ཨ་ཕས་བུ་ལ་བོད་སྐད་སློབ་པའི་བརྒྱུད་རིམ་སོགས་ལྷུག་རྩོམ་ཁག་གསུམ།

འབའ་བ་བློ་བཟང་མགོན་པོ། མཆོད་མེ་བོད་ཀྱི་རྩོམ་རིག་དྲ་བ། 2014-10-01

           ༡ ཨ་ཕས་བུ་ལ་བོད་སྐད་སློབ་བའི་བརྒྱུད་རིམ།

     ཕྲན་ཆུང་ནི་ཁམས་འབའ་ཐང་བཙལ་བ་ཞེས་པའི་གྲོང་སྡེ་ཞིག་ལ་སྐྱེས། གྲོང་སྡེ་དེའི་ནང་ལ་བོད་སྐད་མ་གཏོགས་རྒྱ་སྐད་བཤད་མཁན་ཧ་ཅང་ཉུང་། ངའི་ཡབ་ཡུམ་གཉིས་ཀྱིས་དཀའ་ངལ་ལ་མ་འཛེམས་ནས་ཁོ་བོ་སློབ་གྲྭར་སློབ་གཉེར་བྱེད་དུ་བཅུག། ང་རང་ཡང་སློབ་སྦྱོང་ལ་ཧུར་བརྩོན་དང་འབད་པ་བྱེད་ནས་སྦྱངས་འབྲས་གཡུར་དུ་ཟ་བ་ཞིག་ཐོབ་སོང་། ང་རང་གི་ཕུགས་བསམ་དེ་ཡང་འགྲུབ་སོང་། ང་རང་ཆུང་དུས་སློབ་གྲྭ་ཆེན་མོ་ལ་སློབ་སྦྱོང་བྱེད་རྒྱུ་ནི་ཧ་ཅང་འགྲུབ་དཀའ་བའི་ཕུགས་བསམ་ཞིག་ངོས་བཟུང་ཡོད། ལྷག་བསམ་ཅན་དང་དགེ་སྒྲུབ་ལས་ལ་བརྩོན་པའི་མི་ཁ་ཤས་ཀྱིས་ང་ལ་སློབ་གྲྭ་ཆེན་མོ་ལ་སློབ་སྦྱོང་བྱེད་རྒྱུའི་གོ་སྐབས་ལེགས་པོ་ཞིག་བསྐྲུན་པར་མ་ཟད་སློབ་ཡོན་ཡང་ཁོ་ཚོས་རོགས་སྐྱོར་གནང་། ཁོ་ཚོའི་རོགས་སྐྱོར་འོག་བདེ་བླག་ངང་ནས་སློབ་མཐར་ཕྱིན་སོང་། སློབ་མཐར་ཕྱིན་རྗེས་དར་མདོ་ལ་བུ་མོ་ཡིད་དབང་འཕྲོག་པ་ཞིག་དང་འཕྲོད་བྱུང་། ལོ་གཅིག་ཙམ་ཕན་ཚུལ་རྒྱུས་ལོན་བྱས་རྗེས་ངེད་གཉིས་གཉེན་སྒྲིག་བྱས།
     མོ་རང་གི་ཕ་ཡུལ་ནི་དར་མདོ་གཡག་རྭ་ལུང་པ་རེད། ཁོ་མོའི་ཁྱིམ་མི་ཚང་མ་བོད་པ་ཡིན་ཡང་བོད་སྐད་བཤད་ཤེས་མཁན་གཅིག་ཀྱང་མི་འདུག དེ་དུས་ངའི་སེམས་ནང་གི་འཁུར་པོ་ལྗིད་ཆེ་བ་དེ་ནི་མ་འོངས་པའི་ཕྲུ་གུ་རྣམས་ལ་བོད་སྐད་སློབ་རྒྱུ་དེ་རེད། ང་རང་ལས་ཀའི་དབང་གིས་ནམ་རྒྱུན་ཁྱིམ་ལ་བསྡད་རྒྱུའི་གོ་སྐབས་མང་པོ་མེད། ཕྲུ་གུ་ཚོ་དང་མཉམ་དུ་བསྡད་རྒྱུའི་གོ་སྐབས་དེ་ལས་དཀོན།
