ཁང་བ། ཁང་བ།

  ཁང་བ།  ཁང་བ་ཟེར་ནས་དེང་སང་གི་མི་ཚང་མས་ལབ་གླེང་གཙོ་བོ་བྱེད་སའི་གཞི་རུ་འགྱུར་བཞིན་པའི་སྒང་ཡིན་པ་མ་ཟད། ཁང་བ་ཉོ་བའི་འགྲན་རྩོད་ཀྱི་རྦ་རླབས་དགུང་དུ་འཕྱུར་བཞིན་པའི་སྒང་ཡང་རེད། ཁྱིམ་ཚང་གཅིག་ལ་ཁང་བ་གཅིག་གི་མི་ཆོག་པར་གཉིས་ནས་གསུམ། ཡང་ན་ཁང་འཚོང་རྒྱག་པའི་ལས་གཞི་སྣ་ཚོགས་ཀྱི་ཁྲོད་ན་མི་རྣམས་སོས་དལ་བག་ཕེབས་ཀྱི་ངང་དུ་གཏན་ནས་འདུག་ཐུབ་ཀྱི་མེད་པར། ཨ་ཐང་འབད་ཐང་གིས་ཁང་བའི་ཆེད་དུ་ཡོད་ཚད་བློས་གཏོང་ཐུབ་པའི་དུས་རབས་ཤིག་གི་དཀྱོགས་མཚམས་ཁྲོད་ན་ཡོད་ཚད་ནས་ཡོད་ཚད་གཞན་ཡུལ་ལ་འབུལ་བའི་བྱ་འགུལ་ཆེན་པོ་དེར་ཞུགས་དང་ཞུགས་ཀྱིན་གདའ།
  སྔོན་ཆད་གསེར་གངུལ་ཟངས་ལྕགས། གཡུ་མུ་མེན་མུ་ཏིག  བྱུ་རུ་སོགས་ནི་བོད་རང་གི་ཐུན་མོང་མ་ཡིན་པའི་རྩ་ཆེན་ནོར་བུའི་རིགས་ཤིག་མ་ཡིན་ནམ། དེང་སང་དེ་དག་ལས་ས་རྡོ་ཡིས་གྲུབ་པའི་ཁང་བ་ཟེར་བ་འདི་ལས་རིན་ཆེན་ནོར་བུ་ཞིག་འཇིག་རྟེན་ན་ཡོད་མི་སྲིད་པ་རེད། མི་ཆེ་མ་ཆུང་གསུམ་གང་གིས་ཀྱང་ཁང་བ་ཟེར་བ་འདི་ནི་ཆེས་རྩ་ཆེན་དང་། ཆེས་རིན་པོ་ཆེ་རུ་སྒོམ་ནས་ཁང་བ་ཟེར་བའི་མིང་ཚིག་འདི་ཡ་ཆུང་གི་སེམས་ན་འོད་འཚེར་ནས་བསྡད་ཡོད། དོན་ངོ་མར་ཁང་བ་ནི་ས་རྡོ་རི་བྲག་གི་རྒྱུ་ཆ་ལས་གྲུབ་པའི་མི་རྟག་པའི་དངོས་པོ་ཞིག་རེད་མོད། འོན་ཀྱང་མི་རྣམས་ཀྱི་གྲོང་ཁྱེར་གྱི་ཁང་བརྩེགས་རྔམ་བརྗིད་ཅན་འདི་དག་ནི་ས་རྡོ་ལས་གྲུབ་པ་ཡིན་པར་མ་ཤེས་པ་ཡིན་ནམ། ཡང་ན་རང་ཉིད་ཀྱི་འཚོ་བའི་རྟེན་གཞི་ཡི་ཆེད་དུ་གསེར་དངུལ་ལས་རིན་ཐང་ཆེ་བའི་ས་རྡོའི་ཁང་བ་འདི་ལ་ཅིའི་ཕྱིར་བློ་ཡིད་དུ་མི་ཤོང་བའི་རིན་ཐང་ཅན་ཞིག་ཏུ་བརྩི་བ་ཡིན་ནམ།
   གྲོང་ཁྱེར་གྱི་ས་རྡོ་ལས་གྲུབ་པའི་རིན་ཆེན་ཁང་བ་འདི་ཡོད་པར་གྱུར་བ་ནས་བཟུང་། མི་རིགས་རང་གི་ཀ་བཞི་གདུང་བརྒྱད་ཀྱི་ཁང་བ་དང་། སྦྲ་ནག་གྲུ་བཞི་གཉིས་ནི་རླུང་ནང་གི་མར་མེ་བཞིན་གཏན་ནས་གཏན་དུ་གཟིམ་ལ་ཉེ་བའམ་གཟིམ་སོང་བ་རེད། མིའི་རིགས་ཀྱི་གནའ་ནས་ད་བར་དུ་ས་རྡོ་ནི་རིན་ཐང་མེད་པ་དང་མིག་འོག་ཏུ་མི་ཚུད་པའི་སྲ་མཁྲེགས་རང་བཞིན་གྱི་དངོས་པོ་ཞིག་ཏུ་ངོས་འཛིན་གྱི་ཡོད་པ་རེད། ཡིན་ཡང་དེང་གི་ཆར་ས་རྡོའི་རྒྱུ་ཆ་ལས་གྲུབ་པའི་ཁང་མིག་འདི་དག་ལ་ཅིའི་ཕྱིར་མི་རྣམས་ཀྱི་བློ་ཡུལ་དུའང་ཤར་དཀའ་བའི་དངུལ་ལོ་འབོར་ཆེན་གྱི་བདག་པོ་རུ་གྱུར་བ་རེད་དམ།
  དེང་གི་མི་རྣམས་ཀྱིས་ཁང་བ་ཟེར་བ་འདི་ནི་དུས་གཏན་དུ་འཇིག་རྒྱུ་མེད་པའི་དངོས་པོ་ཞིག་ཏུ་ངོས་འཛིན་གྱི་ཡོད་པ་དང་།  དེ་མ་ཟད་འདི་ནི་འཇིག་རྟེན་ན་ཆེས་དཀོན་པའི་རིན་པོ་ཆེ་ཡ་མཚན་ཞིག་ཏུ་ངོས་བཟུང་ནས་བདག་འཛིན་དང་ཞེན་ཆགས་ཀྱི་ཀློང་ན་མི་ཚེ་ཞིག་གི་ཡོད་ཚད་ཁང་བ་ཟེར་བ་འདིའི་ཆེད་དུ་འབུལ་གང་ཐུབ་ཀྱི་ལས་ལ་བརྩོན་བཞིན་པ་འདི་ནི་བཤད་དཀའ་བའི་གསང་བ་ལྐོག་གྱུར་ཞིག་མ་ཡིན་ནམ།
  རང་ས་གསེར་གྱི་ཕང་བའི་གཞི་མ་ནི་དུས་དེ་རིང་རང་ལའང་མི་དབང་བར་གཞན་དབང་ཞིག་གི་རྒྱ་རུ་ཚུད་དེ། ས་རྡོ་རི་བྲག་གསེར་ལས་བྲིན་ཞིང་། ཞིང་ས་གྲུ་བཞིར་བདག་དབང་མ་ཡོང་བར་ཡོད་ཚད་ནས་ཡོད་ཚད་གཞན་རྒྱུ་རུ་གྱུར་སྟེ། རང་བྱུང་གི་ས་རྡོ་རི་བྲག་འཇིག་རྟེན་གྱི་རིན་ཆེན་རྩ་ཆེན་དུ་གྱུར་ནས། མེད་མུག་གི་འཚོ་བའི་ཀློང་ན་མགོ་འཁོར་བའི་ཀླད་མེད་ང་ཚོའི་གང་ནུས་ཅི་ནུས་ཀྱིས་མི་ཚེ་ཞིག་གི་འདུན་མ་ས་རྡོ་ལས་གྲུབ་པའི་ཁང་བ་ཟེར་བ་འདིའི་ཆེད་དུ་འཐིམས་པ་དང་། རང་གི་མི་ཚེ་སྐྱིད་ལ་སྐུར་མ་ཐུབ་པར་ཤ་ཟད་རུས་ཟད་དང་ཡུན་ཐུང་གི་མི་ཚེ་ཟད་ཀྱིན་པའི་ངང་ཚུལ་འདི་ནི་ངོ་མ་སྐྱོ་སྣང་སྐྱེ་བ་ཞིག་རེད་ཨང་།
  དོན་ངོ་མར་ཁང་བ་ཟེར་བ་འདི་ནི་བཤུ་གཞོག་པ་སྐོར་ཞིག་གི་ལག་ཆ་བཟང་བོ་ཞིག་དང་། མི་རྣམས་ནི་མགོ་འཐོམས་བྱེད་ཀྱི་སྦྲིད་སྨན་བཟང་བོ་ཞིག  མི་ཉུང་ཤོས་ཤིག་གི་དཔལ་འབྱོར་ཡོང་སྒོ་བཙལ་བྱེད་ཀྱི་སྣོད་བཟང་བོ་ཞིག། གཡོ་སྒྱུ་དང་བསླུ་བྲིད་ཉིས་འཛོམས་ཀྱི་ཡོ་བྱད་གལ་ཆེན་ཞིག