ངལ་གསོ་དང་ངལ་གསོ་མ་ཡིན་པ།

ཧོར་ནག་པ་ཀླུ་སྨྱོན། མཆོད་མེ་བོད་ཀྱི་རྩོམ་རིག་དྲ་བ། 2012-10-19

  ངས་དེ་རིང་སློབ་གྲྭའི་ཁོར་ཡུག་གི་ཕྱི་ནང་གསང་གསུམ་ལ་རྐང་ཉུལ་ལག་ཉུལ་བྱས་ནས་ཐང་ཆད་ཟིན།  ད་ནི་སོས་དལ་བག་ཕེབས་དང་སྤྲོ་སྣང་ཟ་ཟིས་ངལ་ཞིག་གསོ་རན། རྐུབ་སྟེགས་ལ་རྒྱབ་གཞུང་བསྙེས་ནས་མིག་ལྕིབས་རེ་ཟུམ་པས་ད་ནི་ངལ་གསོས་སོང་སྙམ།  འདི་ནི་དངོས་གནས་ངལ་གསོ་ཞེས་པའི་གསང་འཕྲུལ་ཅན་དེ་ཡིན་ནམ།
  ཅུང་ཙམ་ནས་ང་རང་གཉིད་ཟིན། ནམ་རིང་བས་རྨི་ལམ་མང་སོང་བ་ཡིན་ནམ་ང་རང་རྨི་ལམ་གྱི་དྲི་བཞོན་བུ་མོར་ཞོན་ནས་གང་སར་ཡུལ་གྱར་བ་ལྟར་འཁྱམས་བསྐྱོད་བྱེད་ཅིང་མཆིས། རྨི་ལམ་ནི་སེམས་གཏིང་གི་འདོད་འདུན་གང་དེ་སྣང་བརྙན་དུ་བྱུང་བའི་ར་བཟི་བའི་སྤྲེལ་ཕྲུག་ལྟར་གང་རྨི་འདི་རྨི་མེད་པ་ཅན་ཞིག་ལགས་པས།  མཚམས་རེར་དར་དིར་གྱི་མགྲིན་གླུ་ལེན་པའི་རྭ་ཡིག་གཉིས་པ་སྐྱེད་ཚལ་དུ་ལྡང་བ་ལྟར་རང་ཉིད་ཧ་ཅང་སྐྱིད་པོར་བྱུང་ཡང་ལན་རེར་ཁྱི་སྨྱོན་གྱིས་རྗེས་འདེད་གཏོང་བའི་བྱིས་པ་སྣབས་ལུག་ལྟར་འགྲོ་བའི་བང་མེད་པས་ཤིན་ཏུ་སྐྲག་པར་གྱུར།  བར་སྐབས་ཤིག་ལ་ང་རང་སྔངས་སྐྲག་གིས་རྨི་ལམ་ལས་སད་ཅིང་། ངལ་གསོས་པར་བཤད་པའི་རང་ཉིད་ནི་རྔུལ་ཆུ་ཁྲོམ་ཁྲོམ་གྱིས་སྔ་ས་ནས་ཆུས་བངས་ཟིན་ལ། ཐང་ཆད་པའི་ཚད་ནི་དངོས་གཟུགས་ཤིག་ཁངས་ནང་ནས་རྦབ་འགྲིལ་བྱེད་པ་ལྟར་ཇེ་ཆུང་དུ་འགྲོ་མ་དགོས་གཅིག་སྟེང་གཉིས་སྣོན་གྱིས་ཇེ་ཆེ་རུ་གྱུར་ཡོད།  ངས་དངོས་གནས་ངལ་གསོས་སམ།  ང་རྨོངས་པར་གྱུར།
   ངས་དམའ་འབྲིང་ནས་དངོས་ལུགས་སྦྱོང་སྐབས།  དངོས་ལུགས་ཀྱི་དཔེ་དེབ་ནང་དུ་དངོས་གཟུགས་ཀྱི་རྣམ་པར་གནས་སྟངས་ལ་གཉིས་ཏེ། གཅིག་ནི་འགུལ་མེད་ཐོ་ཡོར་དང་ཅིག་ཤོས་ནི་འགུལ་བསྐྱོད་རེད།  ཡང་འགུལ་མེད་དེ་ཡང་ལྟོས་བཅས་ཀྱི་འགུལ་མེད་ཅིག་ལས་དོན་གྱིས་དངོས་གཟུགས་ཚང་མ་འགུལ་བསྐྱོད་བྱེད་ཀྱིན་ཡོད་ཟེར། དེས་ན་ང་ཚོའི་ངལ་གསོ་སྟངས་དང་རྣམ་པར་གནས་སྟངས་ནི་མེ་འཁོར་ལ་སྡོད་ཀྱིན་པའི་སྐབས་དང་གཉིས་སུ་མེད་དེ།  ང་ཚོ་མེ་འཁོར་དུ་འགུལ་མེད་ཙོག་པུར་བསྡད་ཡོད་ཀྱང་མེ་འཁོར་འགུལ་གྱིན་པས་ང་ཚོའང་འགུལ་བསྐྱོད་བྱེད་ཀྱིན་ཡོད།  དེ་བས་ང་རང་ཙོག་པུར་བསྡད་དེ་ཟི་ལིང་ནས་ཁྲིན་ཏུའུ་རུ་ཐོན་པ་མ་ཡིན་ནམ།  དོན་ངོ་མར་ང་ཚོས་ངལ་གསོས་མྱོང་ངམ།
