རང་སྐྱོན་ཟིན་པ་ནི་མི་ཇུས་སོ།།

  མི་སུ་ལའང་ཉེས་པ་བཟོ་བའི་ཁེ་དབང་ཞིག་ལོང་སུ་སྤྱོད་དབང་ཡོད་པ་རེད།དེའི་ཕྱིར་མི་སུ་དང་གང་གིས་ཀྱང་རང་ཉིད་ཀྱི་མི་ཚེའི་ནང་དུ་ཉེས་པ་མི་བཟོ་མཁན་ཧ་ལམ་གཅིག་ཀྱང་ཡོད་པ་མ་རེད།བླ་ན་མེད་པའི་སྐྱབས་མགོན་དང་།རླབས་ཆེ་བའི་སྲིད་འཛིན།རྒྱུ་འབྱོར་ཆེ་བའི་ཕྱུག་བདག།ཉམས་ང་ཉག་ཕྲའི་གནས་སུ་གྱུར་བའི་དམངས་ཚོགས།སུ་དང་གང་ལའང་ཁེ་དབང་ཞིག་བདག་པོ་བྱེད་པའི་དབང་ཆ་ཡོད་པ་རེད།དེ་ནི་སོ་སོའི་མི་ཚེའི་ནང་དུ་སོ་སོའི་ཉེས་པ་བཟོས་ཆོག་པ་དང་།སོ་སོའི་མི་ཚེའི་ནང་བཙོན་དུ་འདུག་ཆོག་པ་དང་།ཡང་ན་བདེ་ཞིང་སྐྱིད་པའི་འཚོ་བ་ཞིག་ཅི་དགར་ལོངས་སུ་སྤྱོད་ཆོག་པའི་ཁེ་དབང་ལ་བདག་པོ་རང་གིས་བྱེད་ཆོག་གི་ཡོད་པ་ཡིན་ཕྱིན།མི་ནི་སྤྱི་ཚོགས་ཀྱི་དྲི་རྟགས་ཤིག་ཏུ་ཚུད་ཡོད་པས།འུ་ཚོ་གདམ་གསེས་མེད་བའི་གདམ་གསེས་ཤིག་གི་དྲ་བར་ངང་ངམ་ཤུགས་ཀྱི་ཚུད་ཡོད་རྐྱེན།སོ་སོའི་མི་ཚེའི་ནང་དུ་གདམ་ཀ་གང་གི་གཞུག་ཏུ་འགྲོ་རྒྱུ་ཡིན་པའི་དབང་ཆ་ཞིག་གཞི་ནས་ཆགས་ཡོད།ཁྱེད་ཀྱིས་ཉེས་པ་བཟོ་བའི་ཁེ་དབང་ཅི་འདོད་དུ་ལོང་སུ་སྤྱད་ཚེ།ཁྱེད་ཀྱི་ཉེས་པ་ཇི་སྙེད་དག་ལ་བདག་པོ་གཅིག་གིས་ཚོད་འཛིན་བྱེད་ཀྱིན་ཡོད་པ་རེད།དེ་ནི་ཁྱེད་རང་མི་དམངས་ཤིག་གམ་ཁྱེད་ཉིད་ལ་རྒྱལ་ཁབ་ཞིག་ཡོད་པའི་མཐུན་རྐྱེན་འོག་ཏུ།ཁྱེད་རང་དུས་རྟག་ཏུ་རྩ་ཁྲིམས་དང་ཡང་ན་བཅའ་ཁྲིམས་ཟེར་བ་ཞིག་གིས་དམ་དུ་བཅུགས་ཡོད་པ་མ་ཡི་ནམ།འོན་ཀྱང་རྩ་ཁྲིམས་ཀྱིས་ཀྱང་ཁྱེད་ཀྱི་ཉེས་པ་བཟོ་ཆོག་པའི་ཁེ་དབང་ལ་རྡོག་རྫིས་གཏད་ནས་བྱེད་གི་ཡོད་པ་མ་རེད།རྩ་ཁྲིམས་ཀྱིས་མཐའ་མཇུག་ཁྱེད་ཉིད་ལ་སྡོམ་ཚིག་ཞིག་རྒྱག་སྲིད་མོད།དེ་ནི་ཁྱེད་ཀྱི་ཉེས་པ་བཟོ་ཆོག་པའི་ཁེ་དབང་ལ་རྡོག་རོལ་བཏང་བ་མ་ཡིན་པར་ཁྱེད་ཉིད་ལ་ཡང་བསྐྱར་དྲི་རྟགས་ཤིག་གི་ཚ་འདྲི་བཏང་བ་ཁོ་ན་ཙམ་སྟེ།དེ་ནི་ཁྱེད་ཀྱིས་ཉེས་པ་ངོས་ཟིན་ཡོད་དམ་ཞེས་པའི་དྲི་རྟགས་དེའོ།དེ་རིང་ཁྱེད་ཀྱི་ཚབས་ཆེན་གྱི་ཉེས་པ་ཞིག་བཟོས་སོང་ཞུས་ཚེ།ཁྱེད་ཉིད་ཀྱི་སེམས་སུ་ཝ་ལེར་ཤར་ཐུབ་པ་ནི་རྡུང་རེས་རྟག་པ་དང་།ཡང་ན་མ་བྱིན་པ་བླངས་པ།ཇག་པ་བྱས་པ།མི་བསད་པ་སོགས་རྩ་ཁྲིམས་དང་བཅའ་ཁྲིམས་སུ་ཞལ་གྱིས་ཆོད་པའི་གནད་དོན་ཆེན་གེ་མོ་ཞིག་ཏུ་མཐོང་བ་དག་ཡིན་སྲིད་ཅིང་།གལ་ཏེ།མི་ཞིག་གིས་ཁྱེད་ཀྱི་ད་དུང་ཉེས་པ་གཞན་ཞིག་བཟོས་སོང་ཞུས་ཚེ།ཉིད་ཀྱི་ངོ་གདོང་སྐྱ་བོར་གྱུར་ནས།མི་དེར་ཁོང་ཁྲོ་སྐྱེ་ཞིང་རང་ཉིད་ལ་དཀར་འདོན་གང་རུང་ཞུ་དགོས་པའི་དཔའ་ཉམས་སྟོན་སྲིད།དེ་ལྟར་བྱས་ཚེ།ཁྱེད་རང་རྩ་བ་ནས་ཉེས་པ་བཟོ་མཁན་ཞིག་ཏུ་གྱུར་སོང་ངོ་།འདི་ནི་ཉེས་པ་ཡང་མོ་ཞིག་མ་ཡིན་ཏེ།ཁྱེད་ཀྱི་རང་སྐྱོན་ངོས་མ་ཟིན་པའི་ཉེས་པ་བཟོས་འདུག་པས།ད་ནས་བཟུང་ཁྱེད་ཉིད་ནི་རྟག་པར་ཉེས་པ་བཟོ་སྲིད་པའི་མི་ཞིག་ཏུ་ཁོ་བོར་ངོས་འཛིན་བྱུང་སོང་།ཁྲིམས་ཀྱི་རྭ་བར་དུ་ཁྱེད་ཀྱི་དེ་འདྲའི་ཉེས་པ་བཟོ་བའི་དབང་ཆ་ལོངས་སུ་སྤྱོད་མི་ནུས་མོད།ཁྲིམས་ཀྱི་རྒྱ་ཡན་དུ་བཏང་བའི་ཉེས་པ་དག་ནི་ཁྱེད་ཀྱིས་རྟག་པར་བཟོ་བཞིན་ཡོད་པས།ཉེས་པ་བཟོ་བའི་དབང་ཆ་དག་ཕལ་ཆེར་ཁྱེད་ཀྱིས་ཆུད་ཟོས་སུ་ཡེ་ནས་བཏང་མེད་ཚོད་རེད།དུས་རྒྱུན་གྲོགས་པོ་དག་ལ་ཁས་ལེན་བྱེད་སླ་བོ་མ་བྱེད།ཉིན་རྒྱུན་གྱི་འཚོ་བའི་ཁྲོད་དུ་བདེན་པ་ལ་མི་གནས་པའི་ངག་འཆལ་མ་སྨྲ།འགྲོ་འདུག་བྱ་སྤྱོད་གང་དུའང་གཞན་ལ་ཤོབ་མ་བཤད།འདི་དག་ནི་ཁྲིམས་ཀྱི་རྒྱ་ཡན་དུ་ཤོར་བའི་རིགས་ཤིག་ཏེ།ཁྱེད་ཉིད་ཀྱི་ཉེས་པ་བཟོ་སླ་བའི་ཁེ་དབང་ཡང་མོ་དག་གོ རང་གི་ཁེ་དབང་ལ་དམིགས་ནས་གཞན་གྱི་དམ་བཅའ་ལ་འགལ་བ་ནི་དོན་དམ་པར་གྲོགས་པོ་གཡོ་འཚོང་བྱས་པ་ཡིན་ལ།རང་གི་ཡོང་འབབ་ལ་དམིགས་ནས་གཞན་ལ་ཤོབ་རྒྱག་པ་ནི་ཁྱེད་ཉིད་མི་ཇུས་ཀྱི་ཁྲིམས་ལས་འགལ་སྟངས་དང་བོ་ཡིན།ད་དུང་དེ་ལས་ཀྱང་ཚབ་ཆེན་ཞིག་སྟེ།གཞན་ལ་ཁ་གཡར་ནས་རང་གི་ལྐོག་གཡོ་ངན་ཇུས་བྱེད་པའི་སྦྱོར་བ་སྤེལ་བ་ནི་རང་ཉིད་ཀྱི་རྣམ་ཤེས་ལ་རང་ཉིད་ཀྱིས་བཙན་གཡེམ་བྱས་པའི་ཉེས་པ་དང་ཡང་ལྕི་མེད་པའོ།འོན་ཀྱང་ཁྱེད་ཉིད་ལ་འདི་དག་གི་སྤྲོ་བ་ལོངས་སུ་སྤྱོད་ཆོག་པའི་ཁེ་དབང་ཞིག་ཡོད་པས།མི་སུ་ལའང་ཉིད་ཀྱི་ཁེ་དབང་འདི་འཕྲོག་པའི་དབང་ཆ་མེད་ཅིང་།མི་སུ་ཞིག་གིས་ཀྱང་ཁེ་དབང་འདི་དག་ལ་སྐྱོན་ཀྱི་མཛུབ་མོ་ཀེར་སྲིད་པ་བདེན་མོད།ཡིན་ནའང་མཐའ་མཇུག་ད་དུང་རང་ཉིད་ལ་རགས་ལས་པ་ལས་སུ་ལའང་སྐྱོན་ཀེར་ས་དང་སྐྱབས་ཞུ་ས་ཡོད་པ་མ་རེད།རང་གིས་རང་ཉིད་མེ་ལོང་དུ་བསྒྱུར་ཐུབ་པ་ནི་མི་ཇུས་སོ།རང་གིས་རང་གི་སྐྱོན་ཀྱི་དྲི་མ་ཚོར་བ་ནི་མི་ཇུས་སོ།དུས་རྒྱུན་དུ་ཉེས་པ་བཟོ་བར་སྤྲོ་བའི་མི་ནི་མི་ཇུས་ཀྱི་འགན་ལེན་མེད་པ་དག་མཐའ་གཅིག་ཏུ་མ་ངེས་མོད།ཁྲིམས་སུ་གཏན་ལ་མ་འཁེལ་བའི་ཉེས་པ་བཟོ་བ་དག་ནི་མཐའ་གཅིག་ཏུ་མི་ཇུས་ལ་འགལ་མཁན་རྐྱང་རྐྱང་དུ་ངོས་འཛིན་བྱས་ཆོག་པར་འདོད་དོ།ཚིག་དོན་ལ་མི་གནས་པ།ཤོབ་རྒྱག་པ།དུས་ཐོག་ནས་གཡོལ་བ།གང་བསམ་དུ་གཞན་གྱི་གཞི་རྩའི་ཁེ་དབང་དག་ལ་རྡོག་རྫས་གཏོང་བ་ནི་མི་ཇུས་ཀྱི་བྱང་ཚད་དང་ཏན་ཏན་འབྲེལ་བ་མེད་སར་འགྲོ་བ་མ་རེད།དགྱ་ནག་གི་སློབ་མ་ཞིག་གིས་འཇར་མན་ནས་སློབ་སྦྱོང་གི་འབྲས་བུ་གཡུར་དུ་ཟ་བ་ཞིག་ལོན་ཞིང་།མཐར་ཕྱིན་རྗེས་གནས་དེ་ག་ནས་རང་ཉིད་དང་འཚམས་པའི་བྱ་བ་ཞིག་ཨེ་རེག་བལྟས་ཀྱང་རང་ཉིད་ཀྱི་སྦྱངས་འབྲས་དང་འཚམས་པོ་ཡོད་པའི་བྱ་བ་ཞིག་ཅི་ལྟར་བྱས་ཀྱང་རེག་མ་སོང་པས།མཐར་རིང་གི་སྦྱངས་འབྲས་དང་ཁ་ཐག་རིང་གིས་ཆོད་པའི་ལས་ཁུངས་དམའ་མོའི