དཔེ་ཀློག་ཟིན་བྲིས།

  སྤྱིར་དཔེ་ཀློག་ཟིན་བྲིས་ཤིག་འབྲི་དགོས་ན།  གཙོ་བོ་རང་ཉིད་ཀྱིས་བལྟས་པའི་དཔེ་ཆའི་ནང་དོན་གྱི་ཐད་ལ་གདེང་འཇོག་མི་དམན་པ་ཞིག་གནང་ནས་རྩོམ་པ་པོའི་དྲན་ཚུལ་དང་དགོངས་འཆར་ལ་ཐད་ཀར་དམིགས་བཙུགས་ཏེ།  རང་ཉིད་ཀྱིས་དཔེ་ཀློག་བྱས་པའི་མྱོང་ཚོར་མཐའ་དག་མ་གསང་མ་སྦས་བར་བརྗོད་དགོས་པ་རེད་མོད། འོན་ཀྱང་རང་ཉིད་ལ་རྩོམ་པ་པོ་དག་དང་བསྡུར་ན་རྣམ་དཔྱོད་ཀྱི་བློ་རིག་མེད་ལ།   ཤེས་རིག་གི་རྩལ་ནུས་དེ་བས་དམའ་དྲགས་པས།  དཔེ་ཀློག་གི་མྱོང་ཚོར་རེ་བརྗོད་ན་ཀུན་གྱིས་དམའ་འབེབས་དང་འཕྱ་དམོད་ཀྱི་རྒྱུ་རུ་འགྲོ་བའམ།  ཡང་ན་མ་རྟོག་ལོག་རྟོག་གིས་འགྲེལ་བ་ལོག་བཤད་བརྒྱབ་སྟེ་ཀུན་གྱིས་དགོད་གཏམ་དུ་འགྱུར་བ་བཅས་ལ་སྐྲག་སྟེ།   ད་བར་དུ་དཔེ་ཀློག་གི་ཟིན་བྲིས་འབྲི་མ་ཐུབ་པར།  རྩོམ་པ་པོ་གང་དེས་བཤད་པའི་ཚིག་དུམ་ནང་དོན་ཡོད་པ་རྣམས་བཤུས་འབྲི་རེ་བྱས་ཏེ་དཔེ་ཀློག་ཟིན་བྲིས་ཡིན་པའི་རྣམ་པ་བཟུང་བ་ཡིན། 
   དགུན་གནང་གི་སྐབས་འདིར་ལས་རྒྱུ་མེད་པར་སྐུ་ཞབས་བྱ་གཞུང་དབྱངས་བྷ་ལགས་ཀྱིས་བརྩམས་པའི༼རྩོམ་རིག་དང་མི༽ཞེས་པའི་ཁོ་བོའི་རབ་འབྱམས་པའི་མཐར་ཕྱིན་དཔྱད་རྩོམ་རྨང་གཞི་བྱས་ཐོག་ལྷན་ཐབས་སུ་དཔྱད་བརྗོད་ཁག་ཅིག་བསྣན་ནས་གྲུབ་པའི་དཔེ་ཆ་ལ་ལྟ་ཀློག་བྱས་པ་ལས།  རྩོམ་པ་པོ་ཁོང་གིས་ཕྱོགས་གང་ཐད་ནས་ལུང་འདྲེན་དང་།  རང་ཉིད་ཀྱི་ལྟ་བ་ཐེར་འདོན་བྱས་ཏེ།  རྩོམ་རིག་ནི་མིའི་རིག་པ་ཞིག་ཡིན་པ་དང་།  དེ་མིན་མི་ཚེ་དང་སྤྱི་ཚོགས།  མི་གཤིས་སོགས་ཀྱི་སྐོར་ལ་སྒྱུ་རྩལ་གྱི་སྒོ་ནས་འཚོལ་རྟོག་མི་དམན་པ་བྱས་ཡོད་པ་ནི་ངོ་མ་བློ་ཡུལ་དུ་མི་ཤོང་བ་ཞིག་རེད་འདོད།