      ང་ཚོའི་འཚོ་བའི་ནང་དུ་ནམ་རྒྱུན་ལུས་པོ་ལ་འགྲོ་རྒྱུགས་ཉལ་འཆག་མེད་པ་ཞིག་ལ་ངལ་གསོ་ཟེར་ཡང་། ཁ་སང་སློབ་གྲོགས་ཚེ་རིང་གཡུ་སྒྲོན་མཚོ་འགྲམ་ན་འབག་བཟོས་ཀྱི་ཉ་ཚངས་མ(美人鱼)ལྟར་འགུལ་མེད་ལྷོད་གཡེང་གིས་ཙོག་ཏེ་ཉི་མར་ལྡེ་བཞིན་ཡོད་ལ། ལན་རེར་འཇམ་མཉེན་གྱི་ལག་པའི་འདབ་མ་ཆུ་རུ་བསྒྲེས་ནས་མཚོ་མོའི་ངལ་གསོ་ལ་རླབས་གཉེར་གྱི་བར་ཆད་ཕྲན་བུ་རེ་བགྱི་གྱིན་འདུག   ང་ཚོས་སྣང་ཚུལ་དེ་མཐོང་དུས་སེམས་སུ་ཅི་འདྲའི་ངལ་གསོ་མཁས་པ་ཞིག་རེད་ཨང་སྙམ་པའི་སེམས་བྱུང་ཆུ་སྤྲིན་བཞིན་ཡིད་ཀྱི་མཁའ་ནས་ལང་ལོང་དུ་ལྡང་སྲིད་ཀྱང་དོན་གྱིས་སེམས་ཁམས་རིག་པར་རྒྱུགས་འཕྲོད་མིན་ལ་སེམས་ཚེགས་ཀྱིས་དཔྱིད་ཉི་རིང་བོར་གླ་བརྒྱབ་པའི་གླ་བ་རྒན་མོ་ལས་ཀྱང་ཐང་ཆད་ཡོད་པ་སུ་ཡིས་རྟོགས་ནུས།
  མོ་ལས་གོམ་ཆེན་བདུན་བརྒྱད་ཀྱིས་ཕྱིར་བཀྱེད་པའི་ལྗོན་ཤིང་གི་བསིལ་གྲིབ་འོག་ན་དེ་རིང་ཕྱི་དྲོར་བུ་མོ་ཞིག་གིས་ཅུང་མཐུག་པའི་ཤོག་ལེབ་དམ་དུམ་དུ་མ་ཐང་དུ་བཏིངས་ནས་སྟེང་དུ་ཉན་ཆས་ཤིག་རྣ་རུ་བཙུགས་ཏེ་གཡང་མོ་ལུག་ལྟར་ལྷོད་འཁྱུག་གེར་ཉལ་ཡོད་ལ། རེས་གསལ་རེས་འཇགས་དང་རེས་ཉེ་རེས་རྒྱང་གི་“ཨིན་ཨིན་ཧིན་ཧིན”གྱི་སྣ་བའི་གླུ་གཞས་ཕྲན་ཕྲན་རེའང་དུས་འདི་དང་སྐབས་འདིར་རྣ་བའི་དཔྱིད་དུ་སྨིན་ཡོང་། མོས་བཤད་པ་ལྟར་ན་མོས་ངལ་གསོ་གྱིན་ཡོད་ཟེར། དངོས་གནས་ངལ་གསོས་ཡོད་དམ། ཁྱོད་ཀྱི་ལུས(ཕྱི་རྣམ་པ་འགུལ་མེད)ངག་ཡིད་གསུམ་གྱིས་ལྷོད་ཤིག་ཤིག་གིས་ངལ་གསོས་ཡོད་པའི་དབང་དུ་བཏང་ཡང་། ཁྱོད་ཀྱི་ཤ་ཁྲག་གདོས་བཅས་ཀྱི་ཕུང་བོས་ངལ་གསོས་ཡོད་དམ། ཁྱོད་ཀྱི་ཕུང་བོའི་ཉེར་ལེན་ཕྲ་ཕུང་གིས་ངལ་གསོས་ཡོད་དམ། ཁྲག་རྒྱུན་འཁོར་བསྐྱོད་བྱེད་ཀྱི་ཡོད་དམ། དབུགས་འབྱིན་རྔུབ་བྱེད་ཀྱི་ཡོད་དམ། ལུས་སྟེང་གི་རྙིང་ཚབ་གསར་བྱེད་གང་ན་ཡོད། ཡོད་ཚད་འགུལ་མེད་དེ་མཚམས་བཞག་སོང་ངམ།
