བརྩེ་དུང་གི་དབང་གིས།

    སྟོང་ལོ་བཅུ་གཉིས་ལོའི་ཟླ་བཅུ་གཉིས་པའི་ཚེས་གཉིས་ཉིན།མཚོ་སྔོན་མགོ་ལོག་གཅིག་སྒྲིལ་རྫོང་སོག་རུ་ཡུལ་ཚོ་རུ་གློ་རྡེག་ཏུ་མི་གཉིས་ཤི་བའི་དོན་རྐྱེན་བྱུང་།  གཏམ་ངན་དེ་ཐོས་སྐབས་ང་རང་གཞུང་ལས་ཁང་དུ་ལས་ཀར་བྲེལ་བཞིན་པའི་སྒང་ཡིན། སྐབས་ཐོག་ཏུ་ང་རང་ཡིད་ཆེས་པའང་བྱུང་མེད། རྒྱུ་མཚན་ཧ་ཅང་སླ་སྟེ།གནས་འདི་རུ་ཡར་སྔོན་གང་དུའང་མི་ཤི་རྟ་འགྱེལ་ལྟ་བུའི་དོན་རྐྱེན་བྱུང་བ་གོ་མྱོང་མེད་ཁར།གཏམ་ངན་གང་དེའི་བདེན་རྫུན་དང་བྱུང་རྐྱེན་ཡང་ཁོ་བོར་མཚོན་ན་རྦད་དེ་ཆ་མེད་ཅིག་ཡིན་པས་རེད།ཡིནའང་།འཚུབ་ཆ་ལངས་བའི་མདུན་གྱི་ལས་གྲོགས་གསར་བུ་དེ་བལྟས་ཚེ་དོན་དག་གང་ཞིག་བྱུང་བར་ཡིད་མི་ཆེས་རང་ཆེས་ལྟ་བུའི་རྣམ་འགྱུར་ཅིག་མཐོང་ཡོང་།སྐབས་དེར་ཧྲུའུ་ཅི་དང་ཚོ་དཔོན་གཉིས་ཀ་སྔ་མོ་ནས་གཞུང་དོན་དུ་འདུར་ཚར་བས་ལས་ཁུངས་སུ་མེད།ལས་གྲོགས་གཞན་པ་ཚང་མ་རབ་རིབ་མག་མོག་ཅིག་རེད། ང་རང་ལྷག་ཏུ་རབ་རིབ་མག་མོག་ཅིག་རེད། ཁ་པར་དུ་བལྟས་ཚེ་ཕྱི་དྲོའི་ཆུ་ཚོད་གསུམ་དང་སྐར་མ་བཅོ་ལྔའི་མཚམས་སུ་སླེབས་འདུག
  དོན་རྐྱེན་དེ་ཧ་ཅང་གློ་བུར་ཡིན་པས་ཡིན་ནམ། རེ་ཞིག་ང་རང་ཧད་དེ་ལུས་སོང་ཡོད་པ་འདྲ། ཡང་ན་དེ་ཡང་མ་ཡིན་དེ།དོན་རྐྱེན་ནི་གློ་རྡེག་གློ་རྡེག་ཏུ་བྱུང་ཆོག་པ་དེ་ཡིན་པས།ང་རང་འཚུབ་ཆ་ཙམ་ཡང་ལངས་མེད་པ་འདྲ། གང་ལྟར་བསམ་གཞིག་ལང་ལོང་དེ་ལས་སད་དུས། ལས་གྲོགས་གསར་བུ་དེས་ཧྲུའུ་ཅི་དང་ཚོ་དཔོན་ལ་ཁ་པར་གཏོང་གིན་འདུག ཁ་པར་གཏོང་ཞོར་དུ་ཡར་འདུར་མར་འདུར་བྱེད་ཀི་འདུག  ཁ་པར་གཏོང་ཚར་རྗེས།ཁོས་ངེད་གཉིས་འགྲོགས་ནས་དོན་རྐྱེན་བྱུང་ཡུལ་དངོས་ལ་འགྲོ་དགོས་ཟེར་བས། ང་རང་དངངས་སྐྲག་འདྲེས་མའི་ངང་ཁོའི་རྗེས་སུ་དེད་པ་ཡིན།
