གསུམ་བཟང་མནའ་མ།

  དེ་རིང་གི་རྩོམ་བྱང་འདི་མཐོང་མ་ཐག་དྲ་གྲོགས་ཚང་མ་གད་མོ་ཤོར་སྲིད་ལ།
  ཕལ་ཆེར་ད་ཐེངས་མ་གཏོགས་ཐོས་མྱོང་ཡང་ཡོད་མི་སྲིད།  ཡིན་ཡང་འདི་ནི་གངས་རིའི་ལྗོངས་ལ་གསར་དུ་དར་བའི་བྱ་དགའ་སྤྲོད་པའི་ལས་འགུལ་གསར་བ་ཞིག་རེད།
   ང་རང་བྱིས་པའི་དུས་སློབ་ཆུང་ལ་འགྲོ་བའི་སྐབས་གདོང་ལེན་རུ་ཁག་གི་དམར་ཆུང་དམག་གི་ནང་ཞུགས་པ་ལ་འབད་བརྩོན་བྱས་བ་དང་།དེ་ནས་ད་གཟོད་གསུམ་བཟང་སློབ་མ་ཞིག་ལོན་པར་ཧུར་བརྩོན་ཕྱོགས་གང་ཐད་ནས་བྱས་བ་སོགས་ཡིད་ལ་དྲན་སོང་། གསུམ་བཟང་སློབ་མ་ལ་ཆ་རྐྱེན་འགའ་འཛོམས་དགོས།
  དང་པོ།སློབ་སྦྱོང་ལ་བཟང་བ།
  གཉིས་པ།སྒྲིག་ལམ་ལ་བཟང་བ།
  གསུམ་པ།གཙང་སྦྲ་བཟང་བ།ཆ་རྐྱེན་འདི་གསུམ་ངེས་པར་དུ་འཛོམས་དགོས།
   དེང་སང་དུས་རབས་ཉེར་གཅིག་གི་ནང་ལ་གསུམ་བཟང་སློབ་མ་ནས་༼གསུམ་བཟང་མནའ་མ་༽ཞེས་བའི་བྱ་དགའ་སྤྲོད་པའི་ལས་འགུལ་ཞིག་བྱམས་སྙིང་རྗེ་དང་ལས་འབྲས་འདོད་པའི་གངས་རིའི་ལྗོངས་སུ་དར་འགོ་བཙུགས་འདུག  ངས་འདི་ཐོས་མ་ཐག་ང་རང་གད་མོ་ཤོར་སོང་། འོན་ཀྱང་ངས་འདིའི་ཕྱོགས་ལ་བསམ་གཞིགས་ཞིག་བྱེད་འདོད་དང་དྲི་བ་འགའ་འདྲི་འདོད་བྱུང་སོང་།
   ངའི་མཉམ་དུ་གླེང་མོལ་བྱེད་མཁན་གྱི་གྲོགས་མོ་དེར་སྐད་ཆ་དྲིས་པ་ཡིན།མོས་དེ་བསམ་བློ་དང་དཔལ་འབྱོར་ཡར་རྒྱས་སོང་སྟེ་བྱ་དགའ་སྤྲད་ས་ཞིག་བཙལ་ནས་དེ་འདྲ་བྱས་པ་མ་རེད་ཟེར།
  དེང་སང་རོང་འབྲོག་གང་དུ་ཡིན་ན་ཡང་ཕ་མ་རྒན་རྒོན་ཚོའི་སྡུག་བསྔལ་མང་པོ་མྱངས་བཞིན་ཡོད་པ་རེད་ཟེར།  རྗེས་ནས་ངས་༼གསུམ་བཟང་མནའ་མ༽ཟེར་བའི་ནང་དོན་དེ་གསལ་བོ་ཧ་གོ་སོང་།
   མོས་མུ་མཐུད་ནས་གང་ཞིག་བཤད་པ་གྲོགས་པོ་ཚང་མས་གསན་རོགས།