དེ་མིན་བོད་ཀྱི་རྩོམ་རིག་གི་བྱུང་འཕེལ་དང་།  བོད་མི་རིགས་ཀྱི་རྩོམ་རིག་བློ་སྦྱོང་གི་ཆུ་ཚད།  རྩོམ་རིག་དང་མི་རིགས་སློབ་གསོ་བར་གྱི་འགལ་འདུ།  རྩོམ་རིག་གསར་བའི་ཚད་བཀག་གི་རང་བཞིན།  ད་དུང་རྩོམ་པ་པོ་རང་ཉིད་ཀྱི་སེམས་ངལ་དང་།  ཞེད་དངངས།  ན་ཟུག  གདུང་འབོད།  སྡུག་ལས་དང་རྔུལ་ཆུ་མ་ལུས་དྲང་རྐྱང་གིས་བོད་ཀྱི་གཞོན་རབས་སློབ་མ་རྣམས་ལ་ལྷུག་བརྗོད་གནང་ཡོད་པ་རེད།
    བོད་ཀྱི་སྙན་ངག་གསར་རྙིང་གི་ཁྱད་པར་དང་བསྡུར་ནས།  དེང་རབས་སྙན་ངག་གསར་བའི་སྐད་ཆའི་མཐར་ཐུག་ནི་མདོར་དེད་ན་རྩོམ་རིག་གི་སྐད་ཆ་ཡིན་པ་དང་།   སྐད་ཆའི་སྦྱོར་བ་མེད་ཚེ་རྩོམ་རིག་གི་བྱ་བ་མཐའ་དག་འགྲུབ་ཐབས་མེད་པ་སོགས་གསལ་གསལ་རྗེན་རྗེན་སྒོས་དམིགས་སུ་བཀར་ནས་བརྗོད་ཡོད་པ་རེད།  ད་དུང༼འཁྱོག་གཟུགས་ཀྱི་རྩ་དོན༽ཞེས་པའི་དཔྱད་རྩོམ་འདི་ལས།  སྦྲང་ཆར་རྩོམ་སྒྲིག་ཁང་གི་མི་འདང་སའི་སྐྱོན་ཆ་ཡོད་ཚད་དམར་རྗེན་དུ་ཕུད་ཡོད་པ་མ་ཟད།  སྦྲང་ཆར་རྩོམ་སྒྲིག་པས་སྒེར་གཅོད་དང་།  ནག་ཉེས།  མཁྲེགས་འཛིན།  བསམ་བློ་གུ་དོག  རང་རློམ།  རང་ལྟ་མཆོག་འཛིན་སོགས་བརྗོད་དེ།  རྒྱའི༼ན་གཞོན་གསར་པའི༽དུས་དེབ་དང༼སྦྲང་ཆར༽གཉིས་གཤིབ་བསྡུར་ཙམ་བྱས་ཡོད་པ་རེད།  ༼ན་གཞོན་གསར་པས༽མང་གཙོ་དང་ཚན་རིག་གི་དར་ཆ་བསྒྲེངས་ཏེ།  ཐོག་མཐའ་བར་གསུམ་དུ་རྙིང་རུལ་དང་བཀག་སྡོམ་ཡོད་ཚད་ཀྱི་ཁ་གཏད་དུ་འགྲེང་པ་དང་།  ༼སྦྲང་ཆར༽གྱིས་རང་ལྟ་མཆོག་འཛིན་དང་བསམ་བློ་སྒེར་སྡོམ་གྱི་འཆང་ཐག་བཟུང་ནས།  རིམ་གྱིས་རྙིང་བ་མཁྲེགས་འཛིན་གྱི་ལམ་དུ་ཞུགས་བཞིན་པའི་སྐྱོན་ཆ་སྣ་མང་འཛོམས་པ་སྒོག་ཤུན་བཤུས་པ་བཞིན་གསལ་རྗེན་ངང་བཤད་ཡོད།
