ཁྱེད་ཀྱིས་དེད་པའི་ལམ།

                                    ༼ཕྱི་གླིང་བུད་མེད་ཅིག་དང་གླེང་མོལ་རྗེས་ཀྱི་སེམས་ཚོར་ཡི་གེར་སྡེབ་པ།༽

  གྲོགས་མོ་ལགས། ལས་དབང་ཞིག་གིས་དེད་ནས་འཇིག་རྟེན་གྱི་གྲུ་ཟུར་འདི་ནས་ཁྱེད་དང་མཇལ་འཕྲད་ཀྱི་ སྐལ་བ་སྨིན། ཆེས་ཐོག་མའི་མཇལ་འཕྲད་འདི་ཡང༌། དགའ་སྐྱིད་ཀྱི་སྒྲ་སྙན་སྒྲོག་དུས་ཤིག་མིན་ནའང༌། བསིལ་རླུང་དལ་པོ་ལྡང་བའི་དགུན་དུས་ཀྱི་ས་སྲོད་ཤིག་ལ། སྐྲ་སེར་ལན་བུ་སྔོ་སྐྱའི་སྟོད་གོས་ཀྱིས་བརྒྱན་ནས་སྨྲ་མེད་བརྟུལ་ཞུགས་འཛིན་ཞིང༌། བཀྲ་ཤིས་པའི་ཚིག་གིས་མདུན་བསུས་ནས་མཚམས་འདྲིའི་ཕྱག་ཟུང་བསྲིངས།
  གྲོགས་མོ་ལགས། ཁྱེད་ནི་སྨྲ་བ་ཉུང་བའི་གཞོན་ནུ་མ་ཞིག་སྟེ་བརྗོད་ཚིག་གི་སྣེ་མོ་རེ་ན་དྲང་ བདེན་གྱི་མདུད་པ་རེ།  སྒམ་བརླིང་གི་ངང་ཚུལ་དེས་ང་ལ་གོ་བརྡ་ཞིག་སྤྲད་པ་ནི། དྲང་བདེན་དང་དྭངས་གཙང་ལྷད་མེད་ཀྱི་སེམས་ཁམས། གཞན་མགོ་རང་གིས་རྡུང་བའི་བྱ་སྤྱོད་བཅས་ལ་རྒྱབ་ཀྱིས་ཕྱོགས་པ་ནི་ཁྱེད་ཀྱི་རང་ གཤིས་ཡིན་ཟེར། དེས་ན། མགོ་ནག་མི་ལ་མཁོ་བའང་འདི་ལྟའི་རང་གཤིས་བཟང་པོ་ཞིག་ཡིན་ཕྱིར། འཇིག་རྟེན་ཁམས་ཆེན་པོ་འདིའི་མི་རྣམས་ཀྱིས་འདི་ལྟའི་རང་གཤིས་བཟང་པོ་ཞིག་གིས་ འཇིག་རྟེན་འདི་བཀང་ན་ཅི་མ་རུང་གི་བསམ་པའི་འདོད་པ་ཞིག་གིས་ངའི་མིད་པ་བརྣངས།
  གྲོགས་མོ་ལགས། ང་ཚོ་འཕྲད་པ་ནི་སྔོན་ལས་ཡིན་ལ། དུས་ཀྱི་འགྱུར་བས་བྲལ་དགོས་པའང་ཆོས་ཉིད་ཅིག ཐོག་མའི་མཇལ་འཕྲད་ནི་འཛུམ་འཚེར་དང་དགོད་སྒྲས་བསུས་པ་ཞིག་ཡིན་རུང༌། མི་རྟག་འགྱུར་བ་ནི་སྐད་ཅིག་མའི་གྲོགས་ལ་བརྟེན་ཕྱིར། འཛུམ་འཚེར་དེ་ཇི་སྲིད་བར་ཏུ་བརྟན་པའམ་ཞེས་པའི་བློ་དོགས་ཀྱི་ཞགས་པ་ཞིག་ངའི་ སྐེ་ལ་བསྐོན། རེད་ལགས། འཇིག་རྟེན་ཁམས་ཀྱི་ཡོད་ཚད་དཔལ་འབྱོར་གྱི་རྒྱབ་རྟེན་དུ་བཅོལ་ནས་བརྩེ་སེམས་ དང་ལ་རྒྱ། དུང་སེམས་དང་དྲན་སེམས། བྱམས་པ་དང་སྙིང་རྗེ་སོགས་ཀྱིས་དབུལ་བ་ནི་ཆེད་ཐབསརྡུགས་ཤྀག་རེད་ཨང༌། དེས་ན། འཇིག་རྟེན་འབྲེལ་ལམ་ནི་རྒྱུ་དངོས་ཀྱི་འགག་རྩ་མིན། དབྱར་གྱི་གནམ་གཤིས་ལྟ་བུའི་འགྱུར་ལྡོག་ནི་ངའི་རང་གཤིས་མིན། དུས་བཞིའི་འགྱུར་བས་འཇིགས་མི་ཐུབ་པ་ནི་ལྷ་ཤིང་ཤུག་པའི་རང་གཤིས་ཡིན་ཕྱིར། ལྷ་ཤིང་ཤུགས་པ་ནི་ངའི་ཟས་ཀྱི་མཆོག་ཡིན།
