སྙན་ངག་པ་དང་དཔེ་ཀློག

རྔོག་བུ་དཔལ་ཆེན། མཆོད་མེ་བོད་ཀྱི་རྩོམ་རིག་དྲ་བ། 2013-03-28

                          ____མཚོ་སྔོན་པོ་ཟིན་བྲིས་དྲ་བའི་རྩོམ་རིག་གི་སྣང་ཚུལ་འགའ་ལས་འཕྲོས་ཏེ་བྲིས།
   ད་ཆར་ང་ཚོའི་ས་ཕྱོགས་སོ་སོ་དང་སློབ་གྲྭ་ཆེ་འབྲིང་ཆུང་གསུམ་གང་དུའང་ན་གཞོན་རྩོམ་དགའ་བ་ཆར་རྗེས་ཀྱི་ཤ་མོ་རྡོལ་བ་ལྟར་གཅིག་རྗེས་གཉིས་མཐུད་དུ་བྱུང་དང་འབྱུང་གིན་འདུག་ཅིང་།  སྙན་ངག་པའི་ཆོ་ལོ་ཡོད་མཁན་ཡང་མི་ཉུང་བའི་ཚོད་དུ་གདའ།    སྐད་ཆ་བསོར་མོ་རེ་བསྙད་ན།  མཚམས་ལན་རེར་བལྟས་ན་ཐམས་ཅད་སྙན་ངག་འབྲི་བར་མཁས་པའི་སྙན་ངག་པ་དག་དག་རེད་ལ། མཚམས་ལན་རེར་བལྟས་ན་དོན་གྱི་སྙན་ངག་པ་རེ་གཉིས་ལས་ཡོད་བཟོ་མི་འདུག  དེ་ལས་ཀྱང་དགོད་བྲོ་བ་ཞིག་ལ་རང་རེའི་སྙན་ངག་པར་རློམ་པ་མང་ཤོས་ལ་མཚུངས་ཆོས་གཅིག་ཡོད་པ་ནི་གཞན་སྐྱོན་འཚོལ་བར་དག་ཆ་ཡོད་པ་ལས་སྙན་ངག་འབྲི་བར་དག་ཆས་མི་ལོངས་པ་རེད།  གཞན་ལ་ལྟ་བའི་མིག་ཡོད་པ་ལས་རང་ལ་ལྟ་བའི་མིག་དབང་ལྡོངས་པ་དེ་རེད།
  སྤྱིར་སྙན་ངག་ཅིག་འབྲི་ན་དག་ཆ་ཡོད་དགོས་པ་ནི་མ་མཐའི་ཆ་རྐྱེན་ཉག་གཅིག་ཡིན་ཏེ། ས་བཟང་པཎ་ཆེན་གྱིས།༼ལེགས་པ་བས་ཀྱང་མགྱོགས་པ་གཙོ།། མགྱོགས་པ་བས་ཀྱང་སྙོམས་པ་གཙོ།།  སྙོམས་པ་བས་ཀྱང་དག་པ་གཙོ།། དེས་ན་དག་པ་གཙོ་བོ་ཡིན།།༽ཞེས་པ་ལས་ཀྱང་དག་ཆ་ཧ་ཅང་གཙོ་བོར་འཛིན་དགོས་པ་གསུངས་ཡོད་ལ།   གཞན་ཡང་༼ཚིག་གི་དག་ཆས་དོན་གྱི་གནད་འབྱིན་ཅིང་།།  དོན་གྱི་གོ་བས་ཚིག་གི་དག་ཐོན་པ་།། རྗེ་ཤེས་རབ་རྒྱ་མཚོས།༽ཞེས་པས་ཀྱང་ཚིག་ལ་དག་ཆ་མེད་པར་འཁྲུལ་བ་བྱུང་ན་དོན་ལའང་འཛོལ་བ་དང་འགྱུར་བ་འབྱུང་ངེས་པ་བསྟན་ཡོད།
