ཆར་བའི་ཁྲོད་ཀྱི་རི་གྲོང་གི་ཡུལ་ལྗོངས།

རིན་སྤུངས་པ་སྟོབས་རྒྱས། མཆོད་མེ་བོད་ཀྱི་རྩོམ་རིག་དྲ་བ། 2013-06-02

  ཉིན་འགའི་རིང་ལ་རི་གྲོང་དེར་ཆར་པ་མེད་ཅིང་གནམ་གཤིས་ནི་ཉིན་རེ་ལས་ཉིན་རེ་བཞིན་ཚ་ཞིང་རི་གྲོང་གི་རི་དང་ཞིང་ཐང་དེ་བཞིན་རྩ་རྩེ་ཤིང་སོགས་ནི་དབུགས་ཀྱི་རྒྱུ་བ་ཆད་ལ་ཉེ་བའི་ཚེ་སྲོག་ཞིག་དང་འདྲ་བར་གསོན་ཉམས་ཀྱི་གདངས་ཉམས་བཞིན་སྐམ་པོར་གྱུར་ལ་ཉེ་ནས་ལུས།
  སྐབས་དེ་དུས་རི་གྲོང་ནི་སྔར་གྱི་རི་གྲོང་དང་གཏན་ནས་མི་འདྲ་བར་དེ་ནི་བྱིས་པ་ཞིག་ཕ་མས་ཉེས་རྡུང་བཏང་ནས་ཅུང་མ་འགོར་བར་དང་གཉིས་སུ་མེད་ནས་ཁ་རོག་གེར་ཁུ་འསིམ་པོར་ལུས།   རི་གྲོང་ལ་ཕུ་ནས་བཞུར་བའི་ཕུ་ཆུ་དེའང་རྒྱུན་དུ་ནས་ཆེན་པོ་མེད་ཁར་ཆར་པ་མ་བབས་པའི་རྐྱེན་གྱི་བཞུར་ཚད་ཀྱང་དེ་ཙམ་ལས་མེད་པར་སྔོ་ལྗང་ཅན་གྱི་རི་གྲོང་གི་མཛེས་ལྗོངས་དེ་སྐྱ་མདོག་ཅན་ཞིག་ལ་གྱུར། དེར་བརྟེན་རི་གྲོང་གི་སྐྱེ་བོ་ཕོ་མོ་རྒན་གཞོན་རྣམས་ཀྱི་མགྲིན་གཅིག་ནས་གནམ་ནས་ཆར་བ་ཞིག་བབས་ན་ཅི་མ་རུང་ཞེས་ལབ་གིན་ཉི་མའི་ཚ་གདུངས་འོག་བཞུར་ཚད་དམའ་བའི་ཕུ་ཆུ་དེ་རང་རང་གི་ཞིང་ཐང་ནང་དུ་འདྲེན་བཞིན་ཞིང་ཐང་དག་ལ་གསོན་ཉམས་ཀྱི་གདངས་ཞིག་སླེབས་པར་རེ་བཞིན་འདུག
  མ་གཞི་རི་གྲོང་དེར་སྐྱེས་དངོས་རྩེ་ཤིང་མང་པོ་མེད་རུང་ཡོད་པ་ཐམས་ཅད་ལ་གཞན་དང་མི་འདྲ་བའི་གསོན་ཉམས་དང་གྲུང་ཤ་ཤིག་ཡོད།
  ལྷག་པར་རི་གྲོང་གི་མདུན་ངོས་སུ་གནས་པའི་སྤངས་ལྫོངས་སྔོན་མོ་དེ་དཔྱིད་ཚུགས་སྐབས་སུ་སྔོ་ལོང་ལོང་གི་གཟི་མདངས་རྒྱས་ནས་འཇིག་རྟེན་ལ་ཚེ་སྲོག་ཐོག་མ་འཕོས་པའི་གཡང་དཀར་གི་ལུ་གུ་དག་ས་གཞི་ཆེན་པོའི་མཛེས་པས་ཡིད་ཀྱི་དབང་པོ་འཕྲོག་དུས་སེམས་སུ་དགའ་བ་སྐྱེས་པའི་ཚུལ་དུ་གནམ་ལྡིང་ས་ལྡིང་བྱེད་པ་དང་ལུག་རྫི་རྒན་པོ་རྣམས་ཀྱི་སྔོ་ལྗང་གི་སྤངས་ལྗོངས་ལོག་ལ་བག་ཕེབས་ཀྱི་བསི་གླུ་བླངས་བཞིན་ལུག་ཁྱུ་རྣམས་རྩྭ་ཆུ་བཟང་སའི་གནས་སུ་དེད་ཀྱིན་ཡོད།
