ཚེ་སྲོག་གི་སྟོབས་ཤུགས།

རྡོ་རྗེ་བཀྲ་ཤིས། མཆོད་མེ་བོད་ཀྱི་རྩོམ་རིག་དྲ་བ། 2013-03-31

  སྲོག་ལྡན་ཀུན་འཚོ་ཞིང་གནས་པའི་ཧྲིལ་ཧྲིལ་ས་ཡི་གོ་ལའི་ཁྱོན་འདི་འགྲོ་བ་མི་གཅིག་པོའི་གནས་མིན་པ་ནི་མིག་ལྡན་ཀུན་གྱིས་ཤེས་གསལ་ཡིན་ལ་འཇིག་རྟེན་འདིའི་དོན་གྱི་བདག་པོ་ངོ་མ་ནི་དུད་འགྲོ་སེམས་ཅན་ཡིན་པ་ལོ་རྒྱུས་དེབ་ཐེར་བྲག་རི་འདྲ་བ་དེ་ཚོའི་ནང་གསལ་གསལ་ཐིང་ཐིང་དུ་བཀོད་ཡོད་དེ་བོད་འདི་ཐོག་མ་ཆུ་ཡི་གླིང་ཆེན་མོ་དེ་ནས་ཆུ་རྣམས་མར་བྲི་ནས་སྐམ་ས་ཆགས་གནས་འདི་ནི་གཅན་གཟན་རི་དྭགས་ཀྱི་གླིང་ཞེས་བཀོད་ཡོད་པ་ལྟར་རོ་  འོན་ཀྱང་ཉམས་ཆུང་དུད་འགྲོའི་རིགས་ལ་ད་བར་མིའི་རིགས་ཀྱིས་གུ་ཡངས་ཞིག་སྟེར་མྱོང་མེད་དེ་ཡང་མི་བདག་བདག་ཏུ་རེ་བདག་པོ་སྒོ་ཁྱིར་འདོན་ཞེས་པའི་དཔེ་ལྟར་ཉམས་ཆུང་བའི་དུད་འགྲོ་བདག་གི་ཤིན་ཏུ་ནས་རྩ་ཆེ་བའི་ཚེ་སྲོག་ལའང་ད་བར་ལྕེ་སྟེང་གི་བྲོ་བ་ཉག་ཕྲ་བ་ཞིག་དང་ལུས་སྟེང་ཕྱི་གོས་ཀྱི་མཛེས་པ་ཕྲ་མོ་ཞིག་དེ་བཞིན་ལག་ནང་གི་ཤོག་དངུལ་སྟོང་པ་ཁ་ཤས་ཀྱི་ཆེད་དུ་འཇིགས་འགྲོ་བཞིན་འདུག
  གཤམ་དུ་ཡོད་པའི་འདྲ་པར་འདི་ནི་གུས་པས་སྤྱི་ལོ་༢༠༡༣ལོའི་ཟླ་དང་པོའི་ཚེས་བཅུ་ཉིན་དངོས་སུ་མིག་མཐོང་ལག་ཟིན་བྱུང་བ་ཞིག་ཡིན།
 དེ་ཡང་རང་རེའི་རྒྱལ་ཁབ་ཀྱི་རྩ་ཆེའི་རི་སྐྱེས་སྲོག་ཆགས་གླ་བ་ཞིག་བསམ་རྒྱུ་རྒྱུ་ནོར་ལས་ཅི་ཡང་མེད་ལ་རྒྱུ་འབྲས་ཀྱི་རྣམ་བཞག་རྒྱབ་དུ་བསྐྱུར་བཞིན་འདི་ཕྱི་ཡི་བདེ་སྡུག་རྩེད་མོར་རོལ་གནས་སྐབས་ཀྱི་བདེ་བ་སྤྱི་བོར་བཀུར་བའི་ཁྲིམས་འགལ་རྔོན་པ་ཞིག་གིས་སོ་ཅན་ལྕགས་རྙི་ཞིག་ལ་བརྟེན་ནས་འཛིན་ཐབས་བྱས་པའི་གནས་ཚུལ་ཞིག་ཡིན་གཟིགས་དང་འདི་ནས་ང་ཚོས་ཚེ་སྲོག་གི་སྟོབས་ཤུགས་བླ་ན་མེད་པ་ཞིག་མཐོང་ཐུབ་ལ་ཚེ་སྲོག་ཞེས་པ་ཤིན་ཏུ་ནས་རྩ་ཆེན་ཡིན་རྟོགས་ཐུབ་ཉམས་ཆུང་བའི་གླ་བ་དེས་རང་ཉིད་ཀྱི་རྐང་པ་ལྕགས་རྙིའི་ནང་དུ་ཚུད་རྗེས་ཅི་འདྲ་བའི་སྡུག་པོ་མྱང་ཡོད་པ་ནི་མིག་ལྡན་ཀུན་གྱིས་མཐོང་བ་ཙམ་གྱིས་རྟོགས་ནུས་གླ་བ་དེས་རང་ཉིད་ཀྱི་ཚེ་སྲོག་མ་ཤོར་བའི་ཆེད་དུ་རྙི་ནང་དུ་ཡོད་པའི་རྐང་པ་བློས་བཏང་སྟེ་སྡིག་ཅན་གྱི་རྔོན་པ་མ་སླེབས་གོང་རྐང་པ་དོར་ནས་བྲོས་ཕྱིན་པ་རེད།   