས་འདོར་ཅི་ཐུབ་བྱེད་པ་ནི། ན་གཞོན་ཚོའི་ལྡོག་ཏུ་མེད་པའི་ལས་འགན་དང་སྙིང་སྟོབས་ཡིན་པར་སེམས། དེ་མིན་འདིར་བཤད་རྒྱུ་མང་ནའང་དེ་ཙམ་བྱ།
  དེ་མིན་སློབ་གྲོགས་གཞན་ཞིག་གིས་བསང་མཆོད་འབུལ་སྐབས་བུད་མེད་ཚོར་ཡང་སྐལ་མེད་ཀི་ཞེས་སྨྲེ་སྔགས་བཏོན་སོང་། གནས་ཚུལ་དེ་ནི་གཙོ་བོ་ཨ་མདོ་ས་ཆར་ཡོད་པ་ལས་དབུས་གཙང་སོགས་སུ་ད་དུང་ཕོ་ལས་མོས་བསང་མཆོད་འབུལ་བ་མང་། སྤྱིར་བསང་མཆོད་འབུལ་བ་འདི་ཡར་དེད་ན་ལབ་རྩེ་དང་འབྲེལ་ཡོད། དེ་ཡང་སྔོན་ཁྱིམ་ཚང་རྣམས་ཀྱི་རྒྱུ་ནོར་འཇོག་ས་དེར་བདག་པོ་ཡོད་པའི་རྟགས་སུ་ས་འབུར་རེ་བསླངས་པས་གཞན་གྱིས་དེ་མཐོང་ཚེ་བཤོལ་ནས་འགྲོ། ཕྱག་རྒྱས་མཚན་པའི་དངོས་པོ་རང་འདོད་དུ་ལོངས་སྤྱོད་ན་བཀྲ་མི་ཤེས་པ་དང་གྱོད་ཀྱི་སྣ་འདྲེན་དུ་བརྩི། རྗེས་སུ་དམག་འཁྲུག་དང་ས་རྩོད་སོགས་ཆེས་ཆེར་དར་ཚེ། མདའ་མདུང་རལ་གྲི་སོགས་ཆབས་གཅིག་ཏུ་སྤུངས་ཏེ་ལབ་རྩེ་བྱས། དེས་ནི་དེ་དག་གི་ཕུགས་འདུན་གཅིག་ཀྱང་སྔར་བཞིན་བདག་དབང་ས་ཁོངས་ཀྱང་མཚོན་གྱིན་ཡོད། ཅེས་ལོ་རྒྱུས་སོགས་སུ་བཀོད་པ་ལྟར་རེད། བོན་ཆོས་བོད་ལ་དར་བ་དང་ལྷན་ཅིག་ལབ་རྩེ་དེ་ཡུལ་ལྷ་གཞི་བདག་གི་ཕོ་བྲང་ངམ་རྟེན་གཞིར་བསྒྱུར་དེ། བསང་ཕུད་པ་སོགས་རིམ་བཞིན་དར། རྗེས་སུ་ནང་ཆོས་ཀྱིས་ཀྱང་དེ་ལྟར་ལད་མོ་བྱས། བསང་ཕུད་སྲོལ་འདི་ཆེས་མཕྱི་ནའང་མགར་སྟོང་བཙན་གྱི་སྐབས་ནས་ཡོད་པ་རྒྱལ་རབས་གསལ་མེ་སོགས་སུ་གསལ་བ་ལྟར་རེད། གང་ལྟར་བསང་ཕུད་པའི་ངོ་བོ་དང་ལོ་རྒྱུས་རྒྱབ་ལྗོངས་གང་ཡིན་ཡང་འདི་བུད་མེད་ཚོས་ཕུད་མི་ཆོག་པ་དང་སྐྱེས་པ་ཚོས་ཕུད་ཆོག་པའི་རིག་གནས་ཤིག་མིན་པས། འདི་ཡང་བུད་མེད་ཀྱི་སྒེར་ཚུགས་དང་ཕོ་མོ་འདྲ་མཉམ་ཡིན་མིན་ལ་འབྲེལ་བ་གཏན་མེད་དོ།།