  བལྟས་ཚོད་དུ། ཡོམ་ཡོམ་འགུལ་གྱིན་པའི་མི་ཚོགས་མདུན་གྱི་ཁང་མིག་དེའི་གདོང་ལའང་སྐྱོ་ཉམས་ཁོ་ན་ཤར་འདུག དེ་ནི་འཁྲུལ་བ་ཡིན་ནམ། དངངས་སྐྲག་ཡིན་ནམ། ཡང་ན་དོན་རྐྱེན་བྱུང་ཡུལ་དངོས་ཀྱི་ངོ་གདོང་ནི་དེ་འདྲ་ཁོ་ན་ཡིན་སོང་།
   འགའ་རེས་བཤད་ན།ཁང་ཆུང་དེ་རུ་བེམ་པོ་གཉིས་འདུག་ཟེར།བཟའ་ཟླ་གཉིས་ཀ་རེད་ཟེར།ཕལ་ཆེར་རྒྱ་གཉིས་ཡིན་པ་འདྲ་ཟེར། ལ་ལས་བཤད་ན། དེ་གཉིས་སྤུན་མཆེད་རེད་ཟེར། ཕ་ཡུལ་རྔ་བ་རེད་ཟེར། ཁང་ཆུང་དེ་རུ་འཕྲུལ་རྟ་ཞིག་གསོ་བྱེད་ཀྱིན་ཡོད་པ་རེད་ཟེར། ཁ་ཤས་ཀྱིས། མི་གཅིག་མ་གཏོགས་མི་འདུག་ཟེར།མི་ཚོགས་ཀྱིས་དེ་ལྟར་སྐད་ཆའི་ཁར་སྐད་ཆ་སྣོན་ཞོར་སྒོ་མོ་གཏན་པའི་ཁང་མིག་དེ་སྲུང་ནས་འདུག
   ཁང་མིག་དེ་ནི་བདག་གི་གྲོགས་པོ་ཚང་ཞིག་གིས་རེད། ཉིན་འགའི་སྔོན་དུ་ཁོ་ཚང་གི་ཁང་མིག་དེ་གཞན་ལ་གླ་རྒྱུ་ཡིན་རབས་གོ་མྱོང་ཡང་།རྗེས་མར་སུ་ཞིག་གིས་གླས་པ་གོ་མ་བྱུང་།གང་ལྟར་ད་ལྟ་དོན་རྐྱེན་མི་ལེགས་པ་དེ་ཁོ་ཚང་གི་སྟེང་ལ་ལྷུང་འདུག་པ་མཐོང་བས།ང་རང་ཆེད་དུ་གྲོགས་པོའི་སར་སོང་ནས་གནས་ཚུལ་རྒྱུས་ལོན་བྱས་པ་གཤམ་ལྟར།ཟླ་བཅུ་གཅིག་པའི་ཚེས་བཅུ་དྲུག་ཉིན།ཕ་ཡུལ་སི་ཁྲོན་རྔ་བ་ནས་ཡིན་པའི་གསར་བུ་གཉིས་ཡོང་སྟེ་ཁོ་ཚང་གི་ཁང་མིག་དེ་གླས་པ་དང་།དེ་རུ་འཕྲུལ་རྟ་ཞིག་གསོ་བྱེད་རྒྱུ་ཡིན་པ་གྲོས་ཆོད་བྱུང་བ་རེད་ཟེར།ཡིནའང་།ཉིན་འགའི་སྔོན་དུ་གསར་བུ་ཆུང་ཤོས་ཏེ་ཕྱིར་ཕ་ཡུལ་དུ་ལོགས་སོང་བ་འདྲ་སྟེ་གསར་བུ་ཆེ་ཤོས་དེ་གཅིག་པུ་རེད་ལ།རྒྱུ་རྐྱེན་གང་ཡིན་མ་ཤེས་པར་དེ་རིང་ཕྱི་དྲོར་ད་དུང་ཞིག་གསོ་ཁང་དེའི་སྒོ་གཏན་འདུག་པ་མཐོང་བས།གསར་བུ་དེ་དང་འབྲེལ་ཡོད་མི་སྣ་<ཁོ་ནི་འདིར་ཁང་བ་གླས་དེ་རིང་བོར་འགོར་ཡོད་པའི་རྔ་བ་ཞིག་ཡིན>ཞིག་གིས་ཁང་མིག་དེའི་སྒོ་མོ་བཙན་གྱིས་གཏོར་དེ་བལྟས་བས་ད་གཟོད་གནས་ཚུལ་དེ་ཧ་གོ་བ་རེད་ཟེར།
   འབྲེལ་ཡོད་མི་སྣས་ལན་བཏབ་པ་གཤམ་ལྟར།ཏག་ཏག་དགོང་མོ་དེར་གསར་བུ་དེ་གཅིག་པུ་ཡིན་པ་མ་ཟད།ཁོ་ཚང་ནས་ནུབ་ཇ་འཐུང་ཡོད་འདུག་ལ།ད་དུང་ཁོ་ཚོས་ཁ་བརྡ་ཡུན་རིང་གློད་པས་ཆུ་ཚོད་གསུམ་ལྷག་ཀྱི་རྗེས་སུ་མི་དེ་ཉལ་དུ་ཕྱིན་ཡོད་པ་དང་།དེ་རིང་ཕྱི་དྲོར་སླེབས་ཀྱང་ཚོང་སྒོ་འབྱེད་རྒྱུ་མི་འདུག་པས་ཁོ་རང་སེམས་འཚབ་ཏེ་བལྟ་རུ་ཕྱིན་པ་ན་ཡ་ང་བའི་གནས་ཚུལ་དེ་ཤེས་རྟོག་བྱུང་བ་རེད་ཟེར།སྐབས་དེར་ཁྱིམ་དུ་དྲི་མ་རྫོབ་པོ་ཞིག་གིས་ཡོངས་སུ་ཁྱབ་འདུག་ཟེར།ཁོས་དེ་མུར་སྨན་པར་འབྲེལ་གཏུགས་བྱས་ཏེ་བལྟ་རུ་བཅུག་སྐབས།རྩུབ་ཏུ་མི་གཞན་པ་ཞིག་ཀྱང་འགྱེལ་འདུག་པ་མཐོང་།མི་དེ་གཉིས་ཀ་གཤིབ་དེ་མལ་ཁྲིའི་སྟེང་ནས་དབུགས་ཆད་ཡོད་པ་དང་ནང་ཟྭ་དམ་པོར་བརྒྱབ་ཡོད་པར་བལྟས་ན་འཕྲོག་བཅོམ་སོགས་གང་ཡང་མིན་པ་གསལ་བོ་རེད་ཟེར།
   སྐབས་དེར་ང་རང་འཇིགས་སྐྲག་ཆེས་སྐྱེ་ས་ནི་ངོས་མི་ཟིན་པས་མི་དེ་རེད། མི་དེ་སུ་ཡིན་མ་ཤེས་པས་ཡིན་ཤེས་ཆེ་སྟེ།འབྲེལ་བ་ཡོད་མེད་ཀྱི་མི་ཚོགས་མང་པོའི་འཚང་ཁའང་ཇེ་རྒོད་རེད།ཡིན་ནའང་།ད་ལྟ་ཁང་མིག་དེའི་སྒོ་མོ་སྤྱི་བདེ་མི་སྣས་སྲུང་ཟིན་པས་ཇི་ལྟར་བྱ།