  ལྷག་དོན་མིག་སྔར་མཚོ་སྔོན་པོ་ཟིན་བྲིས་དྲ་ཚིགས་གཙོས་གཞུང་སྒེར་གྱི་དྲ་ཚིགས་མང་པོར་ཟིན་བྲིས་པ་ཇེ་མང་ནས་ཇེ་མང་དུ་འགྲོ་བཞིན་པ་དགའ་བའི་གནས་སུ་ལགས་མོད། ཡིད་མི་ངོམས་པ་ཞིག་ནི་འགྲོ་མ་ཤེས་གོང་རྒྱུག་རྩིས་བྱས་ནས་གོམ་ཁ་ལམ་དུ་ཞོག་གིན་མེད་པ་དེ་ཚོ་རེད། དཔེར་ན།  ཉེ་སྔོན་བདག་གིས་མཚོ་སྔོན་པོ་ཟིན་བྲིས་སུ་གསར་དུ་ཞུགས་པའི་ཟིན་བྲིས་པ་ཞིག་མཐོང་ཞིང་།དེ་སློབ་གྲྭ་ག་གེ་མོ་ཞིག་གི་དགེ་རྒན་ཞིག་རེད། ཁོ་མོས་ཚེག་ཁྱིམ་ཉིས་བརྒྱར་ལོངས་མི་ལོངས་ཀྱི་རྩོམ་ཐུང་ངམ་མཚམས་སྦྱོར་གྱི་སྐད་ཆ་འགའ་བྲིས་ཡོད་ལ། དེའི་ནང་བརྒྱ་ཆའི་ལྔ་བཅུ་དྲུག་ཅུ་ཙམ་ཞིག་ཡིག་ནོར་རེད།  བྱེད་འབྲེལ་གྱི་ཁྱད་པར་དང་ཐོབ་ཐང་སོགས་ནོར་བ་རེད།  སྤྱིར་དགེ་རྒན་གྱི་མཚན་ཉིད་ཚང་བ་ཞིག་མི་ཡོང་ནའང་བྱེད་འབྲེལ་དང་ཐོབ་ཐང་ཙམ་ཡང་མི་ངེས་པའི་དགེ་རྒན་སྙན་ངག་པ་དེ་འདྲ་མཐོང་ན་ཡིད་མི་སྐྱོ་གྲང་།  ད་དུང་འདི་འདྲའི་དཔེ་མཚོན་མང་དུ་མཐོང་མོད་དེ་དག་ཚང་མ་བྲི་བའི་དགོས་པ་ཆེར་མེད་པར་རིགས་བསྒྲེས་ཀྱིས་ཤེས་པར་གྱིས།
  དེ་བས་ང་ཚོས་ད་དུང་བརྡ་དག་སོགས་ཀྱི་དཔེ་ཆར་མང་ལྟ་མང་ཀློག་བྱེད་དགོས་ཏེ། ཡི་གེའི་ཐོབ་ཐང་ཙམ་ཡང་མི་ངེས་པར་སྙན་ངག་བྲིས་ན་དགོད་མི་བྲོའམ། དེའི་མཇུག་འབྲས་ག་འདྲ་ཡིན་ནམ།  ང་ཚོ་འདི་སྙན་གྲགས་ལ་རངས་པ་དང་ཧོལ་རྒྱུག་ལ་གོམས་རྐྱེན་གཤོག་རྩལ་མ་རྒྱས་གོང་ནམ་འཕངས་གཅོད་པར་བྲེལ་གྱིན་འདུག་ཨང་།
  སྤྱིར་ན་སྙན་ངག་འབྲི་རྒྱུ་ནི་ལས་སླ་མོ་ཞིག་མ་རེད་སྙམ། དེ་ལ་རིག་གནས་ཀྱི་རྨང་གཞི་བརྟན་པོ་ཞིག་དང་། འཚོ་བར་རྒྱུས་ལོན་ཟབ་མོ་ཞིག   བསམ་གཞིག་དང་དཔྱོད་ཤེས་ཡངས་མོ་ཞིག   