སློབ་ཆེན་པ་ཞིག་གི་སེམས་ཀྱི་ན་ཟུག་གསོན་པོ།

  ཉེ་ལམ་ནམ་ཟླ་ཇེ་འཁྱགས་ལ་འགྲོ་བཞིན་འདུག་པས་གུས་པོས་ཀུན་ལ་ལུས་སུ་བསྣུབས་བྱའི་ལྭ་བ་གྱོན་པར་ངའི་སྙིང་ཉེ་བའི་ཀློག་པོ་དང་ངོ་ཤེས་མིན་གྱི་གྲོགས་པོ་ཀུན་ལ་ཞུ་བ་ཡིན།
   ང་ཡང་སློབ་ཆེན་པ་ཞེས་པའི་མིང་བྱང་འདི་འཁུར་མཁན་ཞིག་ཡིན་ལ། མིང་བྱང་འདི་འཁུར་ནས་ཏག་ཏག་མི་ལོ་གསུམ་ཟད་ཟིན།ཡིན་ཙང་མང་པོ་ཞིག་གིས་སློབ་ཆེན་ནང་དུ་ཅི་ཡང་བསླབ་མ་སོང་ཞེས་སློབ་མཐར་ཕྱིན་རྗེས་འགྱོག་བཤགས་བགྱི་བཞིན་ཡོད།ངས་ལ་ནི་དེར་སྐྱོན་འཛུགས་རྒྱུ་ཡིན་པ་ལས་ཁ་ཁུ་སིམ་མར་སྐྱོ་རོགས་གཏན་ནས་བྱ་རྒྱུ་མིན་ལ།དེ་རིགས་དང་འདྲ་བར་འགྱོད་བཤགས་ནི་གཏན་ནས་བྱ་རྩིས་མེད།རྒྱུ་མཚན་སློབ་ཆེན་ནི་ཞིང་ས་གཤིན་པོ་ཞིག་ལགས་པའི་དབང་དུ་བཏང་ན་སློབ་ཆེན་པ་ནི་ཞིང་སའི་སྟེང་གི་དཔྱིད་དབྱར་སྟོན་དགུན་ལ་མིའི་འཚོ་རྟེན་དུ་གྱུར་བའི་ལོ་ཏོག་དེ་ཡིན་ངེས། སྤྱི་ཚོགས་ཤིག་ལ་མཚོན་ནས་བཤད་ནའང་། སློབ་ཆེན་པ་ནི་སྤྱི་ཚོགས་ཀྱི་རྡུང་འདེགས་ཡིན་པ་དང་མཐར་གཏུགས་ན་སློབ་ཆེན་པ་ནི་ཤེས་ཡོན་པ་ཡིན་ཏེ།སློབ་ཆེན་དུ་སྤྱི་ཚོགས་ལ་ཅི་མཁའི་ཤེས་བྱ་ཡོན་ཏན་སོགས་སྦྱངས་པ་བྱས་ནས་ལོ་རྒྱུས་འཕེལ་རྒྱས་དང་སྤྱི་ཚོགས་འཕེལ་རྒྱས་སུ་འགྲོ་བའི་ཐད་ཀའི་ནུས་པ་ཐོན་མི་ཡིན།སྤྱིའི་ཆ་ནས་བཤད་ན་སྤྱི་ཚོགས་སྟེང་གི་མི་འཇོན་ཐང་ཅན་གྱི་ཡོངས་ཁུངས་ཀྱང་ཏག་ཏག་སློབ་ཆེན་ལ་ཐུག་ཡོད་པས།སློབ་ཆེན་གྱི་དུས་སྐབས་ནི་གསེར་ལས་ཀྱང་བསྐན་པའི་དུས་ཚོད་ཡིན།ལྟོས་བཅོས་ཀྱི་མི་ལ་ཤས་ནི་སློབ་གྲྭ་ཆེན་མོ་ལས་བུད་པ་མིན་ཡང་དེ་དག་ལ་འཇིག་རྟེན་ཐོག་གི་ཤེས་བྱ་དང་སྤྱི་ཚོགས་ཀྱི་དངོས་ཡོད་ལ་རྒྱུས་ལོན་ཡོད་པའི་མི་དག་དག་ཡིན་པར་བསྙོན་དུ་མེད།དྲང་མོར་བཤད་ན།མི་ལ་ཤས་ནི་སློབ་ཆེན་པ་ལས་ཀྱང་ཤེས་བྱ་ཡོན་ཏན་གྱི་བྱང་ཚད་ཆེ་བའི་འཇོན་མི་ཡིན།དེ་བས་སློབ་གསོ་ནི་ཡོད་ཚད་ཀྱི་གཞི་རྩ་ཡིན་པ་ཀུན་གྱིས་ཤེས་གསལ་ལྟར་ལགས།
