རྩེད་ཆས་ལྟ་བུའི་རྟ་རྒན་དེ་ཚོ་གླེང་བ།

ནག་ལྡོང་འཁྱམས་པོ། མཆོད་མེ་བོད་ཀྱི་རྩོམ་རིག་དྲ་བ། 2012-10-05

   ཐོག་མར་ཁོ་བོའི་ངག་སྒོར་འཚང་འོང་བ་ནི་དགེ་འདུན་ཆོས་འཕེལ་གྱིས། གྲོག་མ་མིག་མེད་བདེ་བའི་ཆེད་དུ་རྒྱུག།  ས་འབུ་རྐང་མེད་བདེ་བའི་ཆེད་དུ་རྒྱུག།  མདོར་ན་འཇིག་རྟེན་ཐམས་ཅད་བང་འགྲན་ནས།།  གཅིག་ལས་གཅིག་མགྱོགས་བདེ་བའི་ཕྱོགས་སུ་རྒྱུག།  ཅེས་གསུངས་བ་ནང་བཞིན་བདེ་བ་འབའ་ཞིག་འདོད་པ་དང་བདེ་བ་འབའ་ཞིག་དོན་དུ་གཉེར་བ་ལས་སྡུག་བསྔལ་གྱི་ཆ་ཕྲ་མོ་ཙམ་ཡང་མི་འདོད་པ་ནི་རང་གཞན་སུ་ཡང་འདྲ་འདྲ་ལོས་ཡིན་ཟེར་རྒྱུ་དེ་ཡིན། དེ་ནས་གང་གླེང་བར་འདོད་པ་ནི་ང་ཚོའི་འབྲོག་པའི་འཚོ་བའི་ཁྲོད་དུ་གནའ་སྔ་མོ་ཞིག་ནས་ལབ་ཙེ་བསྟོད་པ་དང་དུས་སྟོན་རྣམས་སུ་རྟ་རྒྱུག་དང་མདའ་འཕེན་སོགས་གྱི་སྲོལ་ཞིག་དར་ཡོད་ཚོད་འདུག་ལ་དེ་ནི་ཕ་དང་མེས་པོ་ནས་རྒྱུད་འོངས་པའི་ཡུལ་སྲོལ་དང་གོམས་གཤིས་ཞིག་རེད་ཅེས་བརྗོད་ཀྱང་ཆོག་ཆོག་རེད།    ང་ཚོས་ཕ་དང་མེས་པོའི་གོམས་སྲོལ་ལ་རྩི་མཐོང་དང་གདེང་འཇོག་དགོས་སམ་ཟེར་ན་རྩི་མཐོང་དང་གདེང་འཇོག་བྱེད་དགོས་པ་ཤ་སྟག་ཡིན་མོད། འོན་ཀྱང་ཉམ་ཆུང་བ་དང་ཉག་ཕྲ་བའི་དུད་འགྲོ་དེ་ཚོ་སྡུག་ལ་སྤྱོར་བའི་བྱ་ཚུལ་རྟ་རྒྱུག་ལྟ་བུ་ནི་གཞི་ནས་ཉམས་འགྲོ་བའི་དབང་དུ་བཏང་ན་ཡང་ངོ་ཚོ་ལ་འགྱོད་པ་དང་ཕངས་སེམས་ད་དུང་ངོ་ཚ་དང་མི་རིགས་འདི་ལ་ཉམས་འགལ་སོགས་ཀྱི་ཆ་ཅི་ཡང་མེད་པ་ཞེ་ཐག་རེད་ཡང་འཁུམས་སོ།  