    ཉིས་སྟོང་བརྒྱད་ལོའི་ཟླ་བ་བཞི་པ་ལ་བུ་ཞིག་སྐྱེས་བྱུང་། སྐྱེས་ཆེན་དམ་པ་ཞིག་གིས་བུའི་མིང་ལ་ཐུབ་བསྟན་སྦྱིན་པ་ཞེས་བཏགས། ཐུབ་བསྟན་སྦྱིན་པ་སྐྱེས་ནས་ལོ་གསུམ་མ་སོན་སྔོན་དར་མདོ་ལ་བཞག ཁོ་རང་རྒྱ་སྐད་མ་གཏོགས་བོད་སྐད་ཚིག་གཅིག་ཀྱང་མི་ཤེས། ང་རང་དུས་ཚོད་ཡོད་དུས་དར་མདོ་ལ་འགྲོ་ནས་བུ་དང་མཉམ་དུ་ཡུན་རིང་བསྡད། བུ་ལ་བོད་སྐད་མ་གཏོགས་རྒྱ་སྐད་གཏན་ནས་ཤེས་མེད། འོན་ཀྱང་། འབྲས་བུ་ཆེན་པོ་མི་འདུག སྐད་ཡིག་ཅིག་སྦྱང་དགོས་ན་ངེས་པར་དུ་ཁོར་ཡུག་ཡག་པོ་ཞིག་དགོས་ཞེས་པ་དེ་དངོས་གནས་རེད་འདུག།
       ལོ་གསུམ་གྱི་རྗེས་སུ་ང་དང་རྒས་མོ་གཉིས་ཀས་ལི་ཐང་ནས་ལས་ཀ་རྙེད་སོང་། བུ་ཡང་ངེད་གཉིས་དང་མཉམ་དུ་ལི་ཐང་ལ་ཁྲིད། ངེད་གཉིས་ཀྱི་ཁྱིམ་མཚེས་ཚང་མ་ལས་བྱེད་པ་ཡིན་པས་ཕྲུ་གུ་བོད་སྐད་བཤད་མཁན་ཧ་ཅང་ཉུང་། ངས་བུ་ལ་བོད་སྐད་ཅི་འདྲ་བཤད་ཀྱང་བུས་ང་ལ་རྒྱ་སྐད་མ་གཏོགས་མི་བཤད།
       ཉིན་ཞིག་ངའི་ཨ་ཕ་ལི་ཐང་ལ་བསླེབས་བྱུང་། ངས་ཨ་ཕ་ལ་ངེས་པར་དུ་བུ་ཕ་ཡུལ་འབའ་ཐང་ལ་འཁྲིད་རོགས་ཞུས། ཨ་ཕས་ཕ་ཡུལ་ལ་ལོག་དུས་བུ་ཕ་ཡུལ་ལ་ཁྲིད་སོང་། བུ་འགྲོ་ཚར་རྗེས་རྒས་མོ་སེམས་ཕམ་ནས་ཁྱིམ་ལ་བསྡད་ནས་ངུ་བ་རེད། ངས་གྲོགས་པོ་གྲོགས་མོ་ཁ་ཤས་ལ་ཁ་པར་གཏོང་ནས་མོ་ལ་སེམས་གསོ་བྱེད་དུ་བཅུག།
      