    ལྷག་པར་དུ།མི་རིགས་ཞེས་པའི་ཚོགས་པ་འདི་གླེང་མཁན་ཞིག་ལ་མཚོན་ན་ཤེས་ཡོན་པ་ནི་གལ་བོ་ཆེ་ལགས་སྟེ།གཞི་རིམ་སོགས་ག་ས་གང་དུ་མི་རིགས་ཀྱི་ལ་རྒྱ་གླེང་ནས་ཁུར་ཚུར་འཕྱར་ནས་རྒྱུགས་མཁན་འབྱམས་སུ་ཀླས་པས་དུངས་ཞེན་ཡོད་པར་སྨྲས་མེད་ཡིན།ཡིན་ནའང་།དོན་དམ་གྱིས་དོན་ཕྱི་ནང་ཀུན་ལ་འདང་རྒྱག་མཁན་ནི་ཤེས་ཡོན་པ་ཡིན་པས་སྤྱིར་བཏང་གི་ཡོན་ཏན་གྱི་ལག་ཆ་གཅིག་ཀྱང་མེད་པའི་རྨོངས་པ་ཞིག་གིས་ལ་རྒྱ་གླེང་བ་དང་སྤྱི་ཚོགས་ལ་ཕན་ནུས་འཇོག་པའི་ཤེས་ཡོན་པ་སྟེ།འཇིག་རྟེན་འདི་དང་ཚེ་འདིར་ཕན་པའི་ཤེས་བྱ་ཡོན་ཏན་སོགས་ཀྱི་འཇོན་མིས་ལ་རྒྱ་གླེང་བ་དང་སྤྱི་ཚོགས་ལ་ཕན་ནུས་འཇོག་པའི་ཆ་ནས་དམངས་༼འདིར་བཤད་པའི་དམངས་ནི་ཤེས་བྱ་ཡོན་ཏན་མེད་པའི་མི་ལ་གོ་བ་ལེན་དགོས།༽དང་མི་མཚུངས་པ་ནི་བར་ཁྱད་ལགས། ཤེས་ཡོན་པས་ལ་རྒྱ་གླེང་བ་དང་སྤྱི་ཚོགས་ལ་ཕན་བདེ་བསྐྲུན་པ་ནི་རྟག་བརྟན་གྱི་ཕན་པ་དང་བདེ་བ་ཡིན་པས་དམངས་ཀྱིས་ཁུར་ཚུར་འཕྱར་བ་དང་རྩ་བ་ནས་འདྲ་བོ་མེད་པ་ལགས་པ་དང་མཐར་གཏུགས་ཀྱི་འབྲས་བུ་ཡང་འདྲ་བོ་མེད།དཔེར་ན་ཤེས་ཡོན་པས་དམངས་གཙོ་མིན་པའི་རྒྱལ་ཁབ་ལ་དམངས་གཙོ་གླེང་དུས་ཤེས་ཡོན་པ་དེར་སྤྱིར་བཏང་དུ་ཅང་བཅའ་ཐུབ་ཀྱི་མེད་པ་ནང་བཞིན་རེད་མོད།དམངས་ཚོགས་ཤིག་གིས་དམངས་གཙོ་གླེང་བ་ཕར་ཞོག་ལ་རྒྱ་གླེང་བའི་ཕྱོགས་ནས་ཁ་ལྡང་བ་ཙམ་གྱིས་རང་ཉིད་ཀྱི་གཅེས་པའི་སྲོག་ཀྱང་སྲུང་མི་ཐུབ་པ་བཞིན་རེད།ཤེས་ཡོན་པ་ནི་མི་རིགས་ཤིག་ཉེན་ཁ་ལས་སྐྱོབ་མཁན་ཡིན་པས་ཤེས་ཡོན་པའི་འབྱུང་ཁུངས་ནི་སློབ་གྲྭ་རེད་ལ། དེ་ལས་ཀྱང་སློབ་གྲྭ་ཆེན་མོ་རེད་འདོད།
      སློབ་གྲྭ་ཆེན་མོ་རྩེ་གྲས་ཤིག་ཡིན་ཚེ་དང་པོ་དཔེ་མཛོད་ཁང་གཞན་ལ་ངོམ་ཆོག་ཆོག་པོ་ཅིག་ཡོད་དགོས་པ་དང་།གཉིས་སུ་ན་དགེ་རྒན་ཆེན་མོ་སྐད་གྲགས་ཆོད་པོ་མོད་པ་འཛོམས་དགོས་པ།གསུམ་ཏུ་བསམ་བློ་རང་དབང་གི་འཆད་ཁྲིད་མང་དུ་བཀོད་སྒྲིག་བྱས་པའི་གྲངས་ཀ་མང་བ་བཅས་ནི་སློབ་གྲྭ་ཆེན་མོ་ཞེས་མང་བཏགས་རུང་བ་ཞིག་མ་གཞི་ནས་ཡིན་མོད།དེང་སང་བས་མཐའ་འདི་ན་མང་དོན་ཚང་བའི་སློབ་གྲྭ་ཆེན་མོ་ག་ཚོད་ཅིག་ཡོད་ཨང་།དེ་དང་དེའི་བཞིན་མང་དོན་ཚང་བའི་སློབ་གྲྭ་ཆེན་མོ་བ་ཡང་ག་ཚོད་ཅིག་ཡོད་ཨང་།ང་ཚོས་གྲངས་ཀ་ཞིག་ལེན་དགོས་ཚེ་ལས་སླ་བོ་ཡོད་ཀྱང་སྙིང་བོ་བྲལ་བའི་ས་འདིའི་སྟེང་དུ་སྙིང་བོ་ཅན་གྱི་སློབ་གྲྭ་ཆེན་མོ་བ་རྒྱ་མཚོ་ནང་གི་རྡུལ་ཕྲན་ལས་འདས་སོ།།