   ན་ནིང་གི་ལོ་ནི་ང་རང་ལ་མཚོན་ན་ཆེས་བདེ་ཡང་གི་ལོ་ཞིག་སྟེ། སློབ་མགོ་བརྩམས་ནས་ཉིན་བཅུ་གྲངས་ལྷག་འགོར་ཡང་ང་རང་ལྷ་བཟོ་ཀུན་དགའ་ལྟར་རྨི་ལམ་གྱི་རྟ་ལ་ཞོན་ནས་ཞོགས་ནངས་མོའི་སློབ་ཐུན་གཅིག་ཀྱང་འཚོགས་མ་མྱོང་། རྒྱུགས་གཞིས་སྤྲེའུའི་རྔ་མ་མེས་འཚིག་པ་ལྟར་སློབ་མ་དག་ཚ་རེག་གིས་དེད་ཡོང་ཀྱང་ང་ཁོ་ན་ད་དུང་ལུས་རྩལ་ར་བ་ན་མའེ་ཁའོ་ཇོར་ཏན་(Michael·Jordan)ལྟར་སྤོ་ལོའི་དོན་དུ་མཆོངས་ལྡིང་བྱེད་ཀྱིན་ཡོད།  གཞན་ང་རང་གློག་བརྙན་ལ་བལྟ་རྒྱུར་དགའ་བས་ནམ་རྒྱུན་ནམ་གུང་གི་དུས་ཚོད་གསུམ་པ་ཡོལ་ཡང་སྟེགས་སྒྲོན་ཁེར་ཆད་ཅིག་གི་འོག་ན་མིག་ཅེར་ཅེར་གྱིས་ཤེལ་ངོས་དེར་ཧད་ཡོད། རང་ཉིད་ཀྱིས་ངེས་དོན་གྱི་ངལ་རེ་གསོས་སོང་སྙམ།
    མཐར་རྒྱུགས་ཡོངས་སུ་བླངས་ཚར་བའི་ཉིན་མོར་ངས་རང་ཉིད་ཆེས་བལྟ་བར་དགའ་བའི་བརྙན་འཕྲིན་དེ་ཞག་གང་བོར་བལྟ་རྒྱུའི་འཆར་གཞི་འཐེན། དུས་ཚོད་བཅུ་གཅིག་ཙམ་ལའང་ཐོན་མེད། དེ་རིང་གི་ང་སྔར་ནས་མལ་ས་རུ་ཕག་ཤི་བོ་ལྟར་འགྱེལ་ཏེ་གཉིད་སྐྱིད་པོའི་སྔུར་སྒྲ“ཧུར་ཧུར”དུ་འཐེན་གྱིན་མཆིས། ངས་ཉིན་དེར་ད་གཟོད་ཧ་གོ་བ་ནི་མ་གཞིར་དེ་སྔོན་གྱི་རང་ཉིད་ནི་ཤིན་ཏུ་ཐང་ཆད་ཡོད་དེ། དེ་རིང་འགན་འཁུར་ཞིག་རེ་ཞིག་ལ་རྫོགས་སོང་བས།  ཨ་ཐང་ཆད་དྲགས་ཀྱང་ཆད་པ་ངོས་མ་ཟིན་པའི་ངས་ལྷུ་ཚིགས་ཀྱི་མདུད་པ་ལྟོས་བཅས་ཀྱིས་ལྷོད་ལྷོད་ཅིག་ཏུ་གྲོལ་ཐུབ་སོང་བ་རེད། དོན་གྱིས་ངས་ངལ་གསོས་མྱོང་ངམ། འཆི་བ་ཁོ་ན་ནི་ད་གཟོད་ངེས་དོན་གྱི་ངལ་གསོ་དེ་ཡིན་ནམ།
   gམི་ནི་འགན་འཁུར་དང་སེམས་ཚེགས་གྲངས་མེད་ཀྱི་ཀློང་ན་འཕྱན་ཞིང་འཁྱམས། འཁྱམས་ཤིང་སྦྲིད། སྦྲིད་ཅིང་འཐོམས་པ་ཞིག་རེད་ཨང་། ཡིན་ཡང་མི་ནི་དཔྱོད་ཤེས་ཀྱི་སྲོག་ཆགས་ཤིག་དང་མིའི་རིན་ཐང་དེ་ཡང་གནོན་ཤུགས་སྟོབས་ཤུགས་སུ་བསྒྱུར་བའི་ཐབས་རྩལ་དང་འགན་འཁུར་གྱིས་སྟོབས་ཤུགས་དང་ཐོབ་ཐང་བསྩོལ་བའི་ངེས་ཤེས་ཀྱིས་མངོན་འགྱུར་བྱ་དགོས་པས། མི་རྣམས་གསོན་པ་ཚུན་ཆད་དུ་ངལ་གསོ་མེད་པར་དཀའ་སྤྱད་འབད་བརྩོན་བྱེད་པ་དེ་ཡར་ཐོན་ཡོང་བའི་རྨང་གཞི་རུ་བསམ་ཞིང་འཁྱེར་དགོས་ཨང་།
 
རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

ངལ་གསོ་དང་ངལ་གསོ་མ་ཡིན་པ།

2012-10-19 ཧོར་ནག་པ་ཀླུ་སྨྱོན། ཀློག་གྲངས། མཆན ཡོད།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།