   མོས་མཚམས་འདིར་དབུགས་རིང་འཐེན་ཞོར།དེང་སང་བོད་ཀྱི་རོང་འབྲོག་ཚང་མ་དབྱར་རྩ་དགུན་འབུའི་དྲིན་ལ་དཔལ་འབྱོར་གྱི་དཀའ་ངལ་ཅུང་ཟད་སེལ་ཡོད་པ་རེད།  བུ་དང་མནའ་མ་ཚོས་རང་གི་བུ་ཕྲུག་ཕ་མ་རྒན་རྒོན་ཚོའི་ལག་ཏུ་བཞག་ནས་ཁོང་ཚོ་རྫོང་ཐོག་དང་ཁུལ་ཐོག་སོགས་སུ་འཁྱམས་ཉུལ་བྱེད་བཞིན་འདུག   ཕ་མ་རྒན་རྒོན་ཚོའི་ཁོང་ཚོའི་བུ་ཕྲུག་གཉོར་སྐྱོང་བྱེད་ཞོར་ད་རུང་ཁྱིམ་གྱི་ལས་ཀ་བྱེད་དགོས་པ་མ་ཟད།ཕྱུགས་ཟོག་ཡོད་ན་དེ་ཚོ་ཡང་འཚོ་སྐྱོང་བྱེད་དགོས་བ་རེད།  ཁོང་ཚོ་གྲོང་ཁྱེར་ནས་ཉིན་འགའ་ཁྱིམ་དུ་ཡོང་གི་མ་རེད། ཁྱོ་ག་ཚོས་མ་ཅཱང་རྩེད་ཞོར་ཆང་རག་འཐུང་སྟེ་བག་མེད་དུ་ཉི་མ་ག་འདྲ་སོང་བ་ཡང་ཤེས་ཀྱི་མེད།མནའ་མ་འགའ་ཤས་ཀྱིས་ཀྱང་མ་ཅཱང་རྒྱག་པ་དང་དགའ་རོགས་འདྲ་མིན་བཙལ་ནས་ཉི་མ་འགའ་ཤས་རིང་རང་གི་བུ་ཕྲུག་དང་ཕ་མ་རྒན་རྒོན་ཚོས་ཁྱིམ་ན་སྡུག་བསྔལ་ག་ཚོད་མྱངས་ཀྱི་ཡོད་པ་གཏིང་བརྗེད་དུ་གྱུར་ཡོད་པ་རེད།
   མཚམས་འདིར་མོས་སྐད་ཆའི་བཤད་མཚམས་ཆད་སོང་།མོས་ཡང་བསྐྱར་སྐད་འགོ་དམའ་ལ་ཅུང་ཟད་སྐྱོ་སྣང་ཞིག་གིས་སྔོན་མའི་ལོ་ཡི་དགུན་ཁར་ང་རང་ཕ་ཡུལ་དུ་ལོ་སར་དུ་སོང་བ་ཡིན།
  འབྲོག་ཕྱོགས་སུ་དགུན་ཁར་གནམ་གཤིས་གྲང་མོ་ཡོད་པ་ཁྱེད་ཀྱིས་ཤེས་གསལ་རེད།
  ང་རང་སྐྱེས་ས་འབྲོག་པའི་རྩྭ་ཐང་རེད།དགུན་ཁར་འབྲོག་པ་ཕལ་ཆེར་ཞང་ཐོག་གི་ཐག་ཉེའམ་ཡང་ན་ཞང་ཐོག་ཏུ་ཚང་མ་མཉམ་འཛོམས་བྱེད་ཀྱི་ཡོད།ཡིན་ཡང་འབྲོག་པའི་ཕྱོགས་མང་ཤོས་ན་ད་རུང་གྲོང་ཁྱེར་བཞིན་ཆུ་ཁྱིམ་ན་མེད་པས་ཕྱི་ལོགས་སུ་འགྲོ་དགོས་བ་རེད། དགུན་ཁ་ཆུ་ལེན་ས་དེར་ཆབ་རོམ་ཆགས་ནས་གང་གཟབ་མ་བྱས་ན་འགྱེལ་འགྲོ་གི་ཡོད།  ཉི་མ་གཅིག་ཕལ་ཆེར་ཉིན་གུང་མ་ཟིན་ཙམ་ལ་ང་ཚོའི་རི་སྐོར་གྱི་རྒད་པོ་ཞིག་ངེད་ཚང་གི་ཁྱིམ་ལ་སླེབས་ནས་ཁྱེད་ཚང་གི་བུ་མོ་ཡོད་དམ།གལ་ཏེ་ང་ཚོའི་རོགས་ལ་རྫོང་ཐོག་ལ་ཅིག་འགྲོ་དགོས་ཀྱི་འདུག་ཟེར།
  ཨ་མ་རྒན་མོ་༼མིང༽དེ་ད་ནང་ཞོགས་པ་ཆུ་ལེན་དུ་སོང་ནས་འཁྱག་རོམ་ཐོག་ཏུ་ཐང་ལ་འགྱེལ་ནས་རྐང་པ་བཅགས་འདུག་པ་མ་ཟད།ཆུ་འགྱིག་སྒམ་བཀང་བོ་མོའི་ཐོག་ལ་ཕོད་ནས་ཅུང་མིན་ན་མོ་ཤི་ཚར་འདུག་ཟེར།སྟབས་ལེགས་ནས་ཁྱིམ་ཚང་ཞིག་གི་མནའ་མ༼མིང༽དེས་མཐོང་སྟེ་སྐྱོབས་ཐུབ་ཙམ་བྱུང་བ་རེད་མ་གཏོགས་འཁྱགས་ཤི་ཐེབས་ས་རེད་ཟེར།