ཁ་སང་དེ་རིང་ཕྱུགས་ལས་ས་ཁུལ་གྱི་འཚོ་བའི་ཁྲོད་དུ་རྟ་རྒྱུག་གི་རྩེད་མོ་ནི་ཇེ་མང་ནས་ཇེ་མང་དང་ཟིང་ཆ་ཇེ་ཆེ་ནས་ཇེ་ཆེ་རུ་སོང་སྟེ་དཔྱིད་ཟླ་ར་བ་ཤར་ཙམ་ནས་རྟ་རྒན་ཚོའི་བང་ཁ་བསྡུར་ཏེ་ཚ་ཚ་དང་འུར་འུར་བྱེད་བཞིན་འདུག་ལ།  འབྲོག་ལས་ས་ཁུལ་གྱི་མང་ཚོགས་ལ་མཚོན་ན་ཡང་ཕལ་ཆེར་ཞིག་བླ་མས་ཆོས་བཤད་དང་མཁས་པའི་སློབ་གསོ་གཏོང་ས་རུ་རྟ་རྒན་ཚོའི་བང་ཁ་གཤིབས་སར་འགྲོ་མོས་ལྟར་བློ་ཁ་ཕྱོགས་པ་མིན་ལ། དེར་མ་ཟད་ད་དུང་འཚོ་བའི་ཁྲོད་དུ་ཡིག་རྨོངས་སེལ་བར་བྱེད་པ་ནི་དཀའ་བའི་ལས་འབའ་ཞིག་དུ་མཐོང་བ་དང་དགེ་བཅུ་ལྟ་བུའི་ཁྲིམས་ཤིག་ཡོད་ན་ང་ཚོའི་ཁ་གསོ་ཐབས་དང་ནམ་ལངས་ཐབས་མི་འདུག་ཅེས་སྡིགས་མོ་དང་སྨྲེ་ངག་འདོན་པའི་མི་ཡང་ཚད་མང་ཤས་སུ་སླེབས་འདུག  དེ་རིང་ས་ཚིགས་གང་རུང་ཞིག་ན་རྟ་རྒྱུག་ཡོད་ཚུལ་་ཐོས་ན་ནག་མོ་ཚོས་ཁྱིམ་ལས་བསྐྱུར་ནས་འགྲོ་བ་དང་སྐྱེས་པ་ཚོས་ནོར་ལུག་རི་ལ་གཏོར་ནས་འགྲོ་སྲིད་ལ། འདི་ལྟར་རུ་ཆེན་དང་རུ་ཆུང་ཚང་མའི་མྱི་དེ་ཚོ་ལོང་ལོང་འགུལ་ཏེ་མགོ་མེད་དཔུང་མེད་ཀྱི་རྟ་རྒན་དེ་ཚོ་སྡུག་ལས་དང་རྩེད་ཆས་བྱེད་སར་འཚང་འོང་བ་ནི་སུས་ཀྱང་སྣང་རུང་དང་དངོས་ཡོད་ཀྱི་གནས་ཚུལ་དེ་འདྲ་རེད།  འོ་ན་དུད་ནག་གླེན་པོ་འདི་ཚོ་ངལ་བའི་ལས་སུ་ཅི་ལྟར་སྦྱོར་ཡང་ཉེས་པ་ཞིག་མེད་པ་དང་དེ་ལྟར་ཐུབ་ཚོད་བྱས་ཆོག་ཆོག་ཡིན་ནམ་སྙམ་ན། དུད་ནག་ཚོ་སྡུག་ལ་སྦྱོར་ན་ཉེས་པ་མེད་ཚུལ་ཞིག་བཀའ་མདོ་བརྒྱུད་གང་དུ་ཡང་མ་གསུངས་ལ། འོ་ན་བདེ་སྡུག་གི་ཚོར་བ་ཨེ་ཡོད་སྙམ་ན་རང་དང་འདྲ་འདྲ་ཡིན་པ་དང་དེ་དག་སྡུག་བསྔལ་ལ་སྤྱོར་ན་ཉེས་པ་ཆེ་ཚུལ་ནི་རྒྱལ་བོ་ཟས་གཙང་མའི་སྲས་བོས་མཛད་པའི་་ལས་འབྲས་ཀྱི་རྣམ་བཞག་དག་ན་མང་དུ་འདུག་ལ། དེའི་ཕྱིར་ན་དེ་རིང་དགེ་བ་ཞིག་སྒྲུབ་ས་རུ་དགེ་བ་དེ་སྒྲུབ་འདོད་དང་ཡི་རང་གིས་སོང་ན་གནས་དེ་ལ་དགེ་བ་ཅི་ཞིག་སྒྲུབ་པ་དེ་རང་ཉིད་ལ་ཡང་ཐོབ་པ་ནང་བཞིན་སེམས་ཅན་སྡུག་ལ་གཏོད་སར་ཡི་རང་གིས་སོང་ན་དེ་ན་ཉེས་པའི་ཆ་ཅི་ཡོད་པ་རང་ལ་ཡང་་ཐོབ་འགྲོ་བ་བསྙོན་མེད་རེད་འདུག  ཁོ་བོས་འདི་ལྟར་རང་རང་གི་ལྟོ་བའི་བྲི་གང་དང་སེམས་ཀྱི་བདེ་སྡུག་ལས་གཞན་གྱི་བདེ་སྡུག་ལ་བསམ་བློ་མི་གཏོང་བའི་ཉམ་ཆུང་གི་དུད་འགྲོ་གླེན་པོ་དེ་ཚོ་རྩེད་ཆས་བྱེད་པའི་འཁྲེལ་མེད་ཚོ་ཟེར་ན།  རྟ་བདག་ཚོས་འཕྱ་སྨོད་དང་རྟ་རྒྱུག་ལ་རྣ་བ་གཅོར་གཅོར་བྱེད་པའི་མི་བུ་དེ་ཚོས་ལྐོག་ཏུ་ཁ་ཟེར་མང་པོ་ཤུབ་ཤུབ་མི་བཤད་པའི་ངེས་བ་གང་ཡང་མེད་མོད། སེམས་པ་ནང་ལ་བསྐོར་ཏེ་ལག་པ་བྲང་ལ་བཀབ་ནས་ཆ་རེ་བཞག་ན་ཤ་ཚ་དང་སྙིང་རྗེ་མེད་པའི་འཁྲེལ་མེད་ཚོ་ཞེས་པའི་སྡོམ་ཚིག་འདི་ལྟར་རྒྱག་འདོད་ཡོད།   རང་གི་ཕ་ཡུལ་ཕྱོགས་སུ་མཚོན་ན་ཡང་སྔར་ཡིན་ན་ལོ་གཅིག་གི་ནང་དུ་རྟ་རྒྱུག་མང་པོ་ཞིག་མེད་མོད་ཉེ་ལམ་ལོ་རེ་ཟུང་ཞིག་གི་སྔོན་ནས་ལོ་རེ་ལ་རྟ་རྒྱུག་ཐེངས་མང་པོ་ཡོད་པར་བཤད་ལ། མ་གཞི་ཡུལ་མི་དེ་ཚོས་མི་རྐྱང་གི་རྟ་རྒྱུག་ཞེས་འབོད་པ་དེ་ཡིན་ཚོད་རེད།  མི་རྐྱང་གི་རྟ་རྒྱུག་ཞེས་འབོད་པ་་དེ་ནི་སོས་དལ་དང་བག་གཡེངས་གིས་སྡོད་པའི་མི་ལ་ལ་ཞིག་གི་བློ་ནང་དུ་དྲན་འོང་བ་ཞིག་ཡིན་པ་གདོན་མི་ཟ་སྟེ།  རང་རང་གི་སྒེར་ཐོག་ནས་སྒོར་མོ་བསྡུས་ཏེ་འཕྲུལ་རྟ་དང་འཁྱག་སྒམ་བརྙན་འཕྲིན་སོགས་ཉོས་ཏེ་རྟ་བདག་ཚོ་འབོད་སྐད་བཏང་ནས་ང་ཚོས་འཕྲུལ་རྟ་དང་འཁྱག་སྒམ་བརྙན་འཕྲིན་སོགས་བཤམས་རྒྱུ་ཡིན་ལ་ཁྱོད་ཅག་གིས་རང་རང་གི་རྟ་རྒན་དེ་ཚོ་ཁྲིད་ཤོག་དང་འགྲན་སྡུར་བྱས་ཏེ་མི་སུ་ཞིག་གི་རྟ་རྒན་སྔོན་ལ་ཐོན་ན་དེ་ལ་དངོས་པོ་འདི་དང་འདི་ལྟ་བུ་སྟེར་ཟེར་ན། རྟ་རྒན་ཚོའི་གོམ་ལག་བར་ནས་ལ་རྒྱ་རྩོད་སྙིང་འདོད་པའི་མི་བུ་དེ་ཚོས་སྙིང་རྗེ་མེད་པར་ཉིན་འགའ་ཞིག་ལ་རྟ་རྒན་ཚོའི་ཟས་གཅོད་པ་དང་ལུས་ལ་ཆུས་བྲན་པ་སྲབ་སྐྱོགས་ཀྱིས་ཁ་དགག་པ་སོགས་སྡུག་བསྔལ་འབའ་ཞིག་མྱོང་དུ་བཅུག་ནས།  ལ་དང་ལུང་བར་གནས་པའི་ལྷ་ཀླུ་་དག་ལ་ངའི་ཕ་དང་་མ་འདྲ་བོ་དེ་རིང་ང་རྒྱལ་ན་ལྷུང་ན་ཁྱེད་མཁྱེན་ཁྱེད་ཤེས་ཞེས་སྐྱབས་བཅོལ་དང་བདེན་པ་བརྡར་བཞིན་ཡོང་ལ། གོམ་པ་སྟོང་ཕྲག་མང་པོའི་བར་དུ་རྟ་རྒན་དེ་ཚོ་སྙིང་རྗེ་མེད་པར་གློད་དེ་བསྐོར་རྒྱུག་བྱས་ནས་གོམ་འགྲོས་འཁྱོར་ནས་འགྲོ་བ་ཞིག་བྱེད་ལ།  འདི་ལྟར་གོམ་པ་སྟོང་ཕྲག་མང་པོའི་བར་ལ་བསྐོར་རྒྱུག་བྱེད་པའི་སྡུག་བསྔལ་དོས་དྲག་པོས་མནར་བ་དེ་ནི་ལོ་གཅིག་གི་ནང་དུ་ཐེངས་གཅིག་ཡིན་ན་སྐྱོན་མི་འདུག་ཟེར་དགོས་མོད།  འདི་ལྟར་ལོ་རེའི་ནང་དུ་ཐེངས་མང་པོར་མནར་གྱིན་ཡོད་པ་དེ་རེད།   ངོ་ཚོ་བོད་པ་ཕྲེང་བཟུང་ཞིག་ཡིན་པའི་ཆ་ནས་བཤད་ན་བོད་པ་ནི་བྱམས་དང་སྙིང་རྗེ་ཅན་དང་དམ་པའི་ཆོས་ལ་བློ་དགའ་བ་ཞིག་ཡིན་པར་བཤད་མོད། དེ་ནི་བདེན་པ་ཡིན་ན་བྱ་ངན་འདི་ནི་དེ་དང་འགལ་བའི་ལས་ཞིག་ཅི་ལ་མིན།  ང་ཚོ་ནི་ཆོས་ལ་དགའ་ཞིང་ཆོས་ལ་དད་པ་བདེན་ན་དམ་པའི་ཆོས་ཀྱི་ངོ་བོ་ནི་འཚེ་བ་མི་བྱ་བ་ཞིག་ཡིན་པ་ཁས་ལེན་དགོས་ལ་དེ་ལྟར་ཁས་ལེན་འདོད་ན་དམ་པའི་ཆོས་དང་སེམས་ཅན་ཚོ་ལ་གནོད་པར་བྱེད་པའི་་བྱ་བ་ངན་པ་གཉིས་ནི་ཐ་དད་ཞིག་ཡིན་པ་སུས་ཀྱང་གོ་བ་རེད།   ཁོ་བོའི་ལྟོ་བ་ཟས་ཀྱིས་རྒྱགས་ལུས་པོ་ཉི་མས་དྲོས་ཏེ་འདི་ལྟར་སྟོང་གཏམ་ལབ་འདོད་པ་མིན་ལ་རང་རང་ལ་དཔེ་ཞིག་ཞོག་དང་ས་འབུ་རྐང་མེད་ནས་བཟུང་སྟེ་བདེ་སྡུག་གི་ཚོར་བ་ཡོད་པ་འདྲ་འདྲ་ཡིན་པས་ཉམ་ཆུང་གི་རྟ་རྒན་དེ་ཚོ་ལྟོགས་སྐོམ་གྱིས་མནར་བ་དང་ད་དུང་བསྐོར་རྒྱུག་བྱས་ཏེ་གློ་བ་ཁ་ནང་དུ་ཐོན་པའི་སྡུག་བསྔལ་ཁྲོད་དུ་སྤུ་ཉག་རེ་རེའི་རྩེ་མོ་ན་དངུལ་ཆུ་ཁྲོམ་ཁྲོམ་འཐོར་བ་དེ་རེད།  དཔེར་ན་དེ་རིང་རྟ་བདག་རེ་རེའི་རྒྱབ་ལ་ལྩིད་ཚད་རྒྱ་མ་ལྔ་བཅུ་ཡས་མས་སུ་སོན་པ་ཞིག་་རྒྱབ་ལ་བཞག་ནས་ལེ་བར་གཅིག་གི་ཕྱེད་ཙམ་དུ་རྒྱུག་དགོས་པའི་དབང་དུ་བཏང་ན་ཕལ་ཆེར་གཅིན་དང་སྐྱག་པ་མཉམ་དུ་ཤོར་བའི་ཉེན་ཁ་ཚ་བོ་འདུག་པས། དེའི་ཕྱིར་ན་ཉམ་ཆུང་གི་དུད་འགྲོ་སྐྱབས་མེད་པ་དང་མགོན་མེད་པ་འདི་དག་རྩེད་ཆས་བྱེད་པ་ངོ་མ་སྙིང་རྗེ་སྟེ། འདི་དག་ལ་ཤ་ཚ་མེད་པའི་བདག་པོ་ཚོ་ཟེར་བ་ལས་ང་རང་ཉིད་དང་རྟ་བདག་ཚོའི་བར་ན་སྡང་སེམས་འབར་བའི་ཞེ་འཁོན་ཡོད་པ་ཅི་ཡང་མིན།  ཁ་སང་དེ་རིང་ང་ཚོས་བརྙན་འཕྲིན་གྱི་སྒེའུ་ཁོང་ལས་མཐོང་བའི་དཔེར་ན་གླང་རྒན་རྭ་རྩེད་དང་གླང་ལ་མདུང་ཐུང་སྣོན་པ་འོག་དཀར་ལྟ་བུའི་རི་དྭགས་དག་གསོན་པོར་བཤའ་བ་སོགས་ལ་ལྟད་མོར་གཡེངས་བའི་མི་འབོར་ཆེན་གྱིས་དེ་ལྟར་བྱེད་པ་ལ་དགའ་དགའ་དང་སྤྲོ་སྤྲོ་བྱེད་པར་འདུག་ལ་ང་ཚོས་གནས་ཚུལ་དེར་འཇིགས་འཇིགས་དང་ཞེ་མེར་མེར་ལྟ་བུ་བྱེད་མོད་ཁོ་བོས་བསམ་ན་རྟ་རྒན་ཚོ་སྡུག་ལ་གཏོད་ལུགས་ཡང་འདི་དང་བར་ཁྱད་ཡོད་པ་ཅི་ཡང་མཐོང་གི་མི་འདུག  དུས་རབས་འདིའི་དཀྱོགས་མཚམས་ཞིག་ནས་ས་ཆ་དང་ཡུལ་བ་མང་པོ་ཞིག་ན་སེམས་ཅན་གྱི་བདེ་སྡུག་དང་ཚེ་སྲོག་ལ་ཆུ་འཁྱག་ཕོར་བ་གང་གི་བརྩི་འཇོག་དང་དོ་སྣང་གང་ཡང་མེད་པར་རྩེད་ཆས་ཁོ་ནར་བྱེད་བཞིན་ཡོད་ལ་༼བླ་རུང་ནང་བསྟན་སློབ་གླིང་གི་མཁན་པོ་ཚུལ་ཁྲིམས་བློ་གྲོས་ལགས་ཀྱིས༽་བྲིས་པའི་མཁས་འཇུག་གི་གསར་འགྲེལ་ལ་དཔྱད་པའི་འཇུག་དུ་༡༩༨༦ལོར་ཨ་རིའི་རྒྱལ་ཚོགས་ཀྱི་རིགས་གསར་ལག་རྩལ་དཔྱད་བསྡུར་ཚོད་རྩིས་ཁང་གིས་སྙན་ཞུ་བྱས་པ་ལས།  ཨ་རིར་ལོ་རེ་ལ་ཉུང་མཐའ་ཡང་སྲོག་ཆགས་བྱེ་བ་གཅིག་དང་ས་ཡ་བདུན་ནས་བྱེ་བ་གཉིས་དང་ས་ཡ་གཉིས་གྱི་བར་ཚོད་བལྟའི་ཆེད་སྤྱད་ཅེས་ཟེར།  ཉུང་རྩིས་བྱས་པ་སྟེ།  ༡༩༦༦ལོའི་རྒྱལ་ཚོགས་ཀྱི་དཔང་ཚིག་ལས་ཚོད་རྩིས་བྱས་བར།  ༡༩༦༥ལོར་ཨ་རིས་ཚོད་བལྟའི་ཆེད་སྤྱད་པའི་བྱི་བའི་རིགས་དང་རི་བོང་བྱེ་བ་དྲུག་ཡོད་ཅེས་པ་དང་།  ཐ་ཧྥུ་ཚི་སློབ་གྲྭ་ཆེན་མོའི་ཕྱུགས་སྨན་སློབ་གྲྭའི་རབ་འབྱམས་པ་ཨན་ཏི་ལོ་ཝེན་གྱིས་ལོ་རེར་སྲོག་ཆགས་བྱེ་བ་བདུན་དང་ས་ཡ་གཅིག་འདུག་ཟེར་བ་དང་།  ཁོས་༡༩༨༥ཡང་རྩིས་བྱས་ཏེ། ཚོད་ལྟའི་སྔ་རོལ་ཏུ་སྐྱེ་འདྲེན་གྱིས་ཤི་བ་དང་བསད་པ་སོགས་མ་བརྩིས་བར་དངོས་སུ་ཚོད་བལྟའི་ཆེད་སྤྱད་པ་ལོ་རེར་བྱེ་བ་གཉིས་ས་ཡ་ལྔ་ནས་བྱེ་བ་གསུམ་ས་ཡ་ལྔའི་བར་འདུག་ཅེས་སྨྲས་ཞེས་པ་དང་།  ཁྲ་ལི་ཧྲི་གཙང་པོའི་སྲོག་ཆགས་སྐྱེད་གསོ་ཁང་གིས་ལོ་རེ་ལ་ཙོད་བལྟའི་ཆེད་སྤྱད་པའི་སྲོག་ཆགས་བྱེ་བ་གཉིས་དང་ས་ཡ་གཉིས་ཙམ་རེ་བསྐྱེད་ནས་ཚོད་བལྟ་ཁང་སོ་སོར་འཚོང་བར་བྱེད།  ༡༩༨༨ ལོར་ཨ་རའི་ཞིང་ལས་ལས་ཁུང་གིས་བྱས་པའི་སྙན་ཞུ་ལས་། སྲོག་ཆགས་ས་ཡ་གཅིག་དང་འབུམ་དྲུག་སུམ་ཁྲི་ལྔ་སྟོང་ཉིས་བརྒྱ་གྱ་བརྒྱད་ཚོད་བལྟའི་ཆེད་སྤྱད་ཟེར། དེའི་ནང་ཁྱི་༡༩༠༩༧༦དང་། བྱི་ལ༩༢༢༧༥དང་། སྤྲ་རིགས་༤༡༦༩༡དང་། རྒྱ་གར་གྱི་བྱི་བ་སོགས་བྱི་བའི་རིགས་བསྡོམས་པའི་གྲངས་༧༦༣༩༠༢དང་།  རི་བོང་༩༥༩༢༥༩དང་། གཞན༡༧༨༢༩༩བཅས་ཡོད་ཟེར་རོ། འོ་ན་སྲོག་ཆགས་དེ་དག་ལ་ཤ་དང་སྙིང་མེད་པར་རྩེད་ཆས་ནང་བཞིན་ཚོད་བལྟ་ཅི་ལྟར་བྱེད་ཟེར་ན་འདི་ལྟ་སྟེ།  ཚ་གྲང་གི་རེག་བྱ་བཟོད་དཀའ་བ་མྱོང་དུ་འཇུག་པ་དང་།  བཀྲེས་པ་དང་སྐོམ་དུ་འཇུག་པ་དང་།  མིག་ལོང་བ་དང་། ལུས་ཤུགས་ཉམས་པར་བྱེད་པ་དང་།  དུག་ཟ་རུ་འཇུག་པ་དང་། མེས་སྲེག་པ་དང་། གློག་ཤུགས་ཆེན་པོས་ལུས་ལ་རེག་པ་དང་། བརྡེག་པ་དང་། ལུས་རྨས་བར་བྱེད་པ་དང། སྨྱོ་རུ་འཇུག་པ་སོགས་མནར་གཅོད་ཚད་མེད་གཏོང་བ་དང་སེམས་ཅན་ཚ་བས་ཇི་ལྟར་འཆི་བ་བརྟག་པའི་ཕྱིར་རི་བོང་དང་ཕུག་རོན་སོགས་ཤེལ་གྱི་སྒམ་ནང་དུ་བཅུག་སྟེ།  ཉི་མ་ཧ་ཅང་ཚ་བའི་ཚེ་རྡོ་གཅལ་སྟེང་དུ་བཞག་སྟེ་བལྟ།  ཚ་རིམ་ཨང་གྲངས་བཞི་བཅུར་སོན་པ་ན་རི་བོང་དག་འཕག་མཆོང་དང་རྐང་བས་འཕྲ་ཤད་བྱེད་པའི་མོད་ལ་རྩ་འཁུམ།  ཚ་རིམ་ཞེ་ལྔར་སོན་པ་ན་ས་ལ་འགྱེལ་ཏེ་ཁ་ཆུ་བཞུར། ཞེ་དགུ་སོན་ཚེ་དབུགས་ཧལ་ཅིང་སྐད་དམའ་བ་འབྱིན་ལ་ཅུང་ཞིག་ནས་ཤི་བར་འགྱུར་ཅེས་ཟེར།  དེ་བཞིན་དུ་ཁྱི་དང་བྱི་ལ་སོགས་ལ་ཡང་དེ་ལྟར་བྱས་ཏེ་འཆིར་འཇུག་པ་དང་།  མ་ཤི་བ་སོགས་བསད་ཅིང་བཤས་ནས་ཇིལྟར་འགྱུར་བལྟ་བ་དང་། ཕྱུགས་སྨན་ཁང་གི་བྱ་བ་སྒྲུབ་མཁན་རེ་ཡུ་དང་པ་རེ་གཉིས་ཀྱིས་ཉིན་གཅིག་ལ་བྱི་བ་ཆིག་སྟོང་དང་ཞེ་གཉིས་ཀྱི་རྐང་པར་གློག་ཤུགས་དྲག་པོས་རེག  