  མཚམས་འདིར་ཐོན་དུས་ངས་ཀྱང་༼བུད་མེད་དང་སྒེར་ཚུགས༽ཞེས་པའི་ཁ་བྱང་འདི་དང་འགྲོགས་ཏེ་ལྟ་ཚུལ་ལམ་བསམ་ཚུལ་ཞིག་བརྗོད་ན་འདོད་བྱུང་། སྤྱིར་དེང་གི་དུས་འདིར་ཕོ་མོ་མ་ཟད་མི་དང་སྲོག་ཆགས་བར་ཀྱི་འདྲ་མཉམ། མི་དང་རང་བྱུང་བར་གྱི་འདྲ་མཉམ་སོགས་དགོས་པར། འཛམ་གླིང་ཡོངས་ཁྱབ་ཀྱིས་རྩིས་མཐོང་གིས་གླེང་གིན་ཡོད་ལ། གླེང་ཡང་དགོས་པའི་དོན་དག་གལ་ཆེན་ཞིག་རེད་དེ། འོན་ཀྱང་། ཐོག་མར་ང་ཚོས་འདྲ་མཉམ་ཞེས་པའི་མིང་བརྡ་འདི་གཉིས་ལ་སྒྲ་ཡང་དོགས་གང་རུང་གི་སྒོ་ནས་གོ་བ་ཡང་དག་ཅིག་ལོན་དགོས་པ་ནི་གཡོལ་དུ་མེད་པའི་གཟེར་ལྟ་བུར་སྣང་།
  འདྲ་མཉམ་དང་འདྲ་མ་མཉམ། ཞེས་པ་དེ་ཚིག་མཛོད་དག་ལས་ཁྱད་པར་མེད་པ་ཞེས་འགྲེལ་ཡོད་པས་མིང་བརྡ་འདིའི་ཁྱབ་ཁོངས་ཧ་ཅང་རྒྱ་ཆེ་ནའང་། ཕོ་མོ་སོགས་འདྲ་མཉམ་ཞེས་བརྗོད་པའི་སྐབས་སུ་གང་ཞིག་འདྲ་བ་དང་མཉམ་པ་ཡིན་པ། གང་ཞིག་འདྲ་བ་དང་མཉམ་པ་མིན་པ་འདི་ངོས་ཟིན་རྒྱུ་དེ་ཐོག་མའི་རྨང་གཞིར་ཐུག་ཡོད་པར་སེམས། སྤྱིར་ཕོ་མོ་གཉིས་ལུས་ཀྱི་རྩ་ཁམས་གྲུབ་སྟངས་ཀྱི་ཆ་ནས་ཡིན་ནའང་ཆོག དེ་བཞིན་སེམས་ཁམས་དང་ལུས་སྟོབས། ནུས་ཤུགས་སོགས་ཕྱོགས་གང་ཐད་ནས་ཕྱི་ལུས་ཀྱི་ངལ་རྩོལ་གྱི་ཆ་ནས་༼གསར་བུ་ཁ་སྤུ་ཅན་མོ་སྐད་གྲག་པ་དང་གསར་མོ་ཕོ་སྐད་ཅན་རེ་འགའ་ཕུད།༽ཕོ་མོ་འདྲ་མཉམ་ཞེས་བཤད་ན་འདྲ་མཉམ་གཏན་ནས་མིན།
དེས་ན་བུད་མེད་ཚོ་གཙོས་སྐྱེ་འགྲོ་ཡོངས་ཀྱིས་རྩོད་ལེན་དང་འབོད་སྐུལ་བྱེད་དགོས་པ་ནི། སྤྱི་ཚོགས་དང་ཆོས་ལུགས། ཆབ་སྲིད་དང་དཔལ་འབྱོར། ཁྲིམས་ལུགས་དང་བདེ་སྐྱིད། སྨྲ་བརྗོད་དང་སློབ་གསོའི་ཐོབ་ཐང་སོགས་ཀྱི་ཐད་ནས་ཕོ་མོ་ཚང་མ་འདྲ་བ་རེད་ལ་མཉམ་པའང་རེད། ང་ཚོས་ཐོབ་ཐང་དེ་རྩོད་ལེན་བྱེད་དགོས་ལ་བྱེད་སྲིད་པའང་རེད། ཁྱོད་ཀྱི་མི་གཞི་ལ་རྩུབ་སྐུར་ཐོབ་དགོས་ན་ངའི་མི་གཞི་ལའང་རྩུབ་སྐུར་ཐོབ་དགོས་པ། བདེ་བ་འདོད་མཁན་ལ་བདེ་བ་བསྒྲུབ་རྒྱུའི་དབང་ཆ་ཡོད་པ། སྡུག་བསྔལ་མི་འདོད་མཁན་ལ་སྡུག་བསྔལ་ལ་གཟུར་རྒྱུའི་དབང་ཆ་ཡོད་པ། གཞན་གྱི་སྡུག་བསྔལ་ལས་རང་གི་བདེ་སྐྱིད་མི་ལེན་པའམ་མི་འཚོལ་བ་སོགས་ནི། ཕོ་མོ་འདྲ་མཉམ་ཞེས་པའི་ལྟ་བ་དང་སྙེག་གཞི་ཡིན་པར་འདོད། དེ་མིན་སྐྱེས་པ་ཚོས་ཆང་འཐུང་ན་ང་ཚོས