ཡིནའང་ད་ཆ་ཆར་པའི་དབང་གིས་མིག་ལ་མཛེས་ཅིང་བློ་ཁ་ཕྱོགས་སའི་རི་གྲོང་གི་སྤངས་ལྗོངས་དེ་སྔོན་པོ་ནས་དཀར་སེར་གྱི་མདོག་ལ་གྱུར་འགོ་ཚུགས་ནས་གསོན་ཉམས་ཉམས་དུས་གཡང་དཀར་ལུག་ཁྱུ་དག་ནམ་རྒྱུན་བཞིན་ཤ་ཤེས་ངོམས་སའི་ཁོམ་ར་མེད་ལ།  ཨ་ཕོ་ལུག་རྫིའི་བསི་གླུ་ལེན་པའི་སེམས་ཡང་ཉི་མའི་ཚ་དྲོད་ཀྱི་རྦད་དེ་བཅོམ་ནས་ལག་པའི་སྦར་མོ་ཐོད་པར་བཀབ་ནས་ཉི་མའི་ཚ་དྲོད་སེལ་བར་བྱེད་གིན་འདུག དེ་མ་ཟད་ཚ་གདུང་གི་མནར་བའི་གཡང་དཀར་ལུག་ཁྱུ་རྣམས་ཕར་རྒྱུག་ཚུར་རྒྱུག་གི་སྨྲེ་ངག་གི་འབབ་སྒྲ་རྒྱུན་ཆད་མེད་པར་འདོན་ཅིང་བསིལ་གྲིབ་ཡོད་སའི་གནས་འཚོལ་བར་གཅིག་མཇུག་གཉིས་མཐུད་ཀྱི་བར་མེད་ རྒྱུག་བཞིན་མཆིས།
  རི་གཤམ་དུ་གནས་པའི་སྲོག་ལྡན་མི་ནས་གཙོས་པའི་སྲོག་ཆགས་ཡོད་དོ་ཅོག་དང་དེ་བཞིན་རླུང་བུའི་གར་སྟབས་ལ་བསྟུན་ནས་བྲོ་གར་ལ་ཞེན་པའི་རྡོ་གསེབ་དང་ས་གསེབ་ཁྲོད་ནས་མགོ་བོ་འབུར་འབུར་བྱེད་བཞིན་པའི་རྩྭ་ཕྲན་ཐ་དག་གི་གསོན་ཉམས་དང་གྲུང་ཤ་ཡོངས་རྫོགས་བཅོམ་ནས་སྨྲེ་ངག་གི་ཚུལ་ནས་ཆར་པ་བབས་རྒྱུར་རེ་བཞིན་པའི་ངང་ཚུལ་གང་མང་སྟོན་བཞིན་པ་ལས་གཞན་གྱི་ཐབས་ཅི་ཡང་མེད་པར་གྱུར།
  སྟབས་ལེགས་པ་ཞིག་ལ་མཐའ་ནས་ཆར་རླུང་འུར་འུར་དུ་ཚུབ་ཅིང་སྤྲིན་ནག་འཁྲིགས་སོང་། སྐབས་དེ་དུས་རི་གྲོང་གི་མི་རྣམས་ནས་སེམས་ལ་དགའ་བ་བྱེད་ཅིང་དུས་ཡུན་རིང་པོ་རེ་སྒུག་བྱེད་པའི་ཆར་བ་དེ་སླེབས་སྒོ་ཚུགས་པའི་སྔ་བལྟས་རེད་ཟེར་བཞིན་གདོང་ཡོངས་འཛུམས་ཀྱི་ཁེངས་བཞིན་ལུས་ནས་འདུག།
  དེ་མུར་གློག་དམར་ཁྱུག་ཅིང་འབྲུག་སྒྲ་འུར་འུར་ལྡིར་སོང་རི་གྲོང་གི་ལྷོ་ནུབ་མཚམས་ནས་སྐྱ་ཆིལ་ཆིལ་གྱི་ ཆར་པ་ཞིག་སླེབས་ནས་རི་ཀླུང་ཀུན་བརླན་པར་བྱས་སོང་། སྐབས་དེའི་ཆར་པ་དེ་ནི་རི་གྲོང་ལ་མཚོན་ན་དུས་བབས་ཀྱི་ཆར་པ་རང་རེད་ལ།         སྐྱེ་དངོས་ལ་མཚོན་ན་གཤིན་རྗེའི་ལག་ནས་སྐྱོབ་མཁན་གྱི་མགོན་སྐྱབས་དེའང་རེད།      ཉིན་དགའི་རིང་སོ་ནམ་ཞིང་པ་རྣམས་བཞུར་ཚད་དམའ་བའི་ཕུ་ཆུ་ལ་བརྟེན་ནས་རྨོས་འདེབས་བྱ་རྒྱུ་ཡིན་ དུས་རྨོས་འདེབས་ཀྱི་སེམས་ཤུགས་ཡོད་ཀྱང་ཕུ་ཆུ་བཞུར་ཚད་ཆུང་བས་རྨོས་འདེབས་ལས་དག་གྲུབ་ཐབས་བྲལ་བས་དུས་བབས་ཀྱི་ཆར་བ་དེ་མེད་ན་རི་གྲོང་ལ་མཚོན་ན་བླ་བརླགས་ནས་ལུས་པའི་མི་ཟ་རོ་ཞིག་དང་ འདྲ་བར་ཅི་ཡང་བྱེད་མི་ཤེས་པའི་གནས་སུ་གྱར་རྒྱུ་ནི་ཨ་ན་མ་ན་རེད།   