འགན་འཁྲིའི་འདུ་ཤེས་དྲག་པོ་ཞིག་བཅས་མ་འཛོམས་ན་སྙན་ངག་ལེགས་པོ་ཞིག་འཁྱོངས་རྒྱུ་ཁག་པོ་འདུག་སེམས།  ཡིན་ཡང་ད་ལྟའི་མི་རེ་འགའི་དྲན་པར་སྙན་ངག་འབྲི་རྒྱུ་ནི་ལས་སླ་མོ་ཞིག་ཡིན་པའི་འདུ་ཤེས་ཆགས་འདུག་པ་འདྲ།  སློབ་ཆུང་སློབ་མས་ཀྱང་༼ ཀྭ་ཡེ་གསོན་དང་སྙིང་གི་སློབ་གྲོགས་ཚོ།།༽ ཞེས་ཀ་རྩོམ་འབྲི་བར་དཀའ་ངལ་མེད་ཚོད་རེད་ལ།  སྙན་ངག་པར་རློམ་པ་དག་ཀྱང་བྱེད་འབྲེལ་དང་ཐོབ་ཐང་ཙམ་ལའང་ངེས་པ་ཆེན་པོ་མེད་པར་ཨུ་ཚུགས་མཐར་སྐྱེལ་གྱིས་སྙན་ངག་འབྲི་ཡི་འདུག      དེ་བས་འདི་སྙན་ངག་རེད་ལ་འདི་མ་རེད་ཀྱི་ཁ་ཚོན་གཅོད་རྒྱུ་ཡང་དཀའ་མོ་ཆགས་ཡོད་ས་རེད།   ༼ཚིག་གི་དག་ཆས་དོན་གྱི་གནད་འབྱིན༽ པའི་རྒྱུ་མཚན་གྱིས་སྙན་ངག་འབྲི་བ་ལ་ཚིག་གི་དག་ཆ་ཡོད་དགོས་པ་ཧ་ཅང་གནད་དུ་འཁུམས་སོ།།
  ཁོ་བོས་བལྟས་ཚོད་ལ་སྙན་ངག་པའི་ཆོ་ལོའི་སྒོ་ཐེམ་ལ་གོམ་པ་སྤོ་བའི་ལས་དང་བོ་བ་དག་གི་དཔེ་ཀློག་གི་མཁའ་དབུགས་ཨ་ཅང་ཞན་པའི་སྣང་བ་སྟེར། འོ་སྐོལ་དང་དཔེ་ཆའི་བར་ཐག་རིང་དྲགས་སོང་སྙམ།  དེ་བས་ང་ཚོས་ད་དུང་དཔེ་ཆར་མང་ལྟ་མང་ཀློག་བགྱིད་དགོས།  དཔེ་ཆར་ལྟ་བ་ནི་ནང་བསམ་པའི་ལོངས་སྤྱོད་རེད། དཔལ་ཡོན་རེད། དངོས་པོའི་དཔལ་ཡོན་ལས་བསམ་པའི་དཔལ་ཡོན་གཙོ་བོར་འཛིན་དགོས་པར་འདོད་།  ཧི་ཞོན་ཧྥེས[贺雄飞]ཀྱང་༼བསམ་པའི་ལོངས་སྤྱོད་ནི་དངོས་པོའི་ལོངས་སྤྱོད་བརྒྱ་ཕྲག་ལས་ཀྱང་ལྷག་གོ༽ཞེས་པ་ཆེས་གནད་དུ་ཐིངས་པའི་སྐད་ཆ་ཞིག་རེད་ཨང་།  དཔེ་ཆར་ཅི་ཙམ་མང་དུ་བལྟས་ན་དེ་ཙམ་གྱིས་རིག་སྟོབས་འཕེལ་ཞིང་ལྟ་རྒྱ་ཐོས་རྒྱ་ཇེ་ཆེར་འགྲོ་བ་རེད་ལ།     ཡང་གཅིག་བཤད་ན།  