ངའི་བུ་འབའ་ཐང་ལ་ཟླ་བ་གཉིས་ཙམ་བསྡད་ཚར་རྗེས་བོད་སྐད་ཧ་ཅང་ཡག་པོ་བཤད་ཤེས་འདུག། ང་རང་ཡང་མུ་མཐུད་དུ་ཁོ་ལ་བོད་སྐད་བཤད། ངའི་བུ་ལ་གོམས་གཤིས་ཧ་ཅང་ཡག་པོ་ཞིག་ཡོད། གོམས་གཤིས་བཟང་པོ་དེ་ནི་ང་ལ་བོད་སྐད་བཤད། ཨ་མ་ལ་རྒྱ་སྐད་བཤད། ངས་བུས་བོད་སྐད་མི་བརྗེད་བའི་ཆེད་དུ་བུ་དང་མཉམ་དུ་དུས་ཚོད་བཀོད་སྒྲིག་མང་ཙམ་བྱས། ལྷག་པར་དུ་གཟའ་མཇུག་ལ་བུ་ཁྲིད་ནས་རྫོང་གཡས་གཡོན་གྱི་གྲོང་སྡེ་དང་རི་ལ་འཛེགས་ནས་བོད་སྐད་བསླབས། རྗེས་མ་བུས་བོད་སྐད་གཙང་མ་ཞིག་བཤད་ཤེས་སོང་། དེང་རབས་ཀྱི་ཅ་ལག་གསར་པ་ཚང་མ་ལ་ཡང་བོད་སྐད་ཡག་པོ་བཤད་ཤེས། དཔེར་ན། ཁ་པར། བརྙན་འཕྲིན། རྒྱང་འཛིན་ལ་སོགས་པ་ཚང་མ་ལ་བོད་མིང་བཏགས་རྒྱུ་གོམས་གཤིས་སུ་སོང་།
    ཟླ་བ་གཉིས་ཀྱི་སྔོན་ལ་ངའི་ཨ་མ་ལི་ཐང་ལ་སླེབས་བྱུང་། ངའི་ཨ་མ་དང་བུ་གཉིས་བར་བོད་སྐད་ཡང་དག་པར་ཞིག་བཤད་བ་མ་ཟད། ངའི་རྒས་མོ་ཡང་བོད་སྐད་ཡག་པོ་བཤད་བཞིན་འདུག།
     ཉིན་ཞིག་ཞོགས་པར། ངའི་བུ་ཡར་ལངས་ནས་ཉལ་ཁྲི་ཐོག་ཏུ་ཁོ་རང་གི་རྨོ་མོ་འབོད་བཞིན་འདུག། རྨོ་མོ། རྨོ་མོ། ངའི་ཀོ་ལྷམ་ཚུར་སྤྲད་རོགས། ངའི་ཕ་མས་ཀོ་ལྷམ་ཞེས་པ་དེ་ཅི་ཡིན་གོ་མི་འདུག། བུ། ཀོ་ལྷམ་ཞེས་པ་དེ་ཅི་རེད། བུས་ཀོ་ལྷམ་ཞེས་པ་དེ་རྒྱ་སྐད་དུ་ཕེ་བྱེས་(皮鞋)་འབོད། ཡང་ཉིན་གཅིག་བུས་བརྙན་འཕྲིན་བལྟ་དགོས་བསམ་ནས་རྒྱང་འཛིན་བཙལ་རྙེད་མི་འདུག། ཡང་རྨོ་མོ་འབོད་བཞིན་འདུག། རྨོ་མོ། རྨོ་མོ། རྒྱང་འཛིན་ཨེ་རིག། རྨོ་མོ་རྒྱང་འཛིན་རང་གི་སྔོན་ལ་བཞག་ནས་རྒྱང་འཛིན་ཞེས་པ་ཅི་རེད་ཞེས་བཤད་བཞིན་འདུག། བུས་རྒྱང་འཛིན་ཞེས་པ་དེ་རྒྱ་སྐད་ཐོག་ལ་ཡོ་ཁོང་(遥控)ཟེར། ཨ་མས་ཡོ་ཁོང་ལ་བོད་སྐད་ཅི་བཏགས་མི་ཤེས་ཞེས་ཟེར།
    ངའི་བུ་ནམ་རྒྱུན་འགུལ་རིས་ལ་བལྟ་རྒྱུ་ཧ་ཅང་དགའ། ཁོས་དུས་རྒྱུན་འགུལ་རིས་གློག་བརྙན་དུ་ཡོད་པའི་རྒྱ་ཡིག་ཐ་སྙད་མང་པོ་ང་ལ་འདྲི། འོན་ཀྱང་ངས་བོད་སྐད་ཐོག་དེ་ཚོར་ཅི་བཏགས་དགོས་མི་ཤེས། ཚིག་མཛོད་ནང་དུ་ཡང་ཐ་སྙད་དེ་ཚོ་བོད་ཡིག་ཏུ་བསྒྱུར་མི་འདུག།