   རྒན་རྒོན་ཁོང་གཉིས་ལ་བུ་གཅིག་དང་བུ་མོ་གཉིས་ཡོད། བུ་མོ་གཉིས་རི་སྐོར་གཞན་ལ་མནའ་མ་འགྲོ་ཚར་བ་རེད། བུ་དེ་ཁོང་ཚོའི་ནང་གི་ཆུང་ཤོས་དེ་རེད།ཕལ་ཆེར་ལོ་སུམ་བཅུ་སོ་ལྔ་ཡས་མས་ཙམ་ཡིན་རྒྱུ་རེད། ཁོ་རང་རྫོང་ཐོག་གི་ལས་བྱེད་ཞིག་རེད།  ཁོའི་ཆུང་མ་ཕྱིའི་རྣམ་པའི་ཕྱོགས་ནས་བུ་ཚོའི་སེམས་ཤོར་ས་ཞིག་ཡོད། མོ་རང་ཡང་ཕྱིའི་སྐྱི་པགས་ཅུང་མཛེས་བོ་ཡོད་པའི་ང་རྒྱལ་ཡོད་མཁན་ཞིག་རེད།གང་ལྟར་ཨ་མ་རྒན་མོ་དགུང་ལོ་བདུན་བཅུ་དོན་ལྔ་སོན་ཡོད་པའི་ལག་ཏུ་རང་གི་བུ་ཕྲུག་བཞག་སྟེ།བུ་དང་མནའ་མ་གཉིས་འཁྱམས་ཉུལ་བྱས་བའི་འབྲས་བུ་ཞོགས་པ་དེར་སྨིན་སོང་། རི་སྐོར་གྱི་རྒད་པོ་ཚོས་ང་རོགས་ལ་ཁྲིད་དོན་ཨ་མ་རྒན་མོ་དེ་སྨན་ཁང་དུ་ཁྲིད་ནས་རྐང་པ་སོགས་སྨན་བཅོས་བྱེད་དུ་འགྲོ་དགོས་བས་རྒྱ་སྐད་ཤེས་མཁན་དགོས་སྟབས་ང་བཙལ་རུ་ཡོང་བ་ངས་ཀྱང་ཤེས་སོང་།
   ངའི་ཨ་ཕས་ཁོང་ཚང་གི་བུ་དང་མནའ་མ་གང་ལ་བུད་སོང་ནི་རེད་ཅེས་དྲིས་སོང་མོད།འོན་ཀྱང་ང་རང་འབོད་དུ་ཡོང་མཁན་དེས་ཁོ་གཉིས་རྫོང་ཐོག་ལ་ཉོབ་ཆ་རྒྱག་གི་ཕྱིན་ནས་ཉི་མ་བདུན་བརྒྱད་ཞིག་འགོར་སོང་ཟེར།  དྲང་མོ་བཤད་ན་ཞང་ཐོག་ནས་རྫོང་ཐོག་ལ་འགྲོ་ཐག་གི་ལམ་བར་ལ་ཆུ་ཚོད་གཅིག་དང་ཕྱེད་ཀ་ལྷག་མེད།ཁོ་གཉིས་ལྷག་པར་དུ་ཡང་སྦག་སྦག་བཏང་ནས་སོང་བས་མགྱོགས་པོ་ཉིན་རྒྱུགས་བྱེད་ཐུབ།དེ་མིན་རླུང་འཁོར་ཡར་མར་འགྲོ་མཁན་ཡང་ཧ་ཅང་མང་པོ་རེད།
   ང་རང་ཡང་བྲེལ་འཚུབ་ཀྱིས་ལམ་ཆས་བྱས་ཏེ་སོང་དུས།ཨ་མ་རྒན་མོར་ཉལ་ཆས་དྲོན་པོ་ཞིག་གི་གཡོགས་ནས་རླུང་འཁོར་ཞིག་གི་ནང་བཞག་འདུག  རླུང་འཁོར་གཏོང་མཁན་དེ་ཨ་མ་རྒན་མོའི་དེའི་གཅེན་པོ་ཞིག་གི་བུ་རེད།ཁོ་རང་ཡང་ཁོང་ཁྲོ་ལངས་ཏེ་ཨ་མ་རྒན་མོའི་དེའི་བུ་དང་མནའ་མ་གཉིས་ལ་སྡིག་དམོད་གང་མང་བྱས་སོང་།འདི་བཟའ་ཚང་གཉིས་ཀྱི་བྱ་སྤྱོད་ཚང་མ་གཅིག་པ་རེད།ཁོ་རང་གཉིས་ཀྱིས་དུས་རྒྱུན་ཕ་མ་གཉིས་ལ་ཞབས་ཞུ་སྒྲུབས་ཀྱི་མེད།ཁོ་རང་གཉིས་ཀ་རྫོང་ཐོག་ཏུ་རྒྱ་ཁང་ཞིག་ཉོས་ཏེ་དེའི་ནང་ན་བསྡད་ཀྱི་ཡོད།
