ངག་མི་སྨྲ་བའི་རིག་གནས།

  རང་དབང་ནམ་ཡང་༼དགོས་༽ཟེར་བ་ནི་ངག་ནས་མི་སྨྲ་བར་ཁ་ཁུ་སིམ་མེར་སྡོད་དགོས་པ་རྦད་དེ་མ་ཡིན་པར།༼རང་དབང་དགོས་༽ཟེར་བའི་སྐད་ཆ་ཤོད་པ་ལས་བྱུང་བ་ཡིན།ང་རང་འདུ་ཚོགས་ཆེ་མ་ཆུང་གསུམ་གང་དུ་ཞུགས་ནའང་།སྐད་ཆ་བཤད་མཁན་ནི་ཤིན་ཏུ་ནས་དཀོན་པར་སྣང་།འདུ་ཚོགས་ཆེ་ས་ནི་དཔེར་ན་མི་ཁྲི་ཕྲག་ཁ་ཤས་འདུས་ཡོད་པའི་བླ་མ་གང་གིས་དབང་གསུངས་པའི་སྐབས་སུ་ཡིན་ནའང་དེ་ལྟ་དེ་ལྟར་དུ་བླ་མ་དེར་མ་གཏོགས་ངག་སྨྲ་བའི་དབང་ཆ་མེད་པ་ཞིག་ཏུ་ཆགས་འདུགསྲིད་གཞུང་གི་ཚོགས་འདུ་ཡིན་ནའང་དེ་ལྟ་དེ་ལྟར་དུ་འགོ་ཁྲིད་ཀྱིས་སྐད་ཆ་ངག་ནས་གང་འཁྲོལ་གྱིས་བཤད་པ་མ་གཏོགས་འབངས་མི་ཕལ་བ་ཞིག་ལ་སྐད་ཆ་བཤད་པའི་དབང་ཆ་མེད་པ་ལྟ་བུ་ཞིག་ཏུ་ཆགས་ཡོད།དེ་ལྟར་དུའང་རང་མོས་བགྲོ་གླེང་བྱེད་པའི་སྐབས་སུའང་རྒྱུན་དུ་སྐད་ཆ་བཤད་ན་རྩལ་ཡོད་མཁན་ཞིག་གིས་མ་གཏོགས་གཞན་པ་ཞིག་གིས་བཤད་མི་ཤེས་པར་བསམས་པ་དང་བཤད་ན་མི་རུང་བའི་འདུ་ཤེས་ཤིག་གིས་ཡོངས་སུ་བསྣན་འདུག
  ངས་ཀྱང་སྐབས་མང་པོ་ཞིག་ལ་འདིའི་ཕྱོགས་ལ་བསམ་མནོ་བཏང་བ་ཡིན།མ་གཞི་འདི་ཡང་བོད་ཀྱི་ཁ་དཔེར་ཁ་༼ཁ་རོག་སྡོད་དང་ཁ་མཆུ་མེད།མགོ་ལག་པས་བསྐྱོར་ན་རྒྱག་ནི་མེད་༽ཅེས་པར་ལན་འདུག་སྙམ་བྱུང་།གལ་སྲིད།འདུ་འཛོམས་ཤིག་གི་སྟེང་དུ་ཁ་ཁ་རོག་མ་བསྡད་པར་ངག་སྨྲ་བ་ཡིན་ན་ནི་གྱོད་ཁ་མཆུ་བྱུང་བ་ཡང་ཐེ་ཚོམ་བྱ་མི་དགོས་པའི་གནས་ཤིག་ཅི་ལ་མིན་དེ།བོད་འདི་ཁོག་རྒྱ་ཆེ་ཞེས་སྨྲ་བ་ནི་ནམ་ཡང་སྙན་ངག་མཁན་གྱིས་རྒྱན་ཚིག་གི་ནང་དུ་བཅུགས་ནས་རང་ཉིད་ཞེ་འཇམ་བློ་ཁོག་ཡངས་ཤིང་༼ཡ་མཚན་མེད་པའི་ཡ་རབས་ཀྱི་སྤྱོད་པ་༽༼དགེ་ཆོས་ཀྱི་ཚིག༽གཞན་ལ་ངོམ་འདོད་པ་ཙམ་ལས་མེད།ངེས་པ་དོན་གྱིས་བོད་ནི་བློ་ཁོག་ནི་རྒྱ་ཆེ་བ་ཞིག་ཡིན་ན་ལོ་ངོ་སྟོང་ཕྲག་ཅིག་གི་རིང་ལ་གྱོད་ཁ་མཆུའི་བར་ནས་གྲུབ་མཐའ་རྩོད་དགོས་རབས་འདུག་གམ།ཁ་རོག་སྡོད་དང་ཁ་མཆུ་མེད་ཅེས་པ་ལས་ཀྱང་བོད་ནི་བློ་ཁོག་གུ་དོག་པ་མངོན་པར་མཚོན་འདུག