  གྲོགས་མོ་ལགས། ཁྱེད་ཀྱི་གསུང་ཚིག་དྲོན་མོ་ཞིག་གིས་མི་སེམས་བཀུག་པ་ཁྱེད་ཀྱིས་ཨེ་ཤེས། ཕྱི་གླིང་སྐྲ་སེར་ཅན་གྱི་ཆ་ལུགས་འཛིན་རུང༌། རྩམ་དྲི་ཡི་རོ་མཆོག་ལྡན་པའི་ཁྱེད་རང་གི་བརྗོད་ཚིག་རེ་རེའི་རིན་ཐང་ནི་མུ་ ཏིག་རྡོག་པོ་རེ་རེ་སྐྱུག་པ་དང་མཚུངས། ངག་ལས་ཐོན་པ་ནི་བོད་སྐད་དྭངས་མ་ཞིག་དང་སེམས་ལ་དྲན་པ་ནི་ནང་ཆོས་རྣམ་དག་ཅིག ཁྱེད་ཀྱི་ལོ་རྒྱུས་གླེགས་བམ་གྱི་ལེ་ཚན་རེ་ཀློག་སྐབས། ངའི་ཡིད་ཀྱི་མེ་ལོང་ངོགས་སུ་ཤར་བ་ནི། བདེ་བྱེད་བདག་པོ་དང་མཐོ་བཙུན་གྲུབ་རྗེ་འདྲ་བའི་རྣམ་ཐར་གྱི་ལེའུ་ཞིག ནང་བསྟན་ལ་དད་ཅིང་ནང་ཆོས་ཀྱི་ཟས་ཀྱིས་འཚོ་བ་ནི་ཇི་འདྲའི་མཛེས་སྡུག་ལྡན་པའི་མཛེས་ལྗོངས་ཤིག་རེད་ཨང༌།
  གྲོགས་མོ་ལགས། ཁྱེད་ཀྱི་སྨོན་པ་ནི་སྦྱིན་པའི་རྒྱུ་དང༌། ཁྱེད་ཀྱིས་འདེད་པའི་ལམ་ཆེན་ཡིན་ཕྱིར། ཁྱེད་ནི་ལམ་དེར་བསྐྱོད་པའི་རྒྱ་ལམ་འགྲུལ་པ་ཞིག་སྟེ། སྦྱིན་པའི་ལོངས་སྤྱོད་ཕུན་སུམ་ཚོགས་པའི་རྒྱུ་རུ་དགོངས་ནས་དེར་འཇུག་པ་ནི་ ཆེས་མཚར་སྡུག་ལྡན་པ་ཞིག་རེད་ཨང༌།
  ཁྱེད་ཀྱི་མིག་མདུན་དུ་ལྷག་པ་ནི་ཀླད་མེད་སྒྱིད་ལུག་གོམས་གཤིས་སུ་བསྟེན་ པའི་སེམས་ཅན་ཁྱུ་ཞིག་དང༌། སྦྱིན་པའི་གོ་དོན་འགྲེལ་ལ་མཁས་ཀྱང་ལག་ལེན་གསེར་གྱི་ཐིགས་པར་འགྲོགས་པའི་ སྐྱེ་བོ་འགའ། སེར་སྣའི་ལྕགས་སྒྲོག་གིས་མཛུབ་མོ་བསྡམ་ལ། འཇུང་སེམས་འབའ་ཤིག་གི་བསམ་པས་གཞན་བརྟེན་གྱི་འཚོ་བ་ཁོ་ནར་རོལ་བ་ནི་དེ་བས་ ཐབས་སྐྱོ་བ་ཞིག་རེད་ཨང༌། འོན་ཀྱང༌། དེ་འདྲའི་སྐྱེ་བོ་རྒྱ་མཚོའི་ནང་གི་ཆུ་ཐིགས་ཙམ། སྐྱོད་ཅིག དུས་ནམ་ཡང་བཞུད་ལམ་དེར་སྙིང་སྟོབས་ཞུམ་པ་མེད་པར་མདུན་དུ་སྐྱོད་ཅིག མདུན་ཕྱོགས་ཀྱི་ལམ་བུ་ནི་དེ་བས་འོང་སྟོང་དང་ལྡན་པའོ།།