    མདོར་ན་རང་གི་ཕྲུ་གུ་ལ་སྐད་ཡིག་ཡག་པོ་ཞིག་སྦྱོང་བཅུག་འདོད་ན་ངེས་པར་དུ་ཁོ་ཚོར་འཁོར་ཡུག་ཡག་པོ་ཞིག་བསྐྲུན་དགོས། རྒྱ་ཡིག། བོད་ཡིག། དབྱིན་ཡིག་གང་སྦྱོང་ཀྱང་ཕ་མ་ཚོའི་ཕྲག་ཏུ་བབས་པའི་འོས་འགན་དེ་ངེས་པར་དུ་ནན་ཏན་སྒོ་ནས་འཁུར་དགོས། དྲུག་གཅིག་བྱིས་པའི་དུས་ཆེན་མ་རན་སྔོན་ངས་འཛམ་གླིང་ཐོག་གི་བྱིས་པ་ཚང་མ་ལ་བཀྲ་ཤིས་བདེ་ལེགས་ཞུ།

                 ༢  འཛམ་གླིང་ཐོག་ཆེས་དཀོན་བའི་གནའ་བ་སྟེ་བཙལ་བ་ཚེར་གནའ་ལ་དཔྱད་པ།
 
   བཙལ་བའི་ཚེར་གནའ་ཡི་ངོ་སྤྲོད།
   ཚེར་གནའ་ནི་གནའ་བའི་རིགས་ཞིག་ཡིན། བོད་གངས་ཅན་ལྗོངས་སུ་གནའ་བ་ལ་རིགས་གཉིས་དབྱེ་ཆོག་པ་སྟེ་གངས་གནའ་དང་ཚེར་གནའ་གཉིས་ཡིན།  ཚེར་གནའ་ལ་རྒྱ་སྐད་དུ་ཨེ་ཡན་ཡངས(矮岩羊)ཞེས་འབོད།  དབྱིན་སྐད་དུ་སྒྲོག་ཧྥུ་བི་ལུག་ཤི་ཕོ་(Dwarf Blue Sheep)ཞེས་འབོད། ཚེར་གནའ་ནི་འོ་འཐུང་རི་དྭགས་ཀྱི་ཁོངས་སུ་གཏོགས་ཤིང༌།  སི་ཁྲོན་ཞིང་ཆེན་དཀར་མཛེས་བོད་རང་སྐྱོང་ཁུལ་འབའ་ཐང་རྫོང་གྲུ་བ་ལུང་ཤང་བཙལ་བ་གྲོང་སྡེ་ལ་འཚོ་གནས་གཙོ་བོ་བྱེད་བཞིན་ཡོད།  ཚེར་གནའ་ཞེས་པའི་མིང་དེ་བྱུང་ཚུལ་རགས་ཙམ་བརྗོད་ན། བཙལ་བ་གྲོང་སྡེའི་ས་ཆགས་ཡུལ་དེ་རོང་ས་ཡིན་པས་ཚེར་མའི་སྡོང་པོ་ཧ་ཅང་མང་པོ་ཡོད།  ཚེར་གནའ་ཞེས་པ་དེ་ཚེར་མའི་སྡོང་པོའི་འོག་ཏུ་ངལ་གསོ་དང་ཉལ་རྒྱུ་དགའ་བ་ལས་མིང་ཐོགས་པ་རེད་ཅེས་བཤད་སྲོལ་ཡོད།  ཚེར་གནའ་ཡི་ཟས་གཙོ་བོ་ནི་ཚེར་མགོ་དང་རྩི་ཤིང་། རྩྭ་ལྡུམ་སོགས་སྔོ་ཟས་རིགས་ཁོ་ན་རེད།
