བསྐྱར་འཁྲབ་བྱེད་ཀྱིན་པའི་འཚོ་བ།

རྨེ་རུ་ཕག་མོ་ཚེ་བརྟན།༼ཉི་ཧོང༽ མཆོད་མེ་བོད་ཀྱི་རྩོམ་རིག་དྲ་བ། 2013-04-13

                             ༡
   ཉི་མ་སྔར་བཞིན་ངས་ལྷོ་ཕྱོགས་སུ་འབོད་པར་ལོབས་པའི་རི་བོ་དེའི་འོབས་ནས་འཕགས་ཤིང་།སླར་ཡང་ངས་བྱང་ཕྱོགས་སུ་འབོད་པར་གོམས་པའི་རི་བོ་དེའི་རྒྱབ་ཏུ་ཡལ་འགྲོ འདི་ནི་ཕ་ཡུལ་དང་བསྡུར་ན་ཆེས་ཁྱད་ཆེ་བའི་བར་ཐག་དེ་རེད་ལ། ཏུང་ཅིན་གྲོང་གི་གཞན་ལ་མེད་པའི་གནམ་གཤིས་ཀྱི་ཁྱད་ཆོས་ཤིག་ཀྱང་རེད།
                            ༢
   འཇེམ་འཁོར་མང་བོའི་འུར་ཟིང་གི་འདུ་འཛི་ཀློང་ན། ཉི་ཧོང་གི་མིའི་གདོང་ན་བྲལ་འཚུབ་ཀྱི་མཚོ་མོ་ཞིག་ལྟེམས་སེ་འདུག་ལ།ལྕགས་རྟ་མང་པོའི་འདུར་བརྒྱུག་གི་བྲེལ་མྱུར་བར་ན།ཁོང་ཚོས་འཚོ་བར་བཟུང་བའི་རེ་འབོད་ཀྱི་དུང་སྒྲ་སྙན།
                           ༣
  སྐབས་ལ་རེར། མཐོན་མཐིང་གི་མདོག་བཀྲ་བའི་ཕུག་རོན་དེ་དག་མི་ཚོགས་ཀྱི་གསེབ་ནས་འགུལ་ཞིང་།འཛེར་སྒྲ་ལ་དུངས་བའི་ཕོ་རོག་དེ་དག་འདུ་འཛི་ལ་མོས་པའི་རླངས་འཁོར་དག་གི་སྐེད་པར་བྱོན་དུས།ཡུལ་འདི་ནི་འཆམ་མཐུན་གྱི་རོལ་མོ་སྒྲོག་ས་ཤིག་ཏུ་འདོད་ལ།ཞི་བདེ་ཡི་དང་ཤགས་དཀྲོལ་ས་ཤིག་ཏུའང་འཁུམས།
                           ༤
   མཚམས་ལན་རེར།མི་ཁྲི་སྐོར་མང་བོའི་ཚེ་སྲོག་གི་རིན་ཐང་གློག་འཁོར་བརྒྱུགས་སའི་འགག་ལམ་ནས་རྫོགས་ཤིང་།དལ་འབྱོར་གྱི་ལུས་རྟེན་ཐོབ་པའི་གང་ཟག་སྟོང་ཕྲག་མང་བོས་འཆི་བདག་རང་གིས་འཚོལ་བའི་སྣང་ཚུལ་འདི་དག་མཐོང་ཚེ།གནས་འདི་ནི་བར་བདོ་ལས་འཇིགས་ཆེ་བར་བསམ་ལ།དམྱལ་ཟངས་ལས་ཤོམས་ཆེ་བར་འདོད།
                           ༥
   ད་ནངས། ང་སྔར་བཞིན་ལྕགས་རྟའི་འཁོར་ལོའི་འགྲོས་དང་བསྟུན་ནས་སློབ་གྲྭའི་ཕྱོགས་སུ་བསྙེགས་ཤིང་།ལམ་བར་དུ་ནམ་རྒྱུན་དང་མཚུངས་པར་འཕྲིན་བསྐྱེལ་བ་དང་།སྨན་ཁང་དུ་འགྲོ་བཞིན་པའི་ཨ་ནེ་རྒན་མོ།ད་དུང་ལས་ཚོགས་སུ་འགྲོ་མཁན་སོགས་སུ་འཕྲད་ཅིང་།དེ་དག་གི་བྲེལ་འཚུབ་ཀྱི་གོམ་སྟབས་དང་།གསལ་ལ་མི་གསལ་བའི་འཚམས་འདྲི་སོགས་ཀྱིས་ཏུང་ཅིན་གྲོང་གི་ཞོགས་པར་འུར་ཟིང་གི་ཉམས་ཤིག་བསྣན་འདུག

