གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

མཚོ་སྔོན་བརྙན་འཕྲིན་ཁང་ལ་རེ་འདོད་ཅིག་ཞུ་འདོད།

2013-03-27 11:40:00 རིག་འཛིན་བཀྲ་ཤིས་དང་རྡོ་རྗེ་རྒ ཀློག་གྲངས། མཆན ཡོད།

  ད་ལོའི་ལོ་གསར་སྐབས་ལ་མཚོ་སྔོན་བརྙན་འཕྲིན་ཁང་གི་ལེ་ཚན་སྐོར་ཞིག་ལ་བལྟས་རྗེས། བདག་དང་བདག་ལྟ་བུའི་ལྟ་མཁན་མང་པོ་ཞིག་གིས་བསམ་འཆར་དང་བསམ་ཚུལ་གང་མང་ག་ས་ག་རུ་འདོན་བཞིན་འདུག མི་གང་མང་ཞིག་གིས་བསམ་འཆར་དང་རེ་འདུན་དེ་དག་ཡིག་གེར་བཀོད་ན་ལེགས་པར་བཤད། དེ་བས་བདག་གིས་ལྟ་མཁན་གང་མང་ཞིག་གི་རེ་འདུན་ལྟར་དུ་ཁོ་ཚོའི་བསམ་འཆར་ཕྱོགས་བསྡུས་བྱས་ནས་ཇི་བཞིན་བཀོད་པ་གཤམ་གསལ།
  གཅིག ལོ་གསར་དགོང་ཚོགས་ཀྱི་སྟེང་དུ་ཞུགས་པའི་གླུ་བ་གླུ་མ་དག་གི་སྐད་ངག་དང་ལེན་སྟངས་སོགས་ཀྱི་ཐད་ཁྱད་ཆོས་གཅིག་མཚུངས་ཡིན་པ།
  གཉིས། ལོ་གསར་དགོང་ཚོགས་ཏུ་ཞུགས་པའི་གླུ་བ་གླུ་མ་དེ་དག་གི་གྱོན་པར་བོད་རིགས་ཀྱི་ཁྱད་ཆོས་མེད་ལ། དེང་རབས་ཀྱི་ཁྱད་ཆོས་ཐལ་དྲག་པ། ཁ་མདོག་ཀྱང་གཅིག་མཚུངས་ཡིན་པ།
  གསུམ། གླུ་ཚིག་ལ་ལ་ཞིག་རྒྱ་ཡིག་ནས་བསྒྱུར་བའི་བྲོ་བ་ཤ་སྟག་ལྡན་པའི་བོད་ཀྱི་ཁྱད་ཆོས་མི་ལྡན་པ།
  བཞི། མདོ་འཛིན་པའི་བཤད་པའི་སྐད་ཆས་མི་སེམས་འགུགས་མི་ཐུབ་པ་དང་། འགྲེལ་བཤད་རྩོམ་ཡིག་ལ་ནང་དོན་དང་སྙན་ཆ་མེད་པ།
  ལྔ། ཁ་ཤགས་དང་གར་ཆུང་། དམངས་གླུ་སོགས་ལྟ་མཁན་ཆེས་དགའ་བའི་འཁྲབ་སྟོན་མེད་པ།
  དྲུག ཞབས་བྲོའི་རྩེད་མོ་མང་འདུག་པ།
  བདུན། བརྙན་ལེན་ལག་རྩལ་ལོ་སྔ་མ་དག་དང་བསྡུར་ན ཇེ་སྡུག་དུ་འགྲོ་བཞིན་པ།
  གོང་གི་དོན་ཚན་དེ་དག་ལོ་གསར་དགོང་ཚོགས་ལ་བཏོན་པའི་བསམ་འཆར་དང་། དེ་དང་མཐུད་ནས་ལོ་གསར་སྐབས་སུ་བརྒྱུད་གཏོང་བྱེད་བཞིན་གླུ་གཞས་སྐོར་ཞིག་ལ་བསམ་འཆར་དང་རེ་འདུན་ཡོད་པས།
  གཅིག ལོ་གསར་སྐབས་སུ་གཏོང་བཞིན་པའི་གླུ་བ་གླུ་མ་དག་གིས་ལེན་བཞིན་པ་དེ་གླུ་དབྱངས་དང་རྡུང་ལེན་ཅི་ཡིན་གསལ་བཤད་ཙམ་མེད་པར་ཁྱད་ཆོས་མི་འཛོམས་པ།