  སྔོན་རབས།ཁྱོད་ཀྱིས་བོད་མི་རིགས་ནི་གློ་བ་དཀར་ཞིང་དྲང་བདེན་ལ་བརྩི་སྲུང་བྱེད་མཁན་ཞིག་ཡིན་ཞེས་གཞན་ལ་ལབ་བརྒྱབ་ན་ཡིད་ཆེས་སྲིད་མོད།དེང་རབས།ཁྱོད་ཀྱི་བོད་མི་རིགས་ནི་དེ་འདྲའི་དྲང་བོ་ཞིག་ཅེས་ལབ་ན་ཡིད་ཆེས་མཁན་ཉུང་ངུ་ལས་ཡོད་སྲིད་ཀྱི་མ་རེད།ངག་མི་སྨྲ་བའི་གནད་ཅིག་ནས་ཀྱང་བོད་འདི་ཁོག་ལ་འཇུག་པར་རབ་ཏུ་མཁས་མཁན་ཞིག་ཡིན་པ་ར་སྤྲོད་བྱས་ཟིན།ངས་ནི་སྨྲ་བ་ནི་རང་ཉིད་རང་གི་བཙོན་དུ་བཅུགས་པ་དང་།རང་ཉིད་བཙོན་དུ་བཅུགས་པ་ནི་རང་སྲོག་བཅད་པ་དང་གཅིག་མཚུངས་རེད་འདོད།བོད་མི་རིགས་ཀྱིས་གཞན་ལ་གྱོད་ཁ་མཆུ་བྱུང་བར་དོགས་ནས་རང་གི་མགོ་ཐོག་ལ་སྡུག་གནམ་འདྲ་བ་ཞིག་ལྷུང་སོང་ནའང་ལྐོག་ནས་ལེ་བདའ་འམ་ལས་དབང་རེད་སྙམ་ནས་མིའི་ཐོབ་ཐང་ལ་ཇི་ལྟར་རྩིས་ཐང་མི་བྱེད་ནའང་ངག་མི་སྨྲ་བའི་འགག་འཕྲང་ལས་ནམ་ཞིག་ལ་ཐར་དང་དང་ཐམས་ཅད་ཐོབ་པའི་སྐལ་བ་སྨིན་པར་འགྱུར་རམ།
  ང་ལ་ནམ་ཡིན་ཡང་སེམས་འཁུར་ཞིག་གིས་གདོན་མི་ཟ་སྟེ།ནམ་རྒྱུན་རྩོམ་རིག་ཚོགས་སུང་སོགས་རང་མོས་ཀྱི་བགྲོ་གླེང་བྱེད་ཆོག་པའི་གར་སྟེགས་སྟེང་སོང་ན་སེམས་ལ་སྐད་ཆ་ལུང་བ་གང་ཤར་ནའང་ངག་ནས་མི་འཁྲོལ་བས་དུས་སྐལ་རེ་རེར་ངས་རང་ཉིད་གསོན་བསྲེག་རྒྱུ་བཞིན་ཡོད།ངས་ལ་ནི་རང་ཉིད་ནི་ཁྱིམ་གྱི་སློབ་གསོར་ལན་སོང་ཟེར་བའི་ལེ་བདའ་དང་འཁང་ར་ནི་མི་བྱ།རྒྱུ་མཚན་ནི་རང་མི་རིགས་ཀྱིས་ཀྱང་འཁང་ར་དང་ལེ་བདའ་དག་དག་བྱས་འོང་བའི་དེ་རིང་གི་ཚད་འདི་ལ་ཐུག་མ་མིན་ནམ།ལན་སང་།འཁང་ར་དང་ལེ་བདའ་ཡིས་ཅི་ཡང་མི་སྨན་པས་ནད་མེད་ཀྱི་སྟེང་ལ་ཁབ་བཙག་མ་བྱས་དེས་ཕན།
  མདོར་བསྡུས་ན།རང་ཉིད་ཀྱི་གམ་ན་བྱུང་དང་འབྱུང་བཞིན་པའི་གནས་ཚུལ་ཨ་ཙ་མ་དེ་དག་ལ་གདོང་མིག་སྦྲད་ནས་གལ་ལ་ཐུག་དུས་ངག་ནི་ཆེན་པོར་སྨྲ་བ་དང་བདེན་དོན་གྱི་ཕྱིར་དུ་སྲོག་རང་མི་དགོས་ཟེར་ན་སྐད་ཆ་ཐལ་དྲགས་པར་འདུག་ཀྱང་བདེན་དོན་གྱི་སླད་དུ་ངག་མི་སྨྲ་བར་མི་འདུག་པ་ནི་གནད་ཀྱི་དམ་པའོ།།
 
རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

ངག་མི་སྨྲ་བའི་རིག་གནས།

2012-09-26 འུར་རྡོ། ཀློག་གྲངས། མཆན ཡོད།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།