སྒེའུ་ཁུང་གི་ཕྱི་རོལ་ནས།

དབུ་རུ་དོན་འདུར་ནས། མཆོད་མེ་བོད་ཀྱི་རྩོམ་རིག་དྲ་བ། 2014-10-26

 

 

སྒེའུ་ཁུང་གི་ཕྱི་རོལ་ནས་
རླུང་བུ་ཚོས་ཨུ་ཚུགས་ཀྱིས་ནང་དུ་འཚངས་
རླུང་བུ་དང་མཉམ་དུ་
ལོ་མ་དང་ཤོག་སྙིགས་དེ་དག་ཀྱང་ནང་དུ་འཚངས་
ལོ་མ་དང་ཤོག་སྙིགས་མཉམ་དུ་
སྤུ་དང་རྩིད་པ་དག་ཀྱང་ནང་དུ་འཚངས་པས་
དེ་དག་ནང་དུ་འཚངས་པས་
ངས་གཟུར་འགོ་ཚུགས་ཤིང་
རེ་རེ་གཟུར་དུས་རེ་རེ་སླེབས་ཤིང་
རེ་རེ་གཡོལ་དུས་རེ་རེས་གནན་
ང་ཟུར་ས་མེད་པའི་མཐའ་ལ་སླེབས་དུས་
གཞི་ནས་རང་ལམ་ལ་མིག་གིས་ལྟ་དགོས་བྱུང་ཞིང་
ངའི་ཁང་མིག་དོག་པོ་དེ་ད་ཆ་ང་སྡོད་ས་ཡོད་མེད་ཀྱི་མཚམས་ལ་སླེབས་
ངས་སྒེའུ་ཁུང་གི་ཕྱི་རོལ་ལ་
སླར་ཡང་མིག་གི་བལྟས་པས་
རང་ཉིད་ངོ་མ་ཁང་མིག་དེའི་ཕྱི་རོལ་ལ་ཡོད་པ་ཚོར་
ང་དང་རླུང་བུའི་བར་ལ་ལོ་རྒྱུས་ཀྱི་རྨ་ཁ་ཆགས་སྲིད་དམ་

        (མཆོད་མེའི་པར་དབང་གཞན་གྱིས་དགོལ་མི་རུང)

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

སྒེའུ་ཁུང་གི་ཕྱི་རོལ་ནས།

2014-10-26 དབུ་རུ་དོན་འདུར་ནས། ཀློག་གྲངས། མཆན ཡོད།

 

 

སྒེའུ་ཁུང་གི་ཕྱི་རོལ་ནས་
རླུང་བུ་ཚོས་ཨུ་ཚུགས་ཀྱིས་ནང་དུ་འཚངས་
རླུང་བུ་དང་མཉམ་དུ་
ལོ་མ་དང་ཤོག་སྙིགས་དེ་དག་ཀྱང་ནང་དུ་འཚངས་
ལོ་མ་དང་ཤོག་སྙིགས་མཉམ་དུ་
སྤུ་དང་རྩིད་པ་དག་ཀྱང་ནང་དུ་འཚངས་པས་
དེ་དག་ནང་དུ་འཚངས་པས་
ངས་གཟུར་འགོ་ཚུགས་ཤིང་
རེ་རེ་གཟུར་དུས་རེ་རེ་སླེབས་ཤིང་
རེ་རེ་གཡོལ་དུས་རེ་རེས་གནན་
ང་ཟུར་ས་མེད་པའི་མཐའ་ལ་སླེབས་དུས་
གཞི་ནས་རང་ལམ་ལ་མིག་གིས་ལྟ་དགོས་བྱུང་ཞིང་
ངའི་ཁང་མིག་དོག་པོ་དེ་ད་ཆ་ང་སྡོད་ས་ཡོད་མེད་ཀྱི་མཚམས་ལ་སླེབས་
ངས་སྒེའུ་ཁུང་གི་ཕྱི་རོལ་ལ་
སླར་ཡང་མིག་གི་བལྟས་པས་
རང་ཉིད་ངོ་མ་ཁང་མིག་དེའི་ཕྱི་རོལ་ལ་ཡོད་པ་ཚོར་
ང་དང་རླུང་བུའི་བར་ལ་ལོ་རྒྱུས་ཀྱི་རྨ་ཁ་ཆགས་སྲིད་དམ་

        (མཆོད་མེའི་པར་དབང་གཞན་གྱིས་དགོལ་མི་རུང)

རྩོམ་ཁུངས། ངེད་དྲ་བ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།