་རིགས་སུ་ལས་ཀ་འཚོལ་དུ་ཕྱིན་མོད།སྔར་བཞིན་མཇུག་འབྲས་གཅིག་པ་གཅིག་རྐྱང་བྱུང་སོང་།འོན་ཀྱང་ཤེས་རབ་དང་ཡོན་ཏན་ཀུན་ནས་འཕགས་པའི་སྐྱེས་པ་དེའི་དོན་དམ་པར་ཅིའི་ཕྱིར་དུ་རང་ཉིད་ཀྱིས་འདི་ལྟ་བུའི་ལན་ཆགས་ཤིག་ཉོ་དགོས་སོང་བ་ཡེ་ནས་ཤེས་ཀྱིན་མི་འདུག་པ་དེ་རེད།མཐར་དོན་དག་དེ་ལས་ཁུངས་སྤྱི་གཉེར་པ་ཞིག་གིས་གསུང་དོན།ཁོ་བོའི་ཡིག་ཚགས་སུ་ཁོ་རང་གིས་གླ་མ་སྤྲད་པར་ཐེངས་མ་གཉིས་ལ་སྤྱི་སྤྱོད་རླངས་འཁོར་དུ་འདུག་རྐྱང་བྱས་འདུག་པའི་དངོས་དོན་ཞིག་གསལ་བརྡ་བྱས་སོང་།དོན་དག་རྩག་རྩིག་འདིས་སྦྱངས་འབྲས་འཕུལ་དུ་བྱུང་བའི་དགྱ་ནག་གི་ཕྱི་སྡོད་སློབ་མ་ཞིག་འཛམ་གླིང་རང་བཞིན་གྱི་གསར་འགྱུར་ཞིག་ཏུ་གྱུར་བའི་མཐུན་རྐྱེན་བསྐྲུན་སོང་ཡོད་པ་རེད།ལས་ཁུངས་སྤྱི་གཉེར་པ་དེའི་གསལ་བརྡ་མ་བཏང་བའི་ཡར་སྔོན་དུ།ཁོ་རང་ཉིད་ལ་ཉེས་པ་དེའི་ཚོར་འཛིན་ཡེ་བྱུང་མེད་ལ།བྱ་བ་དེ་ཁོ་བོའི་མདུན་ལམ་གྱི་བཀག་རྡོ་ཉག་གཅིག་ཏུ་གྱུར་འགྲོ་བ་བསམ་པའི་སྒྲོམ་དུ་ཏོག་ཙམ་ཡང་འཆར་མེད་པ་ཐག་གིས་བཅད་ཆོག་མོད།དོན་དམ་པར་འདི་ནི་ཉེས་པ་བཟོ་སྟངས་ཆེས་བཙོག་ཤས་ཏེ།མི་ཇུས་ཀྱི་བློ་མིག་ཚང་ལས་ལྡོངས་བའི་བཤམས་སྟོན་ཞིག་བྱས་སོང་བར་འཁུམས།དེ་ལྟ་བུའི་བྱ་བ་ནི་རང་ཉིད་ཀྱིས་ཅི་དགར་ལོངས་སུ་སྤྱོད་ཆོག་པའི་ཁེ་དབང་སྟེ་ཁྲིམས་ཀྱིས་འཆིང་བསྡོམས་མ་བྱས་པའི་ཉེས་པའི་རིགས་ཡིན་པས་སོ།ཡིན་ནའང་།མི་ཇུས་ཀྱི་རྩ་དོན་འཆོར་བ་ནི་ཁྲིམས་ཀྱི་སྒྲོམ་ནང་དུ་ཚུད་པ་ལས་ཀྱང་ཧ་ཅང་བཙོག་ཤོས་ཡིན་པར་འདོད།
 
རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

རང་སྐྱོན་ཟིན་པ་ནི་མི་ཇུས་སོ།།

2013-04-09 རྨེའུ་བཀྲ་ཤིས། ཀློག་གྲངས། མཆན ཡོད།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།