་ཀྱང་འཐུང་དགོས། སྐྱེས་པ་ཚོས་དུ་བ་འཐེན་ང་ཚོས་ཀྱང་འཐེན་དགོས། སྐྱེས་པ་ཚོས་ཤོ་རྒྱབ་ན་ང་ཚོས་ཀྱང་རྒྱག་དགོས་ཞེས་འཁོན་འཛིང་བྱས་ཏེ་མོ་སྟག་དང་ཕོ་ཝ་མོར་འགྱུར་བ་སོགས་ནི་ལྟ་སྣང་ཉི་ཚེ་བ་ཞིག་ལས་དོན་དམ་པའི་ཕོ་མོ་འདྲ་མཉམ་གྱི་རྩོད་ལེན་དང་ལྟ་བ་ཞིག་ཡིན་པར་མ་ཤེས་སོ།།
  ད་དུང་སྐྲ་རིང་མ་དང་བློ་ཐུང་མ། བུད་མེད་ཀྱི་ཁ་ལ་མི་ཉན་པ་སོགས་གཏམ་དཔེ་རེ་འགའི་མཚོན། འདིའི་སྐོར་ལ་བཤད་བྱ་མང་ཡང་རེ་ཞིག་ཡིག་ཚོགས་སྐྱུང་ཕྱིར་མ་བྲིས་སོ།།
  སྒེར་ཚུགས་ཞེས་པའི་ཐ་སྙད་འདིར་རང་གི་གོ་བ་ལེན་སྟངས་དང་འགྲེལ་རྒྱག་སྟངས་ཀྱི་ཐད་ནས་ཉུང་ཙམ་བཤད་རྒྱུ་ཡིན། སྤྱིར་སྒེར་ཚུགས་ཞེས་པའི་ཐ་སྙད་འདི་ཐ་སྙད་གསར་བ་ཞིག་རེད། སྐྱེས་བུ་སྒེར་གྱི་རང་ཚུགས་ཞེས་བདག་གིས་འགྲེལ་ན་འདོད། ཚིག་མཛོད་དག་ལས་༼རང་ཚུགས་ནི་གཞན་ལ་མ་བརྟེན་པར་གནས་པའི་ནུས་སྟོབས་ཀྱི་མིང་༽ཞེས་འགྲེལ་ཡོད་པར་བལྟས་ན། ཁྱོད་ལ་ཐོག་མར་རྨང་གཞིའི་ཤེས་བྱ་དང་དང་སྤྱི་ཚོགས་ཉམས་མྱོང་སོགས་འཛོམས་པོ་ཞིག་ཡོད་པའི་སྟེང་དུ། ད་གཟོད་གཞན་ལ་མ་བརྟེན་པའམ་རང་རང་སོ་སོ་ལ་ཐུན་མིན་གྱི་བསམ་གཞིག་དང་། རང་གི་རྩིས་ཐང་སོགས་ཡོད་ཚེ་སྒེར་ཚུགས་ཅན་ཞེས་གདགས་ཆོག་པར་སེམས་ལ། ང་ཚོ་ལ་དེ་ལྟ་བུའི་སྐྱེས་བུ་འཇོན་ཐང་ཅན་ཤུན་ཏུ་མཁོ་ལ། ན་གཞོན་ཚོའི་སྙེག་ཡུལ་ཡང་ཡིན་པར་སེམས། ལྟོས་འཇོག་གིས་མི་སུ་ཡིན་ཡང་སྒེར་ཚུགས་ལྟ་སྣང་བ་རེ་ཡོད་ནའང་། རང་ཚུགས་དང་ཨུ་ཚུགས། སྒམ་ཚུགས་དང་རང་རློམ་མ་ནོར་བའི་སྒོ་ནས། རང་ཉིད་ཀྱི་སྒེར་ཚུགས་དེ་སྐྱེད་སྲིང་བྱེད་རྒྱུ་ནི་ལས་དང་བོ་བ་ཞིག་ལ་མཚོན་ན། གོ་རིམ་ཞིག་གི་དཀྱོག་མཚམས་དང་ལྡོག་ཏུ་པའི་འགན་འཁྲི་ཡིན་ནོ།།
               2012.11.20

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

བུད་མེད་དང་སྒེར་ཚུགས།

2012-12-12 རྨ་ཐོག་རྒོད། ཀློག་གྲངས། མཆན ཡོད།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།