རང་ཉིད་ཀྱི་ལུས་སེམས་སྡུག་ལ་སྦྱོར་བྱེད་ཀྱི་བདུད་ཀྱི་ཆོ་འཕྲུལ་ཞིག་མ་ཡིན་ནམ། གྲོང་ཁྱེར་གྱི་ས་རྡོ་ལས་གྲུབ་པའི་ཁང་བ་ཟེར་བ་འདི་ལ་བོད་རང་གི་ཐུན་མོང་མ་ཡིན་པའི་མཐིང་སྨུག་སྦྲ་ནག་ལས་ལོ་རྒྱུས་ཀྱི་ཡུན་ཐུང་ཞིང་རིན་ཐང་དང་རིག་གནས་སྲོལ་རྒྱུན་གྱི་རྨང་རྐང་ཅི་ཡང་མེད་པ་རེད། ཡིན་ཡང་དེང་གི་བོད་པ་ཚོ་ནི་བོད་རང་གི་ཀ་བཞི་གདུང་བརྒྱད་དང་། མགོ་སྦྲ་སྨུག་པོ་ལ་གཏན་ནས་འདང་རྩིས་དང་ཞེན་ཆགས་སྤུ་ཙམ་ཡང་མེད་པར། དེ་དག་ནི་རིན་ཐང་མེད་པ་དང་རིག་གནས་ཀྱི་རྨང་རྐང་མེད་པའི་ཚད་དུ་བཞག་ཡོད་པ་རེད། དེ་ལས་ལྡོག་སྟེ་རང་རྒྱུ་ཡོད་ཚད་ས་རྡོ་ལས་གྲུབ་པའི་ཁང་བ་ཟ་རྔམ་ཅན་འདིའི་ཆེད་དུ་ཕུལ་བར་སེར་སྣ་སྤུ་ཙམ་ཡང་མེད་པ་རེད།
    ང་ཚོའི་འདང་ཞིབ་མོ་བརྒྱབ་ན། དོན་ངོ་མའི་རིན་ཐང་གཞལ་དུ་མེད་པའི་ས་རྡོའི་རྒྱུ་ཆ་ལས་གྲུབ་པའི་ཁང་བ་འདི་ནི་ང་ཚོ་མི་ཚང་མའི་མཐའ་མལ་གྱི་མི་ཚེའི་རོ་སྒམ་དང་དུར་སྒམ་མ་ཡིན་ནམ། རྒྱུ་མཚན་ནི་ད་སྐབས་རྒྱུན་དུ་འཛམ་གླིང་གི་ས་ཆ་སོ་སོ་དང་། བོད་རང་གི་ཡུལ་གྲུ་གང་སར་འབྱུང་བཞི་གནོད་པ་ལོ་རེ་ནས་ལོ་རེར་རྒོད་པའི་དུས་སྐབས་སུ་སླེབས་དང་སླེབས་བཞིན་པའི་སྒང་ཡིན་པས། ནམ་ཞིག་གི་ཚེ་ང་ཚོས་ཡོད་ཚད་ནས་ཡོད་ཚད་འདིའི་ཆེད་དུ་རྫོང་སྐལ་དུ་བྱིན་ཡོད་པའི་རིན་ཆེན་ཁང་བཟང་འདི་ནི་ཡང་བསྐྱར་ས་རྡོ་དང་གད་སྙིགས་ཀྱི་ཐལ་བར་གྱུར་ཚེ་རིན་ཆེན་ཁང་བཟང་འདི་ནི་དོན་ངོ་མའི་ང་ཚོའི་མི་ཡུལ་གྱི་མཐའ་མའི་དུར་ས་མ་ཡིན་ནམ། དེ་དུས་ད་དུང་བོད་རང་གི་ཀ་བཞི་གདུང་བརྒྱད་དང་མགོ་སྦྲ་སྨུག་པོ་གཞི་རྟེན་དུ་གྱུར་ནས་བསྡད་ཡོད་པའི་བོད་མི་རྣམས་ནི་འཇིག་རྟེན་འདི་ན་གསོན་པོར་གནས་ཤིང་དགའ་བདེ་དཔལ་ལ་རོལ་བཞིན་མི་ཡུལ་གྱི་བདེ་སྐྱིད་ཡོད་ཚད་ལ་རོལ་ནས་བསྡད་ཡོད་དོ།། གྲོང་ཁྱེར་གྱི་ས་རྡོ་ལས་གྲུབ་པའི་ཁང་བ་རྩ་ཆེན་དེ་དག་ཐལ་རྡུལ་གྱི་འཚུབ་མའི་ཀློང་ན་ཤི་བོའི་རྣམ་ཤེས་ཀྱི་ངུ་འབོད་གང་སར་ཁྱབ་ནས་མི་ཡུལ་གྱི་འཇིགས་སུ་རུང་བའི་གཡུལ་འགྱེད་ཀྱི་དུར་ཁྲོད་ཞིག་དང་མཚུངས་པའི་དུར་ཐང་དུ་གྱུར་ཡོད་པ་རེད་དོ།།

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

ཁང་བ། ཁང་བ།

2012-10-22 གཅན་རྣམ་ཐར། ཀློག་གྲངས། མཆན ཡོད།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།