   ལོ་སར་དང་གུང་སེང་སྐབས་རེ་མ་གཏོགས་ཡོང་གི་མེད།ངས་ཁོ་ལ་ཚར་ཁ་ཤས་བཤད་མྱོངས་ཡོད།ད་དེང་སང་ཕ་མ་གཉིས་ཡང་རྒན་རྒོན་རེད།ཁྱེད་བཟའ་ཚང་གཉིས་རྫོང་ཐོག་ཞིག་ནས་བསྡད་དེ་ཁོ་གཉིས་ལ་གཉོར་སྐྱོང་ཡག་པོ་མ་བྱས་ཚེ་ངོ་མ་ཆུ་ལེན་རྒྱུ་ཡང་ཁེགས་ཀྱི་ཡོད་ཚུལ་སོགས་གསལ་བོ་བཤད་པ་ཡིན།དེ་མིན་ཁོ་གཉིས་ཡང་ཁྱེད་གཉིས་མཉམ་དུ་རྫོང་ཐོག་ལ་ཁྲིད་ནས་འགྲོ་རོགས་ལབ་པ་ཡིན་ཟེར། ཁོས་ང་ལ་ཁྱེད་ཀྱིས་ང་ལ་བསླབ་བྱ་རྒྱག་དགོས་ནི་མ་རེད་འདྲ་བའི་རྣམ་འགྱུར་བསྟན་སོང་།
དེ་ནས་ངས་ཀྱང་བཤད་ཐུབ་མ་སོང་ང་རང་གིས་ཀ་ངོ་ཡིག་ངོ་མི་ཆོད་པ་ཞིག་གིས་ཕར་ཁ་བརྡ་སློབ་གསོ་མི་འགྲོ་བ་ངས་ཤེས་ཡོད།ཡིན་ཡང་ཕྱོགས་གཅིག་ནས་ངའི་ཨ་ཕའི་གཅུང་མོ་རེད།ཕྱོགས་གཞན་ཞིག་ནས་ཁོའི་ཕ་མ་གཉིས་རྒན་རྒོན་རེད།ང་རང་གིས་མཐོང་ཐེངས་རེ་སེམས་ནས་བཟོད་ཐབས་མི་འདུག་ཟེར།རླུང་འཁོར་གཏོང་མཁན་ཁོས་དེ་འདྲའི་ཁོང་ཁྲོ་དང་འདྲེས་མའི་ཁོ་གཉིས་ཀྱི་ལོ་རྒྱུས་ཐུང་ངུ་བཤད་ཞོར་ང་ཚོ་རྫོང་ཐོག་ལ་སླེབས་སོང་།  ང་ཚོས་ལམ་སེང་སྨན་ཁང་བཙལ་ཏེ་ཨ་མ་རྒན་མོ་དེ་སྨན་ཁང་དུ་བསྐྱལ་བ་ཡིན།
  སྨན་ཁང་ནང་ནས་ཨ་མ་རྒན་མོ་དེར་སེམས་གསོ་འདྲ་བྱེད་ཞོར་མོ་རང་གི་ལག་པ་འཇུས་དུས་མོ་རང་གི་ལག་པ་དེ་ངོ་མ་དྲོད་ཞིག་མི་འདུག  མོས་ང་རང་ལ་ངའི་ལས་དབང་འདི་ཅི་འདྲ་ཞིག་སྡུག་གི་ད་ཤི་མ་རེན་རྐྱེན་ཅིག་མེད་ཟེར་ཞོར་མིག་ཟུང་སྐམ་པོ་ནས་མིག་ཆུ་བཞུར་སོང་།
   མོ་རང་གི་རྒད་པོ་ཨ་མྱེས་དེ་ཡང་ཁོ་གཉིས་ཀྱི་ཚ་བོ་ལོ་ལྔ་ཅན་པ་ཁྲིད་ནས་སྨན་ཁང་ནང་སླེབས་ཡོད། ཨ་མ་རྒན་མོ་དེས་ཁོ་རང་ལ་ཁྱེད་རང་ཡོང་ནས་ཅི་བྱེད་ཡུལ་ན་མི་གཅིག་ཀྱང་ཡོད་ནི་མ་རེད། ཟོག་དེ་ཚོ་སྒོ་ཕུད་ནི་ཞིག་སུ་བསྡད་ཡོད་ཟེར་ནས་མོའི་ཁྱོ་ག་རྒད་པོ་དེར་དྲིས་སོང་།ཁོས་ཁྱིམ་མཚེས་ཞིག་གི་མིང་བཤད་ནས་དེར་བཅོལ་ཡོད་ཟེར།