   རིམ་བཞིན་འབྲེལ་ཡོད་མི་སྣ་དང་འབྲེལ་ཡོད་ལས་ཁུངས་བཅས་ཀྱིས་རྩད་གཅོད་བྱུང་ལྟར་ན།  ༡   མི་གཞན་པ་དེ་ནི་སི་ཁྲོན་རྔ་བའི་བུད་མེད་ཅིག་ཡིན་པ་དང་།རྔ་བ་རྫོང་གི་སྲང་མགོའི་ཁྱིམ་ཆས་བཙོང་སའི་ཚོང་ཁང་ཞིག་གི་སྦྱིན་བདག་ཡིན་པ་ཤེས་རྟོག་བྱུང་བ་མ་ཟད།ཚེས་གཅིག་ཉིན་གྱི་ཉིན་གུང་བུད་མེད་དེས་སི་ཁྲོན་རྔ་བ་ན་ཚོང་ཁང་དངོས་སུ་སྲུང་ཡོད་པ་འབྲེལ་ཡོད་མི་སྣས་ཁག་ཐག་བྱུང་། དེ་བས་ཏག་ཏག་མཚན་མོ་དེར་བུད་མེད་དེ་ས་འདིར་ཐོན་པ་ཁག་ཐག་བྱུང་། ༢ བུད་མེད་དེ་གསར་དུ་རང་ལོ་བཅུ་རུ་སོན་པའི་རང་གི་བུ་མོའི་ཕ་དང་གཉེན་འཐོར་བྱུང་བས་ད་སྐབས་རྒྱ་ལྡོམ་ཞིག་དམག་པ་བཞག་ཡོད་པ་སོགས་གསལ་བོར་ཤེས།
༣   འདས་པོ་དེ་ནི་རང་ལོ་སོ་གཅིག་ཡིན་པ་དང་།བཟའ་ཟླ་དང་བུ་ཕྲུག་གཉིས་བཅས་ཡོད་པ། ༤ མལ་ས་རུ་འདས་མོ་ལུས་རྗེན་ཡིན་པ་དང་།འདས་པོའི་ནང་ལྭ་མ་གཏོགས་གྱོན་མེད་པ། ༦འདས་མོར་ཕྲག་ཁུག་གཉིས་ཡོད་པ་དང་གཅིག་ནི་མདོག་སེར་པོ་ཅན་གྱི་མོ་ཁུག་ཅིག་དང་།གཅིག་ནི་མདོག་ནག་པོ་ཅན་གྱི་ཕོ་ཁུག་ཅིག ༧མོ་ཁུག་རུ་སྒོར་སྟོང་ཚོ་བདུན་དང་ཕོ་ཁུག་རུ་རང་གི་ནུ་མོའི་ཁྱིམ་ཐོ་བཅས་རང་གི་ཅ་ལག་འགའ་ཞིག་ཡོད་པ། ༨ཤི་རྐྱེན་མཚན་མོ་དེར་སྒུལ་ཤུགས་ཀྱི་སྒོ་མ་གཏན་པར་ཁྱིམ་ནས་བཀོད་སྤྱོད་བྱས་ཡོད་པ་དང་ལྕག་ཐབ་ཏུ་རྡོ་སོལ་འབུད་ཡོད་པ་སོགས་གཏན་ཁེལ་བྱུང་།
   མཐའ་སྡོམ་མམ་རང་གི་སྐད་ཆ།  མ་གཞི་གནས་ཚུལ་འདི་ནི་དངོས་བྱུང་དོན་དག་ཅིག་དང་དམིགས་བསལ་དོན་དག་ཅིག་ཡིན་པས་ཟིན་ཐུང་འདིའི་མཇུག་སྐྱོངས་དགོས་བྱུང་རེད་མོད། རྐྱེན་གང་རུང་ཞིག་གི་དབང་གིས་འདྲ་པར་སོགས་ལག་སོན་མ་བྱུང་བ་དགོངས་དག་ཞུ། དེ་མིན་ཟིན་ཐུང་འདི་ཀློག་དང་ཀློག་བཞིན་པའི་གྲོགས་པོ་གྲོགས་མོ་ཡོངས་ཀྱིས་གནས་ཚུལ་འདི་གང་སར་སྒྲོག་འདོན་དང་གནས་ཚུལ་འདི་རིགས་ཇི་ལྟར་སྔོན་འགོག་བྱེད་པ་སོགས་ཀྱི་ཤེས་བྱ་བརྒྱུད་སྤྲོད་བྱེད་པར་གལ་འགངས་ཆེ།  
 