     ཚེར་གནའ་དེ་གཡང་གཟར་རམ་བྲག་རོང་སོགས་སུ་འཚོ་བ་བྱེད་རྒྱུ་ལ་གོམས་གཤིས་ཆགས་ཡོད།   བྲག་ལ་འཛེགས་དུས་ཧ་ཅང་མགྱོགས་པ་དང་སྤྱང་གྲུང་ལྡན་པ་ཞིག་རེད།  ཚེར་གནའ་ཡི་ལུས་ཀྱི་རིང་ཚད་ལ་མི་ཊར་ ༡ ལྷག་ཙམ་དང༌། མཐོ་ཚད་ལ་སན་ཊི་མི་ཊར་ ༣༠་ལྷག་ཡོད་པ།    སྤྱིར་ལྗིད་ཚད་ལ་སྤྱི་རྒྱ་ ༢༠ནས་ ༥༠བར་ཡོད་པ་རེད།  ཕོ་གནའ་དང་མོ་གནའ་གཉིས་ཀའི་མགོ་ལ་རྭ་ཅོ་ཡོད།  ཕོའི་རྭ་ལས་མོ་རྭ་ཅུང་ཐུང་།   རྭ་ཡི་བཟོ་དབྱིབས་ནི་ཕྱི་གཅུས་བརྒྱབ་ཡོད།  ཚེར་གནའ་དུས་རྒྱུན་དུ་ཁྱུ་བྱས་ཏེ་འཚོ་གནས་བྱེད་ཅིང༌། ཁྱུ་ཚོགས་ཉུང་བ་ལ་ཚེར་གནའ་གྲངས་འབོར་༥་ནས་༡༠ཙམ་འདུས།  ཁྱུ་ཚོགས་མང་བ་ལ་ཚེར་གནའ་༢༠་ནས་༥༠་ཙམ་འདུས་ཐུབ།  ཚེར་གནའ་ཡི་ཆགས་འཕེལ་ནི་དགུན་དུས་ཡིན་ཞིང༌། ཕལ་ཆེར་ཟླ་བ་བཅུ་གཅིག་དུས་ཀྱི་ཡས་མས་ཡིན།  མངལ་སྦྲུམ་གྱི་དུས་ཡུན་ཟླ་༥ ལྷག་ཙམ་ཡིན།  སྐྱེ་འཕེལ་ཐེངས་གཅིག་ལ་ཕྲུ་གུ་གཅིག་ལས་མི་སྐྱེ། ཕྲུ་གུ་དེ་ཕལ་ཆེར་ཟླ་བ་ལྔ་པའི་ཟླ་མགོ་དང་དྲུག་པའི་ཟླ་མཇུག་ལ་སྐྱེས། ཚེར་གནའ་ཡི་ཚེ་ཚད་ནི་ལོ་ ༡༥ ཙམ་དང༌། འཛམ་གླིང་ཐོག་ཚེར་གནའ་ཡི་གྲངས་འབོར་ལ་ཚོད་དཔག་བྱེད་ན་ ༥༠༠་ཙམ་མ་གཏོགས་མེད། མང་ཆེ་ཤོས་བཙལ་བ་གྲོང་སྡེའི་རི་ལ་གནས་ཡོད། ཚེར་གནའ་ཡི་གྲངས་འབོར་འདི་རྒྱལ་ཁབ་རིམ་པའི་སྲུང་སྐྱོབ་བྱེད་པའི་སྲོག་ཆགས་དོམ་ཁྲ་ལས་ཀྱང་དཀོན་བ་རེད་ཞེས་གསུངས་མཁན་འདུག   དེ་ཡིན་པའི་རྐྱེན་གྱིས་བོད་གངས་ཅན་ལྗོངས་ཀྱི་རྩ་ཆེའི་སྲོག་ཆགས་ཞིག་ཡང་ཡིན།

   རྒྱལ་ཕྱི་ནང་གི་ཆེད་མཁས་རྣམས་ཀྱིས་ཚེར་གནའ་དེ་སྲོག་ཆགས་རྩ་ཆེན་ཡིན་པའི་ར་སྤྲོད་གནང་།