དེ་ནས་མིག་ལ་གློག་དབྱུག་གློག་ཤུགས་དྲག་པོ་ཅན་གྱིས་རེག གློག་ཤུགས་ཅན་གྱི་སྐམ་པས་རྣ་བ་གཉིས་བསྡམས་ཏེ་རྩ་འཁུམ་དུ་བཅུག་པས་ཉིན་གཉིས་ཀྱི་བར་ཐམས་ཅད་ནད་ཀྱིས་ཐེབས་ཤིང་ཤི་བ་སོགས་ཀྱི་གནས་ཚུལ་སྙིང་རླུང་སྟོད་ལ་འཚང་འོང་བའི་ཡ་ང་བ་དང་ཡིད་སྐྱོ་པའི་བྱ་ངན་འདི་འདྲ་ཞིག་སྟེ།  ང་ཚོས་ཀྱང་ཉམ་ཆུང་གི་རྟ་རྒན་དེ་ཚོ་ཉི་མ་ཚ་མོའི་ནང་དུ་ལེ་བར་མང་པོའི་བར་འཕོངས་ལ་ལྕག་ཚན་གྱིས་གཞུས་ཏེ། ཐང་ཆད་ནས་གོམ་པའི་འགྲོས་འཁྱོར་ཏེ་རྔ་མ་འཕྲད་དུ་གཡུགས་ན་ཡང་ད་དུང་རྡུང་ཤིག་དང་རྒྱོབ་ཤིག་ཅེས་ཀི་ཅོ་འདོན་པ་ནི་གོང་སྨྲས་ཀྱི་འདི་དག་དང་འདྲ་འདྲ་ཡིན་པས་བྱ་བ་ངན་པ་དག་རང་ཅག་གིས་བྱེད་བཞིན་གཞན་ཞིག་ལ་ཧ་ལས་པ་ནི་དགོད་བྲོ་བ་ཞིག་གོ ངས་འདི་ནས་༼སེང་ཕྲུག་ཞེས་པའི་རྩོམ་པ་པོ་ཞིག་གིས༽་རྟ་རྒྱུག་གི་ཐད་དུ་བཏོན་པའི་འབོལ་རྩོམ་ཞིག་ལས་རང་རེའི་དུད་འགྲོ་དག་དཀའ་ལྟོགས་མྱོང་དུ་བཅུག་སྟེ་གནོད་འཚེ་ཚད་མེད་བྱེད་པ་དེ་ནི་་རྩེད་མོར་རློམ་པ་དང་། ཀླ་ཀློ་དག་གིས་འཚེ་བ་ཆོས་སུ་སྨྲ་བ་མཚུངས་འདུག་ཟེར་ན་ཐལ་ཆེ་ཡང་ཕྱོགས་གང་ཐད་ནས་འདི་ལ་དཔྱད་པ་རེ་བཏང་ན་སེམས་ཅན་ཉམ་ཆུང་དག་སྡུག་པའི་ལས་སུ་ཕབས་པ་འདི་ནི་བཏང་སྙོམས་སུ་འཇོག་རིགས་སམ་ཞེས་པ་དེས་འཇུག་བསྡུ་རྒྱུ་ཡིན།།               

                        ༢༠༡༢  ༨  ༥  ཉིན་སློབ་གླིང་ནས།

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

རྩེད་ཆས་ལྟ་བུའི་རྟ་རྒན་དེ་ཚོ་གླེང་བ།

2012-10-05 ནག་ལྡོང་འཁྱམས་པོ། ཀློག་གྲངས། མཆན ཡོད།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།