   ད་ང་ཚོ་དགོས་བ་ནི་ཨ་མ་རྒན་མོ་དེ་སྨན་ཁང་ནས་གཉོར་སྐྱོང་བྱེད་མཁན་ཞིག་དགོས་སྟབས།ང་ཚོས་ཁོང་ཚང་གི་བུ་དང་མནའ་མ་གཉིས་བཙལ་དགོས་ཡོད།རླུང་འཁོར་གཏོང་མཁན་ཁོས་བུ་ཁོ་རང་མ་ཅཱང་རྒྱག་ས་ཞིག་ན་ཡོད་ཀྱི་རེད།ཡིན་ཡང་མནའ་མ་རྒྱ་ཁང་ནང་ན་ཡོད་ཀྱི་རེད་ཟེར་ཞོར་ཁོ་རང་ཁོ་གཉིས་ཀྱི་ཁང་པའི་ཕྱོགས་སུ་འགྲོ་སོང་།
 ཅུང་ཙམ་འགོར་སྟེ་ཁོ་ཚུར་སླེབས་ནས་མནའ་མ་ནང་ལ་མི་འདུག་གང་ལ་སོང་མིན་མི་ཤེས་བས་བྱ་ཐབས་བྲལ་ཟེར། ངས་ཐེངས་མང་པོར་ཁོ་ལ་ཁ་པར་བཏང་ཀྱང་ཁ་པར་སྒོ་རྒྱབ་འདུག་ཟེར།དེ་ངོ་མ་ཡིན་རླུང་འཁོར་གཏོང་ཞོར་ཁ་པར་ཐེངས་མང་པོ་བཏང་སོང་།
   སྨན་པས་མོ་རང་གི་རྐང་པ་བཅགས་འདུག་རུས་པ་ཕྱིར་འབྱར་རག་བར་དུ་ཅུང་ཟད་འགོར་གི་རེད།མོ་རང་ལོ་རྒན་རྒོན་ཡིན་སྟབས་ལོ་ཆུང་བཞིན་མགྱོགས་པོ་དྲགས་ཐུབ་དཀའ།ཡིན་ཡང་སེམས་ཁྲལ་གནང་དགོས་མི་འདུག་ཟེར།
   ད་ནི་གང་ལྟར་སྨན་ཁང་ནས་ཨ་མ་རྒན་མོ་དེའི་གཙང་ཆབ་སོགས་ལེན་མཁན་གྱི་བུ་མོ་ཞིག་དགོས་བ་གཏན་འཁེལ་རེད་ཅེས་ང་རང་སྐད་གཏོང་གི་ཡོང་མཁན་གྱི་རྒད་པོ་དེས་བཤད་སོང་།ཡང་ན་མོ་རང་བུ་མོ་གཉིས་ཀྱི་ཁྱིམ་ཚང་གང་རུང་ལ་ཁ་པར་བཏང་སྟེ་གནས་ཚུལ་གསལ་བོ་བཤད་དགོས་ཀྱི་རེད་ཟེར། དྲང་མོ་བཤད་ན་ང་རང་དེ་ལ་མོས་མཐུན་ཧ་ཅང་བྱུང་སོང་།ང་ཚོས་མནའ་མའི་ལག་ཏུ་བཞག་ཀྱང་མོས་གཉོར་སྐྱོང་ག་འདྲ་ཞིག་བྱེད་མིན་ང་རང་ཐེ་ཚོམ་རེད།
མཚམས་དེར་ཨ་མ་རྒན་མོའི་ཚ་བོ་རླུང་འཁོར་ཁ་ལོ་བ་དེས་ང་ཚོ་ཟ་མ་ཟ་རུ་འགྲོ་ཟེར།
  ང་ཚོས་ཨ་མྱེས་རྒད་པོ་གཅིག་པོ་སྨན་ཁང་དུ་བཞག་ནས་ཁོའི་ཚ་བོ་བྱིས་པ་དེ་ཁྲིད་ནས་ཟ་ཁང་ཞིག་ཏུ་འགྲོ་ཞོར།རླུང་འཁོར་ཁ་ལོ་བས་མི་ཞིག་ལ་སྐད་ཆ་དྲིས་ཏེ་བུ་དེ་དང་ཁོའི་ཆུང་མ་གང་ན་ཡོད་མེད་སྐད་ཆ་དྲིས་སོང་།བུ་དེ་ངས་མ་མཐོང་ཡང་ཁོའི་ཆུང་མ་ཟ་ཁང་ཞིག་གི་མིང་བཤད་ནས་དེ་འི་ནང་ན་འདུག་ཟེར།