ཆར་པ་དེ་ནི་ཚེ་སྲོག་ལྡན་པའི་སྲོག་ཆགས་དང་སྐྱེ་དངོས་ལ་ཅི་འདྲའི་མེད་དུ་མེད་རུང་བའི་དངོས་པོ་ཞིག་ཡིན་དུས་རི་གྲོང་གི་མཛེས་རྒྱན་མཁོ་སྤྲོད་བྱ་མཁན་ཡང་ཆར་བ་དེ་ཡིན་པས་གལ་སྲིད་ཆར་བ་དེ་མེད་ན་རི་གྲོང་ལ་སྔོ་ལྗང་གི་གོས་བཀླུབས་མི་ཐུབ། གཡང་དཀར་ལུ་གུར་ཤ་ཤེས་ངོམས་སའི་ཁོར་ར་མེད།  རྩ་རྩེ་ཤིང་ལ་གྲུང་ཤ་དང་གསོན་ཉམས་མེད།  རི་གྲོང་གི་མི་རྣམས་ལ་དགོད་སྒྲའི་སེམས་པ་མེད།  ཆར་པ་དེ་རི་གྲོང་གི་ཡོད་དོ་ཅོག་ལ་མེད་ཐབས་མེད་པས་ཆར་བབས་རྗེས་ཀྱི་རི་གྲོང་གི་ཞིང་ཐང་གི་ལོ་ཏོག་ རྣམས་ལ་ཟིལ་པ་ཁྲུམ་ཁྲུམ་གི་མགོ་གཡུགས་དང་རྡོ་གསེབ་དང་ས་གསེབ་ཁྲོད་གི་རྩ་ཕྲན་དག་གྲུང་རིལ་རིལ་གྱི་མགོ་བོ་འབུར་འབུར་དུ་ཐོན་ནས་སྔར་བས་ཚེ་སྲོག་ལ་གསོན་ཤུགས་གསར་བ་ཤིག་ལྡན་ནས་འདུག།  གཡང་དཀར་ལུག་ཁྱུ་རྣམས་སྤངས་ལྗོངས་སྔོན་པོའི་འདབས་ལ་ས་ལྡིང་གནམ་ལྡིང་གི་རྩེད་འཇོར་རོལ་པ་དང་ལུག་རྫི་དག་གི་བསི་གླུ་ཧང་ཆིལ་ལེ་བླངས་བཞིན་ཁྲ་ཆུང་འུར་རྡོ་རྐེད་པར་ཟེར་ནས་ལུག་ཁྱུའི་དབུས་སུ་བག་ཕེབས་ཀྱི་སྣང་བ་ལ་རོལ་ནས་བཞུགས།  ཀླུང་དུ་གནས་པའི་སོ་ནམ་ཞིང་པ་རྣམས་སྔོ་ལྡེམ་ལྡེམ་དུ་གཡོ་བའི་ཞིང་ཐང་ནང་དུ་ལོ་ཏོག་གི་འཚར་ལོང་ལ་འཚེ་བ་བྱེད་མཁན་གྱི་རྩ་ངན་དག་བཀོག་བཞིན་ཁ་ནས་གླུ་དབྱངས་གྱེར་བཞིན་སྣང་བ་སྐྱིད་པའི་སོ་ནམ་པའི་ ངལ་རྩོལ་ཧུར་ཐག་གྱི་འཇུག་ནས་འདུག།
  གང་ལྟར་ཆར་བ་དེས་རི་གྲོང་ལ་སྔོ་ལྗང་གི་གོས་བཀླུབས་ཅིང་ནེའུ་གསིང་དང་སྤངས་ལྗོངས་སྔོན་པོ་ལ་མེ་ཏོག་སྣ་མིན་གྱི་ཕྲ་ཚོམ་གི་རྒྱན་བཏབས་དུས་མིག་གི་རྒྱལ་མོར་བལྟས་མི་ཚར་བའི་མཛེས་པའི་ལོངས་སྤྱོད་ཞིག་ཤུགས་ཀྱི་སྦྱིན་འོང་།  ང་རང་ཆར་བབས་ཁྲོད་ཀྱི་རི་གྲོང་ལ་དགའ་ཞིང་སྔོ་ལྗང་གི་རི་གྲོང་སྤང་རི་འདབས་གི་གཡང་དཀར་ལུག་ཁྱུའི་འཕགས་འཆོང་ཀྱི་ས་མཆོང་གནམ་མཆོང་གི་ངང་ཚུལ་ཡང་མཐོང་འདོད་པས་ནམ་ཡང་ཆར་པའི་ཁྲོད་ཀྱི་རི་ གྲོང་གི་མཛེས་པ་དེ་རང་ལ་ཡིད་ཀྱི་ཕོ་ཉ་ཡང་ལྷོད་ཙམ་མེད་པར་ཕྱོགས་ནས་ཡོད།།
  
རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

ཆར་བའི་ཁྲོད་ཀྱི་རི་གྲོང་གི་ཡུལ་ལྗོངས།

2013-06-02 རིན་སྤུངས་པ་སྟོབས་རྒྱས། ཀློག་གྲངས། མཆན ཡོད།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།