              བརྩེ་དུང་གི་དབང་གིས།                 
 
གལ་ཏེ་ཤ་རུས་ཀྱང་གཞོམ་པར་བྱེད་པའི་སེམས་ཀྱི་བརྩེ་བ་དེ་མེད་ན
ང་རང་ལ་ལུང་བརྒལ་ནས་ཁྱོད་སར་ཡོང་དོན་མི་འདུག
གལ་ཏེ་ལུས་སེམས་གཞོམ་པར་བྱེད་པའི་དགུན་གྱི་གྲང་ངར་དེ་མེད་ན
ངས་རང་གི་ཚེ་སྲོག་ཀྱང་ལྕག་ཐབ་ལ་ཕུལ་དགོས་མི་འདུག
ལྷག་དོན
ལྷག་དོན་མནར་གཅོད་ལྟ་བུའི་མུན་པ་དེ་མེད་ན
ངས་རང་གི་རྣམ་ཤེས་དེ་སྒུལ་ཤུགས་ལ་བསྐུར་དོན་མེད་ཀ
བརྩེ་དུང་གི་དབང་གིས
ད་གཟོད་ང་རང་དཀའ་ལས་འདི་དག་ལ་དགའ་བོ་བྱུང་སོང
 
ལོ་ཟླའི་ཁུགས་པ་རུ་ང་ལ་རྩེད་གྲོགས་གྲངས་མེད་ཡོད
སེམས་ཀྱི་ཁུགས་སོ་རུ་ང་ལ་དྲན་རྒྱུ་ཁྱོད་ལས་མེད
རྫུན་རེད་འདོད་ན
ཁྱོད་ཀྱིས་མལ་སའི་ནང་དུ་གཟིགས་དང་
རྣམ་ཤེས་འཕུར་ཤུལ་གྱི་ང་རང་ད་དུང་གན་རྐྱལ་དུ་ཉལ་ཡོད
ཞིབ་ཏུ་ལྟོས་དང་
ང་རང་སྔར་བཞིན་ལུས་རྗེན་ཡིན
 
རྣམ་རྟོག་སྐྱེ་མི་དགོས
དེ་བས་ཁྱོད་ཀྱིས་ང་ལ་ཇི་དགར་སྤྱོད་རོགས
སེར་སྣ་བྱེད་མི་དགོས
ཁྱེད་ཀྱི་སླད་དུ་ངས་ཀྱང་རང་ལ་སེར་སྣ་བྱས་མྱོང་མེད
འདོད་པ་ཚིམས་རྗེས
ཁྱོད་རང་སར་མ་བབས་ཀྱང་ཆོག
 
གལ་ཏེ་ནམ་ལངས་བྱུང་ཡང
ཁྱོད་ཀྱིས་ང་ལ་གོན་པ་སྐོན་མི་དགོས
ཚེ་ཐོག་འདི་རུ
ཕྱི་ཐག་གླེང་ཁོམ་མ་བྱུང་ཡང
བརྩེ་དུང་གི་དབང་གིས
ང་རང་གཏན་ཏུ་ལུས་རྗེན་དུ་ཉལ་འདོད
དེ་བས་ཁྱོད་ཀྱི་རུམ་ཁ་མི་བསུམ་རོགས
                                 ༢༠༡༢ལོའི༡༢ཚེས༣ཉིན་ཕ་ཡུལ་ནས།
 
རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

བརྩེ་དུང་གི་དབང་གིས།

2012-12-21 རྩེ་བ་ཀུན་དགའ། ཀློག་གྲངས། མཆན ཡོད།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།