   ང་ཚོ་དེ་གར་འགྲོ་དུས་མོ་རང་ང་ཚོའི་རྫོང་ཐོག་གི་ལས་བྱེད་ཕོ་གསར་འགའ་དང་མཉམ་དུ་ཟ་མ་ཟ་ཞོར་འཛུམ་མདངས་ཀྱིས་ཁེངས་འདུག མོས་ང་ཚོ་མཐོང་མ་ཐག་དོག་ཅུང་མ་བདེ་བ་ཞིག་བྱུང་སོང་།
  རླངས་འཁོར་ཁ་ལོ་བ་ཁོང་ཁྲོ་ལངས་ཡོད་པ་ངས་ཤེས་སོང་།ཁོའི་གདོང་པ་ཆ་ཚང་དམར་བོ་གྱུར་འདུག ཡིན་ཡང་བུ་ཁྱོ་ག་ཞིག་ཡིན་སྟབས་ཁོང་ཁྲོ་དེ་མར་མནན་གང་ཐུབ་བྱས་ཏེ།ཨ་མ་རྒན་མོའི་གནས་ཚུལ་ཆ་ཚང་མནའ་མ་མོ་རང་ལ་བཤད་སོང་བ་མ་ཟད།ང་ཚོས་ཁྱེད་བཟའ་ཚང་གཉིས་བཙལ་བཞིན་པའི་སྒང་ཡིན་ཟེར།
དེའི་མཚམས་དེར་མོ་རང་གི་མཉམ་དུ་ཡོད་པའི་རྫོང་ཐོག་གི་ལས་བྱེད་ཕོ་གསར་དེ་ཚོ་ཡང་འགྲོ་སོང་།
   སྐད་ཆ་ཚང་ལ་ཉན་རྗེས་ཨ་མ་སྨན་ཁང་གང་ན་ཡོད་ཟེར།རླུང་འཁོར་ཁ་ལོ་བས་སྨན་ཁང་གང་ན་ཡོད་མེད་གསལ་བོ་བཤད་རྗེས་མོ་རང་གི་བུ་ཁྲིད་ནས་སྨན་ཁང་དུ་འགྲོ་གི་ཡིན་ཟེར། ཡིན་ཡང་མོའི་བུ་ཕྲུག་དེས་ཨ་མའི་སྐྱོན་གང་ཞིག་མཐོང་མིན་མ་ཤེས་ཡང་མོའི་མཉམ་དུ་འགྲོ་གི་མིན་ཟེར།  དེ་ནས་རླུང་འཁོར་ཁ་ལོ་བས་མོ་རང་གི་ཁྱོ་ག་གང་ན་ཡོད་མེད་སྐད་ཆ་དྲིས་སོང་།
  མོས་ཀྱང་གང་ན་ཡོད་མེད་མི་ཤེས་ཟེར།གང་ལྟར་བུ་ཕྲུག་དེར་བཞག་ནས་མོ་རང་ཟ་ཁང་ནས་ཕྱི་ལོགས་སུ་ཕྱིན་སོང་།
   ང་ཚོ་ཚང་མས་ཀྱང་ཨ་རྒན་མོ་དགུང་ལོ་བདུན་བཅུ་ཅན་དེ་ད་ཐེངས་འཇིག་རྟེན་ཕྱི་མའི་ཡུལ་དུ་མི་འགྲོ་བ་ཤེས་ནས་སེམས་ཅུང་ཟད་ལྷོད་ལ་བབ་ཡོད་པ་འདྲ།ཚང་མས་ད་ཡིན་ན་བྲོ་ཁོག་ལྟོག་གི་འདུག་ཟེར། ང་ཚོ་ཚང་མས་གང་ཞིག་ཟ་འདོད་པ་ཟས་ཏེ།རྒན་རྒོན་གཉིས་ལ་ཟ་མ་ཚ་བོ་ཞིག་ཁྱེར་ནས་ང་ཚོ་ཚང་མ་མཉམ་དུ་ཕྱིར་སྨན་ཁང་དུ་ཕྱིན་པ་ཡིན།  སྨན་ཁང་ནང་ན་མནའ་མས་མི་གཅིག་ལ་ཁ་པར་གཏོང་གི་འདུག  ཕལ་ཆེར་དུས་ཚོད་གཅིག་གི་རྗེས་སུ་ཨ་མ་རྒན་མོ་དེའི་བུ་སླེབས་སོང་།ཁོའི་མིག་ཀོང་གཉིས་དམར་པོ་གྱུར་འདུག་པ་མ་ཟད།ཧ་ཅང་ཐང་ཆད་ཡོད་པའི་ཚོར་སྣང་ཞིག་ང་ཚོའི་རོགས་པ་ཚང་མ་སྤྲད་འདུག  ཁོ་རང་གི་ཨ་ཕས་ཁོ་མཐོང་མ་ཐག་ངས་མཐོང་མ་མྱོངས་བའི་ཁོང་ཁྲོ་ཞིག་ལངས་སོང་།