      ནམ་རྒྱུན།    གྲོང་ཁྱེར་སློབ་གྲྭ་ལས་གྱེས་ཏེ་གཞི་རིམ་དུ་ཕྱིན་ཚེ་ང་ལ་ཉེན་ཚབས་ཀྱི་འདུ་ཤེས་ཤིག་ངང་ངམ་ཤུགས་ཀྱིས་བསྐྱེད་འོངས།ཕ་ཡུལ་གྱི་མི་གྲལ་ཏུ་ཞུགས་ནས་ཁ་བརྡ་རེས་བྱེད་དུས་ལ་ལའི་སྨྲ་བརྗོད་ཀྱི་ནུས་པ་དང་ཀླད་པའི་ཁང་བར་བཅུགས་པའི་ཤེས་བྱ་ཡོན་ཏན་ནི་ང་ལས་ལྡབ་འགྱུར་གྱིས་མཐོ་ཞིང་ཁ་གྲག་པ་ལས་དགག་བཞག་གི་རྣམ་འགྱུར་བསྟན་འོངས། ཐ་ན་སྔོ་ཚོད་ཉོ་བའི་རྩིས་གྲངས་ཀྱང་རྒྱག་མི་ཤེས་རྐྱེན་ང་ནི་ཚོང་རར་ཉུག་པའི་དབང་ཆ་ཡང་མེད་པའི་སྣང་བ་ཞིག་སྐྱེས་འོངས།ཕྱོགས་གཞན་ཞིག་ནས་ང་ནི་ཕ་ཡུལ་དུ་ཧྲུལ་ལྭ་གྱོན་པའི་རྒད་པོ་དག་ལ་ཡིད་སྨོན་ཞིག་སྐྱེས་འོངས།༼ཁྱོད་ཚོར་སྒོར་མོ་དེ་འདྲ་མང་པོ་བྱིན་ཏེ་སློབ་གྲྭར་སྐྱེལ་ན་ཁྱོད་ཚོས་དོན་ངོ་མས་ཅི་ཞིག་སྦྱངས་པ་ཡིན།༽ཞེས་ཚ་འདྲི་ཚ་ཐག་ཆོད་པ་གཞུས་དུས་གདོང་དམར་པོ་གྱུར་བ་ཡང་མཐར་གཏུགས་ན་སློབ་ཆེན་པ་ང་གཅིག་པུ་ག་ལ་ཡིན་ཏེ།དེང་རབས་བོད་ཀྱི་སློབ་ཆེན་པ་དག་གི་ཕྲག་སྟེང་དུ་བབས་ཡོད་པའི་སྐྱོ་གར་ལགས།སྐྱོ་གར་འདི་སློབ་གྲྭ་ཆེན་མོའི་དགེ་རྒན་གྱི་དཔུང་སྡེ་ཚེག་དམ་པོ་ཞིག་གྲུབ་མེད།དཔེ་མཛོད་ཁང་ངོམ་ཆོག་པོ་ཞིག་བཙུགས་མེད།བསམ་བློ་རང་དབང་གི་འཆད་ཁྲིད་མང་པོ་ཞིག་བཀོད་སྒྲིག་ཡགས་པོ་ཞིག་མ་འཁྱོངས་པའི་བར་དུ་དུས་རབས་ཉེར་གཅིག་པའི་བོད་ཀྱི་སློབ་ཆེན་པ་དག་གིས་གདོང་ལ་འབག་གྱོན་ནས་མི་ལོ་བཞིའི་གསེར་ལས་དཀོན་པའི་དུས་ཚོད་འདི་ཆུ་ཟོས་སུ་མུ་ནས་མུ་རུ་འགྲོ་བ་ཡིན།
                              སྤྱི་ལོ་ཉིས་སྟོང་བཅུ་གཉིས་ལོའི་ཟླ་བཅུ་གཅིག་པའི་དགོང་མོར་ཤར་མར་བྲིས་པའོ།།
 
རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

སློབ་ཆེན་པ་ཞིག་གི་སེམས་ཀྱི་ན་ཟུག་གསོན་པོ།

2012-12-13 འཁྱགས་རོམ། ཀློག་གྲངས། མཆན ཡོད།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།