དཔེ་ཆ་བཀླགས་པ་ཡིས་གཞན་གྱི་བློ་གྲོས་དང་ཤེས་བྱ་དེ་རང་གི་མིག་གི་དབང་བོ་ལ་བརྟེན་ནས་གཟུགས་སྣང་ཡོད་པར་བཏང་ཞིང་། དེ་ནས་ཚོར་བའི་སྒོ་མོ་བརྒྱུད་ཅིང་བསམ་ཡན་གྱི་གཤོག་པ་བརྐྱངས་ཏེ་སེམས་ཀྱི་གཏིང་རིམ་དུ་འཛུལ་ནས་རང་སེམས་ཀྱི་མཚོ་མོ་སྐྱོམ་པར་བྱེད་དོ།།   བོལ་ཐི་དེ་སུ་ནེ་ཡིས༼དཔེ་དེབ་ཀྱི་ཁྲོད་ན་རིན་པོ་ཆེའི་གླིང་ལས་ཀྱང་ལྷག་པའི་རྒྱུ་ནོར་ཡོད།༽ཞེས་བཤད་པ་ནང་བཞིན་བརྟུན་པའི་གྲུ་རྫིངས་ལ་བརྟེན་ནས་དཔེ་ཀློག་གི་མཚོ་ཀློང་འགྲིམས་ན་གསེར་ལས་ལྷག་པའི་ཤེས་ཡིན་གྱི་ནོར་བུ་རིན་ཐང་བྲལ་བ་ཞིག་འཐོབ་པར་གདོན་མི་ཟ།
  ཡིན་ཡང་༼བསམ་གཞིག་ཡོད་པའི་དཔེ་ཆ་བ་ནི་དཔེ་ཆའི་བདག་པོ་དང་། བསམ་གཞིག་མེད་པའི་དཔེ་ཆ་བ་ནི་དཔེ་ཆའི་བྲན་གཡོག་ཡིན། ཞོགས་དུང་གིས།༽ ཞེས་པ་འདི་ལ་འདང་རྒྱག་རྒྱུ་དང་གནས་ལུགས་ཟབ་མོ་ཡོད་སྙམ།    དེ་བས་དཔེ་ཆར་བལྟ་ཡང་ཤེས་དགོས་ཏེ། ད་སྐབས་བརྗོད་བྱ་འདྲ་མིན་གྱི་དཔེ་ཆ་རྣམ་པ་སྣ་ཚོགས་མཆིས་པས་རིག་པ་དང་བསམ་བློས་གོ་མ་འཕེར་ན་ལོག་ལམ་དུ་འཁྲིད་ཀྱང་སྲིད།     དེའི་སྟབས་ཀྱིས་བརྡ་དག་སོགས་རིག་གཞུང་གི་རྒྱན་ཆས་ལུས་སེམས་སྤུད་ནས་རྩོམ་རིག་སྒེག་མོའི་གྲལ་དབུས་ནས་འཁོར་ན་སྙན་ངག་བུ་མོ་གྲོགས་སུ་ཁུགས་སོ།།    ཞར་དུ་གླེང་རྒྱུ་ཞིག་ལ་རྩོམ་ཐུང་འདི་ཆེན་པོ་རྣམས་ཀྱི་མིག་ཏུ་མི་མཛེས་ཀྱང་རང་དང་ན་མཉམ་དག་ལ་བློ་བསྐྱེད་རེ་དང་ངེས་ཤེས་རེ་ཨེ་འདྲོངས་སྙམ་ནས་བྲིས་སོ།།
                                               ༢༠༡༢  ༡༡  ༢༨ཉིན་རྩེ་ཁོག་ནས།

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

སྙན་ངག་པ་དང་དཔེ་ཀློག

2013-03-28 རྔོག་བུ་དཔལ་ཆེན། ཀློག་གྲངས། མཆན ཡོད།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།