  ༼སྙན་ངག་པ་འཚོལ་བ༽ཞེས་པའི་དཔྱད་རྩོམ་འདིའི་ཁ་གཏོད་ཡུལ་གཙོ་བོ་ནི་སླད་མར་སྙན་ངག་ལ་འཇུག་སྲིད་མིན་གྱི་ཕྱི་རབས་པ་སྤྱི་དང་།  ད་ལྟར་སྙན་ངག་ལ་འཇུག་གིན་པའི་བོད་ཀྱི་སྙན་ངག་པ་ཡིན་ཟེར་མཁན་རྒན་དར་གཞོན་གསུམ་མམ་ཚིགས་བཅད་ལྷུག་གང་རུང་དུས་དེབ་ཚགས་པར་སྣ་ཚོགས་སྟེང་དུ་སྤེལ་རྗེས་སྙན་ངག་པར་རློམ་པ་རྣམས།  ད་དུང་དངུལ་ལོར་དང་ཕོ་ཚོད་འབའ་ཞིག་ལ་བརྟེན་ནས།  སྙན་ངག་ཡིན་མིན་ཅི་རིགས་དང་དཔེ་རྟགས་ཡོད་མེད་ཅི་རིགས།  ཚིག་སྐྱོན་ཡོད་མེད་ཅི་རིགས་ཀྱི༼སྙན་ངག་དེབ༽གྲངས་མེད་པ་དག་རྩོམ་མཁན་གྱི༼སྙན་ངག་པ༽ཆར་རྗེས་ཀྱི་ཤ་མོ་ལྟ་བུ་རྣམས་ཀྱི་ཁྲོད་ནས།  དོན་དམ་པའི་བོད་ཀྱི་སྙན་ངག་པ་ཟེར་བ་ག་འདྲ་ཞིག་ཡིན་པ་འཚོལ་དཀའ་བའི་སེམས་ཚེགས་དང་།  བོད་ཀྱི་སྙན་ངག་གི་དར་རྒུད་དང་།  བོད་ཀྱི་མ་འོངས་པའི་རྩོམ་སྟེགས་སོགས་ལ་སེམས་ཁུར་དང་བློ་འཚབ་སྐྱེས་དགོས་པའི་སྣང་ཚུལ་མ་ལུས་ཞིབ་བརྗོད་བྱས་ཡོད་པ་རེད་དོ།།
གཤམ་ནས་སྔར་ལྟར་རང་ཉིད་ཀྱིས་རྩོམ་པ་པོའི་སྐད་ཆ་གོ་རྒྱུ་ཡོད་པ་རྣམས་ཟིན་བྲིས་སུ་བཏབ་ཡོད་པ་ངལ་བར་མ་འཛེམས་པར་དྲ་སྟེང་དུ་བཤུས་རྒྱུ་ཡིན།
འདིས་ཀྱང་རྩོམ་རིག་གི་བློ་སྦྱོང་ལ་གོམ་ཁ་ཕྱོགས་པའི་ང་དང་ང་འདྲ་བ་རྣམས་ལ་ཕན་རེ་ཐོགས་ཐུབ་པར་སྨོན།
༡  བོད་ཀྱི་རྩོམ་རིག་གསར་བས་སྒེར་མིའི་དོན་སྙིང་སྟེང་གི་མི་མ་རྙེད་པ་དང་། མི་རྣམས་མི་རུ་སློང་བའི་ལོ་རྒྱུས་ཀྱི་འོས་འགན་མ་འགྲུབ་པའི་མཇུག་འབྲས་དེ་ད་ལྟའི་བོད་པའི་མི་གཞི་དང་མི་གཤིས་ཀྱི་སྟེང་ནས་སྨིན་འདུག
༢  སོ་ཁི་ར་ཐེ་ནི་ཁོ་རང་ཉིད་ཀྱིས་སྙིང་ནས་བརྩེ་བའི་ཡ་ཏེན་གྲོང་གི་མི་རྣམས་ཀྱིས་དུག་ཆང་བླུད་ནས་བཀྲོངས་པ་རེད།  ལུའུ་ཞུན་ནི་དུས་མཉམ་པའི་ནད་པ་ལྟ་བུའི་མི་དུང་ཕྱུར་བཅུས་ཁེར་རྐྱང་དུ་ཕུད་སོང་བ་རེད།  འུ་ཚོའི་དོན་གྲུབ་རྒྱལ་ལམ་རང་གྲོལ་ལགས་ནི་བོད་སྤྱི་ཚོགས་ཀྱི་རྙིང་ཞེན་མཁྲེགས་འཛིན་དང་ཕྲག་དོག་གི་མཁའ་དབུགས་རྫོབ་པོ་དེའི་ནང་ནས་རང་ཤི་རྒྱག་དགོས་བྱུང་བ་རེད།  མདོར་ན་དོན་གྲུབ་རྒྱལ་འུ་ཚོས་བཀྲོངས་སོང་བ་རེད།
