༼བཀུར༽དང་༼སྐྲག༽

   གྲལ་རིམ་དང་སློབ་གསོའི་སྒྲིག་གཞི་ཡན་གར་བ་ཞིག་གི་གཅུན་འདོམས་འོག་ཏུ།འུ་ཅག་གི་གཙོ་རྒྱུགས་རིག་གནས་ཀྱིས་བསྒོས་པའི་བག་ཆགས་ཤིག་སྟེ།མངོན་ཐང་དང་དབང་གྲགས་ལྡན་པའི་མི་ལ་གཉའ་ཞུམ་ཞུམ་ངང་བཀུར་བསྟི་བྱེད་པ་དང་།མི་བུ་རང་ཉིད་ཀྱི་གོང་རོལ་ན་འགྱིང་བའི་སྤྱི་སྒེར་གང་རུང་གི་སྲིད་འཛིན་སྡེ་ཁག་གང་དེར་ཆ་འཇོག་ཅི་ཡང་མེད་པར་དང་བས་གུས་པར་བགྱིད་པ་ནི།རང་ཉིད་ཀྱི་རིན་ཐང་མ་རྟོགས་པའི་གནད་ཅིག་རེད་ལ།གཞན་གྱི་བཙིར་གནོན་གྱིས་སྒེར་མིའི་བསམ་བློ་འབུར་འཇོམས་གཏོང་བ་ནི།ཁོ་བོ་དག་གནས་སའི་རྒྱལ་གཉེར་སློབ་གྲྭའི་ཁོར་ཡུག་ཏུ་ཤིན་ཏུ་བྲིན་ཆེ་ཞིང་།ཕྱི་ཚུལ་གྱི་རྣམ་པའི་སྟེང་ནས་གཞན་དེར་གུས་པའི་ཆ་ཞིག་མངོན་གྱི་ཡོད་ནའང་།དོན་དུ་ནང་སེམས་སུ་ཕ་རོལ་བོའི་འཇིགས་སྐུལ་དང་བཙན་གནོན་ལ་སྐྲག་གིན་པ་འབའ་ཞིག་ཡིན་ཏེ།གཞན་དེས་ཀྱང་དབང་གྲགས་ཤིག་ཏུ་འདོད་ཀྱིན་ཡོད་པ་ནི།བསམ་བློའི་རིག་གནས་སྔོན་དུ་སོང་བའི་དུས་རབས་འདིར་མཚོན་ན།གནད་དོན་ཞིག་མིན་སར་མི་འགྲོ་ཞིང་།གནད་དོན་དེ་ནི་སློབ་གསོའི་སྡེ་ཁག་གི་དགེ་རྒན་ཚོས་ང་ཅག་ལོ་ཆུང་ཚོའི་ཀླད་པའི་ནང་བཙན་གྱིས་བླུགས་པའི་སློབ་གསོའི་བསྐྱེད་འབྲས་ཅི་ལ་མིན།
  ལོ་ན་ཆུང་དུས་ནས་བཟུང་།ང་ཅག་སློབ་མ་ཚོས་སློབ་སྦྱོང་གི་འགན་འཁུར་ཅི་ཞིག་མ་འགྲུབ་ཚེ།དགེ་རྒན་ཀྱིས་སྐྲག་ཕུད་པའམ་གཅར་རྡུང་བྱས་ཏེ།སློབ་གསོའི་དམིགས་ཡུལ་གང་ཞིག་འགྲུབ་པར་བྱེད།དེ་ལྟར་ཡུན་དུ་ང་ཚོ་དེ་འདྲའི་བསྔོ་མི་ཐོགས་པའི་སྒྲོམ་གཞི་ཞིག་ལས་ཐར་མ་ཐུབ་ཅིང་།དུས་ཚོད་ངེས་ཅན་ཞིག་ཏུ་རང་སོ་སོ་ཡང་ཁ་དབུགས་དེའི་ཁྲོད་ནས་ནར་སོན་པས་ན།དེ་ལས་ང་ཚོའི་རྒྱུད་དུ་སྨིན་པའི་འབྲས་རྟགས་ཤིག་སྟེ།དགེ་རྒན་ལ་བཀུར་དགོས་དོན