  གཉིས། གླུ་བ་གླུ་མ་དག་གི་གླུ་གཞས་དེ་དག་བརྙན་ལེན་སྒྲིག་སྦྱོར་བྱས་པའི་ཆུ་ཚད་དེ། བོད་ཁམས་ཀྱི་རིག་གནས་སྒྱུ་རྩལ་གྱི་སྒེའུ་ཁུངས་ལྟ་བུ་གྱུར་བའི་སྡེ་ཁག་ཅིག་ལ་མཚོན་ན་ ཆེས་དམའ་ལ། དེང་སྐབས་ཚོང་ར་ན་ཡོད་པའི་འོད་སྡེར་གླུ་གཞས་དཀྱིས་མ་ཞིག་གི་བརྙན་ལེན་སྒྲིག་སྦྱོར་གྱི་ཆུ་ཚད་དང་གཏན་ནས་ཐོན་མེད་པ།
  གསུམ། ས་ཕྱོགས་གཅིག་གི་གླུ་བ་གླུ་མ་དང་། རིག་རྩལ་སོགས་བཀོད་བསྒྲིག་བྱས་པ་ཅུང་མང་ཞིང་། སྒྲིག་ཁྲིད་པ་དག་ལ་ཕྱོགས་ཞེན་གྱི་འདུ་ཤེས་ཟབ་མོ་ཡོད་པ་ཤེས་ཐུབ་པ།
  བཞི། གླུ་བ་གླུ་མ་དག་གི་གདོང་ལ་ཉམས་འགྱུར་མེད་ལ། གྱོན་པ་དག་འདྲ་མཚུངས་ཡིན་པ།
  ལྔ། བརྙན་འབེབས་བྱེད་སའི་གནས་དེ་དག་ལ་ཁྱད་པར་ཆེར་མེད་པ།
  དྲུག གླུ་གཞས་མང་པོ་ཞིག་བརྙན་དུ་ཕབས་ཡོད་ནའང་སྒྲིག་ཁྲིད་པ་མི་གཅིག་གིས་བདག་བཟུང་བྱས་ཡོད་པས་ཕུན་སུམ་མི་ཚོགས་པ།
  བདུན། གླུ་ཚིག་དང་འགྲེལ་བཤད་ཀྱི་ཚིག་ཁ་ཤས་སུ་ཡིག་ནོར་ཐོན་ཡོད་པ།
  དེ་ལས་གཞན་སྔཽན་ཆད་ཀྱི་རིག་རྩལ་རྙིང་བ་དག་སུན་སྣང་སྐྱེས་རག་བར་དུ་གཏོང་རྒྱུ་མང་འདུག་པ།
  ལེགས་པའི་ཕྱོགས་ནས་ཀྱང་ལེ་ཚན་ཁ་ཤས་ཡོད་འདུག་ལ། མཚོ་སྔོན་བོད་སྐད་རླུང་འཕྲིན་བཙུགས་ནས་ལོ་འཁོར་དྲུག་ཅུ་ལོན་པའི་རིག་རྩལ་སྤྲོ་ཚོགས་ཆེན་མོ་དང་། སྨན་བླ་སྐྱབས་ཀྱི་གླུ་གཞས་དགོང་ཚོགས། ཨ་རིག་ས་ཆའི་གཉེན་སྟོན། བོད་ཀྱི་སྐད་གྲགས་ཅན་གྱི་གླུ་བ་གླུ་མས་དེ་སྔོན་བླངས་པའི་གླུ་དང་གླུ་ཤགས་སོགས་ལ་ལྟ་བུ་ལ་དགའ་གུས་བྱེད་བཞིན་ཡོད། ད་དུང་བསམ་འཆར་དང་རེ་འདུན་མང་པོ་ལྡན་པས་གནས་སྐབས་སུ་དེ་ཡིས་ཆོག་པར་བྱ།
  མཇུག་མཐར། ཇུས་འགོད་པ་དང་སྒྲིག་ཁྲིད་པ་མི་རེ་གཉིས་ནས་སྒེར་གཅོད་ཀྱི་བྱེད་སྟངས་དེ་བསྒྱུར་དགོས་ལ། ས་ཕྱོགས་རིང་ལུགས་དང་བཟང་ས་རྒྱན་སའི་ཁ་ངོ་ལྟ་ས་ཞིག་ཏུ་མི་འགྱུར་བ་བྱས་ཏེ། ང་ཚོའི་བོད་པའི་ལྟ་མཁན་དག་ལ་ལོ་རེ་ལོ་རེར་ལེ་ཚན་ཕུན་སུམ་ཚོགས་པ་མང་པོ་བསྐྲུན་རྒྱུ་སོགས་ནི་བདག་དང་བག་ལྟ་བུའི་མཁན་མི་ཉུང་བ་ཞིག་གི་རེད་འདོད་དོ།
                   ཞེས་དགེ་མིང་འཛིན་པ་རིག་འཛིན་བཀྲ་ཤིས་དང་རྡོ་རྗེ་རྒྱལ་གཉིས་ནས་ལྟ་མཁན་མང་པོའི་རེ་བ་ལྟར་སྤེལ་བའོ།   
 

རྩོམ་ཁུངས། ངེད་དྲ་བ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།