༣  རང་སྒེར་གྱི་ཁེ་ཕན་དང་ཁ་ཕོར།  སྒེར་སེམས་དང་དུངས་ཞེན་ཁོ་ན་བསམ་ཡོད་པའི་མི་ཡིས་གནས་ལུགས་ལ་གནས་ལུགས་ཀྱིས་བལྟ་ཐུབ་པ་མ་རེད།
༤  སྒེར་སེམས་དང་དུངས་ཞེན་གྱིས་ཕྲག་དོག་དང་གཞན་གཅོད་ཀྱི་འདུ་ཤེས་འཁྲིད་ཡོང་བ་རེད།  དེས་བདེན་འཛིན་གྱི་སྐྱེས་བུ་བསམ་བློ་དང་ལྡན་པ་དག་ལ་གསོན་པའི་ཐར་ལམ་སྟེར་བ་མ་རེད།
༥  ད་ལྟ་དོན་གྲུབ་རྒྱལ་དང་དགེ་ཆོས་ལ་དགའ་མདོག་སྟོན་དོན་ནི།  ཁོང་རྣམ་གཉིས་སྔར་ནས་གྲོངས་ཟིན་པས་ན་ད་གཟོད་ཁོ་ཚོར་ཕན་གནོད་ཅི་ཡང་བསྐྲུན་མི་ཐུབ་པས་རེད། ཐ་ན་ཁོང་རྣམ་གཉིས་ལ་རྗེས་དྲན་དང་བསྟོད་པ་བྱས་ཚེ་ཁོ་ཚོར་སྙན་གྲགས་སོགས་ཁེ་ཕན་འབྱུང་བས་རེད།
༦  བསམ་བློ་རང་དབང་དང་ལྟ་བ་མཉམ་གནས་ཀྱི་འདུ་ཤེས་མེད་པའི་རིག་གནས་ཁོར་ཡུག་ཅིག་གི་ནང་དུ་ངེས་དོན་གྱི་མི་རྙེད་དཀའ།
༧  ང་ཚོས་མི་བཙལ་ཞིང་མི་ལ་འཚོལ་རྟོག་བྱེད་པ་དང་། མི་ལ་ངེས་རྟོགས་བྱེད་པ།  རང་ངོ་རང་གིས་ཟིན་པ།  མི་རེ་རེ་ནས་ཚུགས་ཐུབ་རང་གཤིས་ཅན་གྱི་མི་རུ་ཀེར་རེར་འགྲེང་བ་ནི་ཁ་ཚ་དགོས་གཏུག་གི་གནད་དོན་ཆེན་པོ་ཞིག་རེད།
༨  སྤྱི་ཚོགས་ཧྲིལ་བོ་གད་སྙིགས་སུ་གྱུར་ནའང་།  སྤྱི་ཚོགས་ཧྲིལ་བོ་ལྗན་ལྗིན་དང་མི་གཙང་བས་བསྣུབས་སོང་ནའང་།  རྩོམ་རིག་ཁོ་ན་ནི། རྩོམ་སྟེགས་ཁོ་ན་ནི།  རྩོམ་རིག་བརྩམས་ཆོས་ཁོ་ན་ནི།  རྩོམ་པ་པོ་ཁོ་ན་ནི་དྭངས་གཙང་ལྷད་མེད་ཅིག་ཡིན་དགོས་པས་རེད།