འོན་ཀྱང་རྙི་ནང་དུ་ཐེབས་པའི་རྐང་པ་བཞག་ནས་བྲོས་རྒྱུ་དེ་ལས་སླ་བ་ཞིག་ག་ནས་ཡིན་རང་ཉིད་ཀྱི་ལུས་ཤུགས་ལ་བརྟེན་ནས་ལྤགས་པ་དང་རྐང་པའི་རྩ་རྣམས་བཅོད་དགོས་པས་ཅི་འདྲ་བའི་ན་ཟུག་ཞིག་བཟོད་བསྲན་བྱེད་དགོས་པ་ནི་ན་ཚའི་ཚོར་བ་ཡོད་པ་ཀུན་གྱིས་ཤེས་ཤེས་ཡིན་གླ་བ་དེས་རང་ཉིད་ཀྱི་རྐང་པ་དེ་ང་ཚོ་མིའི་རིགས་ལ་བཞག་ནས་ཅི་ཞིག་བཤད་འདོད་དམ།   ངོ་མ་སེམས་ལྷོད་དུ་ཕབ་ནས་བསམ་བློ་བཏང་ན་བེད་མེད་ཀྱི་རྐང་པ་དེ་འདྲ་ཞིག་རྣམ་དཔྱོད་ཀྱི་བློ་རིག་ལྡན་པའི་ང་ཚོ་མིའི་རིགས་ལ་བཞག་ནས་ཅི་ཞིག་ཟེར་གྱིན་ཡོད། སེམས་རྣལ་དུ་ཕབ་ནས་མནོ་བསམ་ཞིབ་ཏུ་བཏང་ན་རང་ཉིད་ལ་ཤོག་དངུལ་ཉུང་ཤས་ཤིག་ཐོབ་པའི་ཆེད་དུ་དུད་འགྲོ་ཉམ་ཆུང་གི་གཅེས་པའི་སྲོག་འཕྲོག་ན་འགྲོ་བ་མི་ཞེས་སུ་གྲགས་པའི་མཐོ་རིགས་སྲོག་ཆགས་ཀྱི་རྣམ་དཔྱོད་ཚད་ལས་འགལ་ཡོད་ལ་རང་ཉིད་ཀྱི་བདེ་བ་ཕྲན་བུ་དེ་གཞན་གྱི་སྡུག་བསྔལ་ལྕི་མོ་ཞིག་གི་སྟེང་དུ་བཞག་ན་མི་ཞིག་གི་ཀུན་སྤྱོད་ཀྱི་ཚད་ལས་ཆེས་ཆེར་འགལ་ཡོད་ བྱམས་སྙིང་རྗེའི་ཞིང་ཁམས་སུ་གྲགས་པའི་བོད་མི་ཞིག་གི་ཀུན་སྤྱོད་ཚད་གཞི་ལས་འགལ་ཡོད་པ་ནི་ཀུན་གྱིས་མཁྱེན་མཁྱེན་ཡིན་དེས་ན་ང་རང་ཚོ་མི་ཞིག་ཡིན་པའི་ཆ་ནས་མནོ་བསམ་ཞིག་གཏོང་དགོས་ངེས་རེད་ལ་བོད་མི་ཡིན་པའི་ཆ་ནས་དེ་བས་གདང་རྒྱག་ཞིག་དགོས་ངེས་ཡིན་ད་ལྟའི་བདེ་སྐྱིད་ཕྲན་བུ་ཞིག་དང་ཤོག་ཉུང་ཉུང་ཞིག་གི་ཆེད་དུ་བླངས་དོར་གྱི་གནས་ལུགས་རྨོངས་ན་མི་ཡོང་ལ་རྒྱུ་འབྲས་ཀྱི་རྒྱ་མ་དོར་ན་དེ་བས་མི་འགྲིག་གནས་སྐབས་ཅི་འདྲ་ཞིག་གི་འོག་ཏུ་རང་ཉིད་བྱམས་སྙིང་རྗེའི་ཞིང་ཁམས་སུ་འཁྲུངས་ལ་རྒྱུ་འབྲས་ཀྱི་རྣམ་བཞག་ཁས་ལེན་པའི་བོད་མི་ཞིག་ཡིན་པ་མ་བརྗེད་ཨང་།།
 
རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

ཚེ་སྲོག་གི་སྟོབས་ཤུགས།

2013-03-31 རྡོ་རྗེ་བཀྲ་ཤིས། ཀློག་གྲངས། མཆན ཡོད།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།