་ནི་རང་ཉིད་ལ་ཤེས་བྱ་མང་དག་ཅིག་མཛུབ་སྟོན་དང་།ལས་དབང་བསྒྱུར་བྱེད་ཀྱི་ལམ་ཞིག་གསར་འཛུགས་གནང་གིན་པའི་རྐྱེན་དུ་མི་འགྱུར་བར།དགེ་རྒན་ལ་ངེས་པར་དུ་བཀུར་དགོས་ཏེ།གལ་ཏེ་མ་བཀུར་ན་གཅར་རྡུང་ཉོ་བའམ་ཁ་ངོ་མེད་འགྲོ་བ་རེད་ཅེས་ཐལ་བཞིན་ཡོད་གི དྲང་མོར་བཤད་ན།དེ་ནི་དགེ་རྒན་ལ་སྐྲག་ནི་རེད།སྐྲག་སོང་བ་དེ་རྒྱུ་མཚན་དུ་བྱས་ནས་ད་བཟོད་ཚུལ་འཆོས་ཀྱི་གུས་མདོག་ཞིག་སྟོན་གྱིན་ཡོད་ནི་རེད།
  དེ་བས་ན།སྔངས་སྐྲག་གི་མཐུ་ལས་གུས་ཚུགས་ཐོན་གྱིན་པའམ་གུས་སེམས་སྟོན་གྱིན་པ་ནི་འུ་ཅག་གི་བག་ལ་ཞ་བའི་ཕམ་ཁ་ཞིག་རེད་མ་གཏོགས།ངོམས་དུ་རི་བའི་ཁྱད་ཆོས་ཤིག་མ་རེད་ལ།སྐྲག་སྣང་ཞིག་གིས་ལུས་སེམས་གནར་ནས།བཙན་དང་དབང་ཤེད་ལ་ཞེད་ནས་དགེ་རྒན་ལ་གུས་པར་བྱེད་པ་དེ་ཡང་།དགེ་རྒན་ཞིག་ལ་མཚོན་ན་ངེས་པར་དུ་འདང་རྒྱག་དགོས་ས་ཞིག་རེད་མོད་གྱི  ཡིན་ནའང་།ཁོ་ཚོས་དེ་ནི་ང་རྒྱལ་ཞིག་ཏུ་འདོད་ཀྱིན་ཡོད་པ་རེད་མ་གཏོགས།འཕེལ་མེད་སོར་གནས་དང་རྒུད་པར་ཕྱོགས་པའི་རྐྱེན་དུ་འགྱུར་གྱིན་ཡོད་པར་གཏན་དུ་བསམ་བློ་གཏོང་གི་ཡོད་ས་མ་རེད།
  དེ་ལྟར།ང་ཚོའི་རྒྱུད་ཀྱི་བརྩི་བཀུར་དེ་ནི་འཇིགས་སྐྲག་ཅིག་གི་གསལ་འདེབས་ལས་ཐོན་གྱི་ཡོད་པས།གླེང་གིན་པའི་བརྩི་བཀུར་ནི་སྐྱོན་གྱིས་མ་གོས་པ་ཞིག་ཡིན་དུ་མི་རུང་ཞིང་།འཇིགས་སྐྲག་དེའི་དབང་གིས་ང་ཚོའང་མྱི་གཙང་མ་ཞིག་ཏུ་འཁྱོངས་རྒྱུ་ཁག་པོ་བཟོས་འདུག  མཐར་གཏུགས་ན་དེ་ཡང་ང་ཅག་ལ་སློབ་གསོ་གཏོང་སྟངས་ཤིག་ལ་ཆེས་ཆེར་རག་ལས་ཡོད་ཀི་བསམ་གི
 
རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

༼བཀུར༽དང་༼སྐྲག༽

2012-08-01 དམག༼ཀན་ལྷོ༽ ཀློག་གྲངས། མཆན ཡོད།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།