  ཨ་ཕ་དེ་ཁོང་ཁྲོའི་དབང་གིས་སྐད་ཆ་ཡང་ཁ་ནང་ལ་ཡོང་གི་མི་འདུག 
   མཚམས་དེར་བུ་དེས་སྐྱག་རྫུན་གྱི་འགོ་བརྩམས་ཏེ་ང་ལས་ཁུང་གི་བྱ་བ་ཞིག་གི་ཆེད་དུ་ཁུལ་ཐོག་ལ་ཕྱིན་པ་ཡིན་ཟེར། ཁ་པར་ནང་གི་གློག་ཡང་རྫོགས་འདུག་ཟེར།ངས་མོ་རང་ཁོའི་ཆུང་མར་མཛུབ་མོ་བཙུགས་ཏེ་ཕྱིར་ཞང་ཐོག་ལ་སོང་ཅེས་བཤད་ཡོད་ཟེར།དེའི་ཕྱི་དྲོ་འགྲོ་གི་ཡིན་ཅེས་ཁོ་ལ་ལབ་སོང་ཟེར།
   སྐབས་དེར་ཁོའི་ཆུང་མ་ཡང་ཁོང་ཁྲོ་ལངས་ཏེ།ཁྱེད་ཀྱིས་མ་ཅཱང་རྟག་པར་རྒྱག་པའི་སྒང་ལ་ད་རུང་རྒྱ་མོ་སྨད་ཚོང་མ་ཉོས་ཏེ་སྲང་ལམ་གི་ཁྱི་ལྡོམ་བཞིན་འཁྱམས་ཉུལ་བྱས་ཆོག་ན་ངས་དགའ་རོགས་བཙལ་མི་ཆོག་པ་ཅི་རེད་ཟེར། ཁོ་གཉིས་ཀྱིས་སྨན་ཁང་ནང་ནས་ཕ་མ་གཉིས་འགྲམ་དུ་བཞག་སྟེ།ཁོ་གཉིས་ཀྱི་རང་མཚང་ཆ་ཚང་ཕྱིར་བཏོན་སོང་།  ང་རང་ངོ་ཡང་ཚ་མོད་ཅི་ཞིག་བཤད་དགོས་མིན་མི་ཤེས་བས་སྨན་པ་ལ་ནད་པའི་སྐོར་ཞིག་འདྲི་རུ་ཕྱིན་པ་ཡིན།
   གནས་ཚུལ་འདི་འདྲའི་རིགས་རོང་འབྲོག་གཉིས་ཀ་ན་གང་མང་བྱུང་དང་བྱུང་བཞིན་ཡོད་པ་རེད།
  དངོས་གནས་ཕ་མ་རྒན་རྒོན་ཁ་ཤས་མནའ་མ་དང་མག་པ་ཚོས་ཕྱི་ལ་ཕུད་ཡོད་པ་ཡང་མང་པོ་ཡོད།
   དེས་རྐྱེན་དེང་སང་སྡེ་བ་སོ་སོ་ན་༼གསུམ་བཟང་མནའ་མ་༽ཞེས་ཐབས་ཀྱིས་མནའ་མ་དང་མག་པ་ཚོས་ཕ་མ་གཉོར་སྐྱོངས་བྱེད་དུ་འཇུག་གི་ཡོད་པ་རེད།
གསུམ་བཟང་མནའ་མ་ལ་ཆ་རྐྱེན་གསུམ་འདི་རེད་ཟེར།
  ༡ཕ་མ་གཉོར་སྐྱོང་བཟང་བ།
  ༢སྡེ་བ་དང་ཁྱིམ་མཚེས་ལ་མཐུན་སྒྲིལ་བཟང་བ།
  ༣ལས་ཀ་བཟང་བ།
  འདི་གསུམ་འཛོམས་པའི་མནའ་མ་ལ་བྱ་དགའ་རྒྱན་ཆ་དང་ཕྲུག་ལྭ་གོས་ལྭ་བཟོ་འགོ་འདྲ་སྤྲད་ཀྱི་ཡོད་པ་རེད་ཟེར།  ད་ང་ཚོའི་བོད་པ་ཚོས་ལས་འབྲས་དང་བྱམས་སྙིང་རྗེ་ཅི་འདྲ་བཤད་ན་ཡང་།རང་གི་ཕ་མ་གཉོར་སྐྱོང་བྱེད་པ་ལ་ཡང་རྒྱུ་ནོར་གྱིས་ཉོ་དགོས་བའི་དུས་ལ་སླེབས་ཡོད་པ་རེད་ཟེར། འདི་འདྲའི་བྱ་དགའ་ལེན་པ་དང་།མནའ་མ་དེ་ཡག་པོ་རེད་ཟེར་བའི་མིང་དེ་ལེན་ཆེད་མནའ་མ་མང་པོས་འགྲན་བསྡུར་འདྲ་བྱེད་ཀྱི་འདུག་ཟེར། དེ་མཇུག་མཐུད་ནས་གཉོར་སྐྱོང་བྱས་ན་ལེགས་མོད།ཡིན་ཡང་ཐེ་ཚོམ་གྱི་གནས་རེད་ཟེར།