༩ མི་ཚུལ་རིང་ལུགས་ཀྱི་ལྟ་བས་བལྟས་ན། དགེ་རྒན་དང་སློབ་མའི་འབྲེལ་བ་ནི་བུམ་པ་དང་ཕོར་བའི་འབྲེལ་བ་ལྟ་བུ་མ་རེད།  མེ་ཏོག་དང་སྦྲང་མའི་འབྲེལ་བ་ལྟ་བུ་རེད།  ཤེས་བྱ་གང་ལས་ལེན་པ་དང་ཅི་ཞིག་ལེན་པ་དེ་ལེན་མཁན་གྱི་རང་དབང་རེད།
༡༠ བོད་མི་རིགས་ནི་ལྷ་སྒྲུང་རྟོག་བཟོ་དང་འཆར་ཡན་གྱི་ནུས་པ་ཧ་ཅང་ཆེ་བའི་མི་རིགས་ཤིག་རེད།
༡༡ མི་ཚུལ་རིང་ལུགས་པར་འཇིག་རྟེན་འཚོ་གནས་སྙིང་བོར་འཛིན་པའི་སྐྱོ་གར་སྙིང་སྟོབས་ཡོད་པ་རེད།  མིའི་འཚོ་སྡོད་ནི་ངོ་བོའི་ཆ་ནས་སྐྱོ་གར་གྱི་རང་བཞིན་ཅན་ཞིག་རེད།
༡༢  མིས་རང་ཉིད་ངོས་ཟིན་དང་ངེས་རྟོགས་བྱ་དགོས་ན་ངེས་པར་སྐྱོ་གར་རང་བཞིན་གྱི་འཚོ་གནས་ཀྱི་ངོ་བོ་རྟོགས་དགོས་ཤིང་།  མིེས་རང་གི་ཚེ་སྲོག་དང་མི་ཚེའི་དོན་སྙིང་རྙེད་དགོས་ན་ངེས་པར་ཚེ་སྲོག་དང་མི་ཚེའི་སྐྱོ་གར་གྱི་ངོ་བོ་ལ་གདོང་གཏོད་དགོས་པ་ཡིན།
༡༣ མིའི་ཐར་ལམ་ནི་སྐྱོ་གར་ལ་ཞེད་ཅིང་བཀྱེད་པ་དེ་མིན་པར་རང་གི་སྐྱོ་གར་གྱི་འཚོ་སྡོད་ངང་ཚུལ་ལ་ཐད་ཀར་གདོང་གཏོད་པ་དེ་ཡིན།
༡༤ མི་རིགས་ཤིག་གི་ངེས་པ་དོན་གྱི་སད་རྟོགས་ནི་སྐྱོ་གར་སྙིང་སྟོབས་ཀྱི་སད་རྟོགས་ནས་འགོ་རྩོམ་པ་ཡིན་ལ།  སྐྱོ་གར་སྙིང་སྟོབས་མེད་པའི་མི་རིགས་དེ་ལ་གཞར་ཡང་སད་རྟོགས་འབྱུང་མི་དཔེ།
༡༥  ང་ཚོ་ལ་རྩོམ་རིག་མི་བོ་ཆེ་དང་རླབས་ཆེན་གྱི་རྩོམ་རིག་བརྩམས་ཆོས་འབྱུང་དགོས་ན།  ངེས་པར་དུ་སྐྱོ་སྣང་རིང་ལུགས་ཀྱི་བསམ་བློ་ནས་སྐྱོ་གར་སྙིང་སྟོབས་ལ་ཐོད་རྒལ་བྱ་དགོས་པར་འདོད།  སྙན་ངག་དང་བརྩམས་སྒྲུང་གིས་མཚོན་པའི་རྩོམ་རིག་གི་ཁ་གཏོད་སའམ་མཚོན་བྱ་ཉག་གཅིག་ནི།  མི་ཚེ་དང་ཚེ་སྲོག  མི་གཤིས་སོ།།
༡༦  སྤྲོ་གར་ནི༼མཇུག་འབྲས༽གང་རུང་ཞིག་གིས་མཇུག་བསྡུ་བ་དང་།  སྐྱོ་གར་ལ༼མཇུག་བསྡུ་བ༽ཡོད་པ་ཙམ་ལས༼མཇུག་འབྲས༽མེད་པ་དེའོ།།