  གྲོགས་མོ་ལགས། ཁྱེད་ཀྱིས་ཉིན་མོའི་མི་དང་མཚན་མོའི་ཁྱི་ཡི་ཚུལ་དུ་ལས་ལ་འབད་ནས་རང་གྲོགས་ ཀྱི་འཁོར་ཚོགས་སྐྱོང་ལ་འབད་ཀྱང༌། ཁོང་ཚོས་མཐོང་བ་ནི་ཁྱེད་ཀྱི་སྒོར་མོ་ལས་དཀའ་སྡུག་མིན་དོན་ཅི། སྐྱ་སེར་དབྱེར་མེད་ཀྱི་སྐྱེ་བོ་འགས་ཡོད་ཚད་གཞན་ལ་སྐྱབས་བཅོལ་ལ་སྤྲོ་བའི་བོད་པའི་གོམས་གཤིས་ངན་པ་འདི་དུས་ནམ་ཞིག་ལ་བཅོས་ཐུབ་བམ། གཞན་ནོར་སྤྱོད་པར་དགའ་བདང༌། རང་ནོར་སྦྱིན་པར་མི་སྤྲོ་བའི་སྐྱེ་བོ་ནི་བོད་པ་ཁོ་ནའི་རང་གཤིས་ཡིན་ནམ་ཅི།
  གྲོགས་མོ་ལགས། ཁྱེད་ཀྱི་གསུང་ཚིག་ལས་རྟོགས་པ་ནི་ཐ་ཤལ་བོད་ཕྲུག་འགའ་ཡི་སྤྱོད་ལམ་དང༌། རྒྱལ་བའི་སྐུ་དྲིན་ཉག་ཅིག་ལས་བོད་མི་ནི་ཆེས་ཡིད་དུ་འོང་བའི་མི་རིགས་ཤིག་ལ་ ཕྱི་གླིང་བར་མངོན་ཡང༌། བོད་པ་འགས་རྫུན་གཏམ་གཞན་མགོ་གཡོགས། ཆོས་འབག་གྱོན་པའི་སྐྱེ་བོ་འགས་ངོ་ཚའི་གོས་དང་བྲལ་ནས་གཞན་མགོ་རྡུང་བ་སོགས་ ནི་ཆེས་ཡིད་སྐྱོ་དགོས་པ་ཞིག་རེད་ཅེས་པ་དེ་རེད། ཁྱེད་ཀྱིས་བདེན་པའི་རྔ་སྒྲ་རེ་རེ་སྒྲོག་དུས། ང་རང་ནི་གྲག་འགུལ་དང་དབུགས་རྔུབ་གཏོང་བྱེད་པའི་ནུས་པ་མེད་པར་མགོ་བོ་དུད་དགོས་བྱུང༌། དེ་ནི་ཁྱོད་ཀྱིས་དངོས་སུ་མཐོང་བའི་སྐྱོ་གར་གྱི་འཁྲབ་སྟོན་ཞིག་ཡིན་ནའང༌།  བོད་མི་ཐམས་ཅད་ལ་དབྱུག་པ་ལེབ་རྡུང་བྱེད་པ་ནི་ཁྱེད་ཀྱི་བླུན་རྟགས་ཁོ་ནར་ཟད།  གང་ལྟར་ངས་དུས་ནམ་ཡང་ཁྱེད་ལ་དགོངས་དག་ཞུ། ཇི་སྲིད་བསྐལ་བའི་བར་དུ་དགོངས་དག་ཞུ་ན་འདོད།
  གྲོགས་མོ་ལགས།  ཁྱེད་ནས་མ་གསང་དྲང་པོའི་གཏམ་གླེང་གནང་བར་དུས་ནམ་ཡང༌། ཐུགས་རྗེ་ཆེ། འོན་ཀྱང༌། ཁྱེད་ཀྱི་མདུན་དུ་ལྷག་པའི་ང་རང་ནི་མགོ་བོ་འདེགས་པའི་སྤོབས་པ་དམན་ཁར། ངོ་ཚ་དང་ཕངས་སེམས་ཤིག་གིས་དུས་ནམ་ཡང་འགྱོད་བྱུང༌། ཁྱེད་ཀྱི་གསུང་ཚིག་དྲོན་མོ་དང་མཛེས་སྡུག་ལྡན་པའི་གཤིས་སྤྱོད། བོད་ཕྲུག་དྭངས་མ་ལས་ལྷག་གི་བོད་སྐད་གཙང་མ་དེས། བོད་ཕྲུག་ཚོའི་མགོ་བོ་ནས་ནམ་ཡང་མནན་སོང༌། དེས་ངའི་ཡིད་ཀྱི་བརྟན་པ་འཕྲོག་པ་ཁྱེད་ཀྱིས་ཨེ་ཤེས། དུས་དེ་ནས་ཁྱེད་ཀྱི་འགྲམ་དུ་བོད་པའི་རིག་གཞུང་གོམས་གཤིས་གླེང་བའི་ངའི་སྨྲ་ ལྕེ་ལྐུགས་སོང་བ་ཁྱེད་ཀྱིས་ཨེ་ཤེས། འཇིག་རྟེན་འདིར་སྐྱོན་ཅན་རེ་ཟུང་མཆིས་པ་ནི་སྲིད་པའི་འཁོར་ཕྱོགས་དང་མཐུན་ ཕྱིར། དུས་ནམ་ཡང་མདུན་དུ་སྐྱོད་ཅིག  ངས་དུས་ནམ་ཡང་ཁྱེད་ལ་དགོངས་དག་ཞུ།