  མཚམས་འདིར་མོ་གད་མོ་ཞིག་དགོད་ཞོར་ཕ་ཡུལ་གྱི་གནས་ཚུལ་འདི་འདྲ་རེད་ཟེར།
   ངོ་མ་ང་རང་དང་པོ་༼གསུམ་བཟང་མནའ་མ༽ཟེར་བའི་མིང་འདི་ལ་དགད་མོ་ཤོར་ཡང་།
འུ་ཐུག་ན་དེ་ཡང་བྱེད་ཐབས་ཞིག་རེད་བསམ་སོང་།  ངས་ཡང་བསྐྱར་མོ་ལ་དེ་ཡིན་ན་ཟི་ལིང་ཁྱེད་རང་བསྡད་ས་གྲོང་ཁྱེར་ནང་ན་ཕ་མ་རྒན་རྒོན་དེ་འདྲ་གཉོར་སྐྱོང་བྱེད་བཞིན་པ་དེ་འདྲ་འདུག་གམ་དྲིས་བ་ཡིན།
   དེང་སང་ངས་མཐོང་མ་མྱོངས་མོད།ཡིན་ཡང་སྐབས་རེ་གུང་སེང་ལྟ་བུ་ཡོང་གི་ཡོད་ཀྱི་རེད།
  ངས་གོ་ཐོས་ཞིག་ཡིན་པ་ལས་ངས་དངོས་སུ་གོང་གི་དེ་བཞིན་མིག་གིས་མཐོང་མ་མྱོངས།
  བོད་པ་ཟི་ལིང་གི་ལས་བྱེད་བུ་ཞིག་གི་ཁོའི་ཨ་མ་ཟི་ལིང་ལ་ཉིན་འགའ་ཁྲིད་ཡོང་ནས་བཞག་པ་འདྲ།ཁོ་རང་གང་ཞིག་ལ་སོང་མིན་ཡང་མ་ཤེས་མོད།ཁོའི་སྐྱེས་དམན་དེས་ཨ་མ་མཚན་གང་བོ་ཕྱི་ལ་ཕུད་པས་ཨ་མ་འཁྱགས་ཤི་ཐེབས་པ་རེད་ཟེར་ནས་ཚང་མས་བཤད་ཀྱི་འདུག  སྐབས་དེར་དགུན་ཁ་ཞིག་ཡིན་ས་རེད།  ལས་བྱེད་དེའི་སྐྱེས་དམན་མཐོང་མྱོངས་ཡོད་།ཡིན་ཡང་ངོ་མི་ཤེས་ཟེར།  མཚམས་འདིར་ངེད་གཉིས་ཀྱི་སྐད་ཆའི་སྒྲུང་ཡང་རྫོགས་འདུག
   དྲ་གྲོགས་རྣམ་པ་ཚོས་མོ་རང་གི་གང་ཞིག་བཤད་པ་ཚང་མ་ཡིད་ཆེས་བྱས་ན་ཆོག
  ངས་འདིར་ས་མིང་དང་མིའི་མིང་བྲིས་མེད་པས་ཁྱེད་ཅག་ཡོངས་དགོངས་འགལ་མེད་པར་ཞུ།
  ལྷག་པར་དུ་ཡང་ངས་འདིར་ཡིག་ཐོག་ལ་ཕབ་ཆོག་པའི་བཀའ་འདྲི་གྲོགས་མོ་དེར་ཞུས་མེད་པས།
  ངའི་མཉམ་དུ་གླེང་མོལ་བྱས་བའི་གྲོགས་མོ་དེ་ལ་དགོངས་དག་ཞུ་རྒྱུ་ཡིན།
                           ནམ་མཁས༢༣/༨/༢༠༡༢ལ་ཡོ་རུབ་ནས་བྲིས།
 
རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

གསུམ་བཟང་མནའ་མ།

2012-09-02 ནམ་མཁའ། ཀློག་གྲངས། མཆན ཡོད།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།