༡༧  རྩོམ་རིག་གི་སྐད་ཆ་ནི་སྨྲ་བརྗོད་ཀྱི་ཁོངས་སུ་གཏོགས་ཤིང་སྨྲ་བརྗོད་ཀྱིས་ནམ་ཡང་ཚད་མི་འདྲ་བར་སྐད་ཆ་འདའ་འགོང་བྱེད་ཀྱིན་པ་དེའོ།། སྙན་ངག་གི་སྐད་ཆར་ཐུན་མོང་མ་ཡིན་པའི་ཁྱད་ཆོས་ཤིག་ཡོད་པ་ནི་དབྱངས་འགྲོས་རང་བཞིན་ཡིན།
༡༨  ཞན་ཆའི་དབྱེ་ཞིབ་ནི་འཕེལ་རྒྱས་དང་རྒྱལ་ཁའི་འགག་རྩར་བལྟས་ཏེ།  ཞན་ཆ་བཙལ་བ་ནི་འཚོལ་བ་ཀུན་གྱི་ཕུལ་དང་།  ཞན་ཆ་རྙེད་པ་ནི་རྙེད་པ་ཀུན་ལས་མཆོག་ཏུ་ལྟ་བ་རེད།  ང་རང་ཚོ༼བསྟོད་པར༽དུངས་ཞེན་ཆེ་ཞིང་ང་ཚོའི༼སྦྲང་ཆར༽དུབ་དེབ་དང་དེས་མཚོན་པའི་དུས་དེབ་ཁག་ཀྱང༼ངོ་བསྟོད༽ལ་ཤིན་ཏུ་དགའ་བ་དེའོ།།
༡༩  རྩོམ་མཁན་སུས་བརྩམས་ཆོས༼སྦྲང་ཆར༽དུས་དེབ་ཏུ་འགོད་འདོད་ན།  འཚོལ་སྙེག་གི་རང་གཤིས་དང་དགག་སྒྲུབ་ཀྱི་མིག་ཤེས་བསྣུབས་རྗེས༼སྦྲང་ཆར༽དུས་དེབ་ཀྱི་ཡི་ག་དང་འཚམས་པའི༼སྐྱུག་ལྡད༽དང༼ལེགས་བཤད༽འབྲི་བའམ།  ཡང་ན་བལྟར་མི་བཟོད་པའི༼གཤགས་གཏུབ༽ཀྱི་མདུན་དུ་མིག་ཅེ་རེར་བཟོད་སྒོམ་བྱེད་པ་དེའོ།།
༢༠  གཅིག  ༼སྦྲང་ཆར༽དུས་དེབ་ནི་རྩོམ་རིག་བརྩམས་ཆོས་དག་ས་ཕག་བཞིན་དབྱིབས་དང་ཆེ་ཆུང་རང་དང་འཕྲོད་པར་དཔར་བྱེད་ཀྱི༼སྒྲོམ་བུ༽ཞིག་ཡིན་པ་དང་།  གཉིས་ནི་རང་གཤིས་དང་རྩོམ་གཤིས་བོར་རྗེས། ད་གཟོད་བརྩམས་ཆོས༼སྦྲང་ཆར༽དུས་དེབ་ཏུ་འགོད་ཐུབ་པ་རེད། ༼སྦྲང་ཆར༽དུས་དེབ་ནི༼ང་ཚོའི་སྦྲང་ཆར༽ནས༼ཁོ་ཚོའི་སྦྲང་ཆར༽དུ་གྱུར།
༢༡  ༼སྐྱ་བོ་ཆོས་སྨྲ༽དག་གི་ཆེས་ཆེ་བའི་ཕམ་ཉེས་ནི་རང་གཤིས་དང་རང་ཚུགས་མེད་པ་དེ་རེད།

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

དཔེ་ཀློག་ཟིན་བྲིས།

2013-04-29 གཅན་རྣམ་ཐར། ཀློག་གྲངས། མཆན ཡོད།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།