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

བསྐྱར་འཁྲབ་བྱེད་ཀྱིན་པའི་འཚོ་བ།

2013-04-13 རྨེ་རུ་ཕག་མོ་ཚེ་བརྟན།༼ཉི་ཧོང༽ ཀློག་གྲངས། མཆན ཡོད།

                             ༡
   ཉི་མ་སྔར་བཞིན་ངས་ལྷོ་ཕྱོགས་སུ་འབོད་པར་ལོབས་པའི་རི་བོ་དེའི་འོབས་ནས་འཕགས་ཤིང་།སླར་ཡང་ངས་བྱང་ཕྱོགས་སུ་འབོད་པར་གོམས་པའི་རི་བོ་དེའི་རྒྱབ་ཏུ་ཡལ་འགྲོ འདི་ནི་ཕ་ཡུལ་དང་བསྡུར་ན་ཆེས་ཁྱད་ཆེ་བའི་བར་ཐག་དེ་རེད་ལ། ཏུང་ཅིན་གྲོང་གི་གཞན་ལ་མེད་པའི་གནམ་གཤིས་ཀྱི་ཁྱད་ཆོས་ཤིག་ཀྱང་རེད།
                            ༢
   འཇེམ་འཁོར་མང་བོའི་འུར་ཟིང་གི་འདུ་འཛི་ཀློང་ན། ཉི་ཧོང་གི་མིའི་གདོང་ན་བྲལ་འཚུབ་ཀྱི་མཚོ་མོ་ཞིག་ལྟེམས་སེ་འདུག་ལ།ལྕགས་རྟ་མང་པོའི་འདུར་བརྒྱུག་གི་བྲེལ་མྱུར་བར་ན།ཁོང་ཚོས་འཚོ་བར་བཟུང་བའི་རེ་འབོད་ཀྱི་དུང་སྒྲ་སྙན།
                           ༣
  སྐབས་ལ་རེར། མཐོན་མཐིང་གི་མདོག་བཀྲ་བའི་ཕུག་རོན་དེ་དག་མི་ཚོགས་ཀྱི་གསེབ་ནས་འགུལ་ཞིང་།འཛེར་སྒྲ་ལ་དུངས་བའི་ཕོ་རོག་དེ་དག་འདུ་འཛི་ལ་མོས་པའི་རླངས་འཁོར་དག་གི་སྐེད་པར་བྱོན་དུས།ཡུལ་འདི་ནི་འཆམ་མཐུན་གྱི་རོལ་མོ་སྒྲོག་ས་ཤིག་ཏུ་འདོད་ལ།ཞི་བདེ་ཡི་དང་ཤགས་དཀྲོལ་ས་ཤིག་ཏུའང་འཁུམས།
                           ༤
   མཚམས་ལན་རེར།མི་ཁྲི་སྐོར་མང་བོའི་ཚེ་སྲོག་གི་རིན་ཐང་གློག་འཁོར་བརྒྱུགས་སའི་འགག་ལམ་ནས་རྫོགས་ཤིང་།དལ་འབྱོར་གྱི་ལུས་རྟེན་ཐོབ་པའི་གང་ཟག་སྟོང་ཕྲག་མང་བོས་འཆི་བདག་རང་གིས་འཚོལ་བའི་སྣང་ཚུལ་འདི་དག་མཐོང་ཚེ།གནས་འདི་ནི་བར་བདོ་ལས་འཇིགས་ཆེ་བར་བསམ་ལ།དམྱལ་ཟངས་ལས་ཤོམས་ཆེ་བར་འདོད།
                           ༥
   ད་ནངས། ང་སྔར་བཞིན་ལྕགས་རྟའི་འཁོར་ལོའི་འགྲོས་དང་བསྟུན་ནས་སློབ་གྲྭའི་ཕྱོགས་སུ་བསྙེགས་ཤིང་།ལམ་བར་དུ་ནམ་རྒྱུན་དང་མཚུངས་པར་འཕྲིན་བསྐྱེལ་བ་དང་།སྨན་ཁང་དུ་འགྲོ་བཞིན་པའི་ཨ་ནེ་རྒན་མོ།ད་དུང་ལས་ཚོགས་སུ་འགྲོ་མཁན་སོགས་སུ་འཕྲད་ཅིང་།དེ་དག་གི་བྲེལ་འཚུབ་ཀྱི་གོམ་སྟབས་དང་།གསལ་ལ་མི་གསལ་བའི་འཚམས་འདྲི་སོགས་ཀྱིས་ཏུང་ཅིན་གྲོང་གི་ཞོགས་པར་འུར་ཟིང་གི་ཉམས་ཤིག་བསྣན་འདུག

རྩོམ་ཁུངས། ངེད་དྲ་བ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།