  གྲོགས་མོ་ལགས། ཆེས་ཧང་སངས་དགོས་པ་ཞིག་ནི། རྐུ་མ་ནང་ལ་བཞག སྒོ་ལྕགས་ཕྱི་ནས་རྒྱག་མཁན་གྱི་ཁྱེད་ལ་མཚོན་ན། ཡིད་ཆེས་དང་རེ་བ་བཅོལ་སའི་གྲོགས་ཀྱི་དྭངས་མ་ཞིག་ནས་ཁྱེད་བཅོམ་པ་སུས་ཤེས་སམ། ཀྱག་ཀྱོག་ཆེ་བའི་འཇིག་རྟེན་གྱི་ལམ་བུ་ལས་ཁྱེད་ལ་འཕྲད་པ་ནི། རྫུན་གཏམ་གྱིས་ཕྱུག་པའི་གྲོགས་པོ་འགའ་དང་གཞན་མགོ་གཡོག་ལ་བྲེལ་བའི་སྙིང་ སྡུག་འབའ་ཞིག དེ་བས། ཆེས་ཐབས་སྐྱོ་བ་ཞིག་ནི། རང་སེམས་ཀྱི་དྭངས་མ་འདྲེན་སའི་སྙིང་སྡུག་གི་གཡོ་ཁྲམ་བསླུ་བྲིད་ཀྱི་ཞགས་པས་གང་ཉིད་ཁྲི་མུན་གྱི་དོང་དུ་བརྫངས་པ་དེའོ།།
  གྲོགས་མོ་ལགས། དེས་ན། ང་ཆེས་བསྐྱོད་ན་མི་འདོད་པའི་ལམ་བུ་ནི། འཇིག་རྟེན་ཁམས་འདིའི་ཡོད་ཚད་ཀྱི་ཡོད་ཚད་དཔལ་འབྱོར་དང་འབྲེལ་བའི་ལམ་བུ་ཞིག་ འདེད་དགོས་པ་དེ་རེད། ལམ་བུ་འདི་ན། བརྩེ་སེམས་དྭངས་མ་ཞིག་མེད་ལ། ལམ་བུ་འདི་ན། སྙིང་རྗེ་ངོ་མ་ཞིག་དེ་བས་མེད། ལམ་བུ་འདི་ན། ཕ་མ་བུ་ཕྲུག་གི་བརྩེ་སེམས་ཀྱང་ཇེ་ཆུང་ནས་ཇེ་ཆུང་རེད། ལམ་བུ་འདི་ན། གྲོགས་མཆེད་བར་གྱི་ཡིད་ཆེས་དང་ཤ་ཚའི་སྙིང་རྗེ་དེ་བས་དབེན་ཕྱིར། རྒྱུ་ནོར་གྱིས་དབུལ་ན་གྲོགས་མཆེད་ཀྱིས་དབུལ་འགྲོ་བའི་ཁོར་ཡུག་འདི་ནི། ཇི་འདྲའི་ཐབས་སྐྱོ་བའི་ལམབུ་ཞིག་མ་ཡིན་ནམ། དེས་ན་ཡོད་ཚད་ཀྱི་ཡོད་ཚད་དཔལ་འབྱོར་གྱི་རྒྱབ་བརྟེན་ལ་འགྲོགས་དགོས་པ་ནི་ངའི་ རང་གཤིས་མིན། གྲོགས་མོ་ལགས། ག་ལེར་ཕེབས། ངས་སྙན་མོའི་ཚིག་གིས་ཁྱེད་ལ་བསུ་བ་ཞུ་ལ། དུངས་པའི་དབྱངས་ཀྱིས་ཁྱེད་ལ་ཕེབས་སྐྱེལ་ཞུ། དུས་ཀྱི་དཀྱོགས་མཚམས་ཤིག་ནས་སླར་ཡང་མཇལ་བར་སྨོན།
                                           ༢༠༡༣་ཟླ་བཞི་པའི་ཚེས་༣་ལ་བྲིས།

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

ཁྱེད་ཀྱིས་དེད་པའི་ལམ།

2013-04-09 སྲས་མོ། ཀློག་གྲངས། མཆན ཡོད།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།