    ༡༩༣༦་ལོར། ནུབ་ཕྱོགས་རྒྱལ་ཁབ་ནས་ཕེབས་བའི་སི་ཁོ་རུས་ཐེ་(斯科瑞特)ཞེས་པའི་རྟོག་ཞིབ་འགྲུལ་བཞུད་བ་ཞིག་གིས་འབའ་ཐང་རྫོང་བཙལ་བ་གྲོང་སྡེའི་རི་ལ་ཐེངས་དང་པོར་ཚེར་གནའ་རིག་སོང་། ཁོང་གིས་དེ་དུས་ཞིབ་མོར་བལྟ་དུས་ཚེར་གནའ་དང་གངས་གནའ་གཉིས་ཀྱི་བར་ཁྱད་པར་ཧ་ཅང་ཆེན་པོ་ཡོད་པ་རྟོགས་སོང་། ཁོ་རང་ཕ་ཡུལ་ལ་ལོག་དུས་ཚེར་གནའི་དངོས་དཔེ་བདུན་ཁྱེར་སོང་བ་རེད་ཞེས་འབྲེལ་ཡོད་ཀྱི་ལོ་རྒྱུས་ཡིག་ཆ་ཁ་ཤས་ནང་དུ་དེ་འདྲ་བཀོད་འདུག     ད་ལྟ་ཡང་དངོས་དཔེ་དེ་ཚོ་ཨ་རིའི་ཧྥེ་ལི་སྒྲེན་ཧྥུ་ཡའི་(Philadelphia 美国费城)འགྲེམ་སྟོན་ཁང་དུ་ཉར་ཚགས་བྱེད་འདུག་ཟེར།
    ཚེར་གནའ་དེ་ནུབ་ཕྱོགས་རྒྱལ་ཁབ་ལ་དངོས་སུ་ངོ་སྤྲོད་བྱེད་པ་ནས་བཟུང་། སྐྱེ་ཁམས་རིག་པའི་ཆེད་མཁས་མང་པོས་རི་དྭགས་ཁྱད་པར་ཅན་འདིར་ཞིབ་འཇུག་མི་ཉུང་བ་བྱས་དང་བྱེད་བཞིན་འདུག    དུས་རབས་སྔོན་མའི་ལོ་རབས་བདུན་བཅུ་ལ་ཚེར་གནའ་ནི་སྐྱེ་དངོས་རིགས་གསར་པ་ཞིག་ཡིན་པ་དངོས་སུ་ར་སྤྲོད་གནང་།  ར་སྤྲོད་གནང་མཁན་ནི་ཨོ་སུ་ཁྲོ་རུ་ཡའི་(Australian)སྐྱེ་དངོས་རིག་པའི་ཆེད་མཁས་ཀོ་རུས་སི(格瑞斯)་རེད།  ཀོ་རུས་སི་ཡིས་ཨ་རིའི་ཧྥེ་ལི་སྒྲེན་ཧྥུ་ཡའི་འགྲེམ་སྟོན་ཁང་དུ་ཉར་ཚགས་བྱེད་པའི་བཙལ་བ་ཚེར་གནའ་ཡི་དངོས་དཔེ་ལ་ཞིབ་འཇུག་ལོ་མང་བྱས་རྗེས་ཚིག་ཐག་འདི་འདྲ་ཞིག་བཅད་པ་རེད།
     རྒྱལ་ཁབ་མང་པོའི་སྐྱེ་དངོས་རིག་པའི་ཆེད་མཁས་རྣམས་ཀྱིས་བཙལ་བ་ཚེར་གནའ་ཡི་སྐོར་གྱི་ཆོད་གཏམ་དེ་ལ་སྤྲོ་བ་ཆེན་པོ་ལྡན།  ཨ་རིའི་རྒྱལ་སྤྱི་རྔོན་ཆེན་དམ་ཁབ་ཁེ་སི་(当.考克斯)ཡིས་རྒྱལ་ཁབ་ནགས་ལས་པུའུ་ལ་ཚེར་གནའ་རྔོན་ཆོག་པའི་རེ་ཞུ་ཡི་གེ་འཕུལ་བས་རྒྱལ་ཁབ་ནགས་ལས་པུའུ་ཡིས་བརྟག་དཔྱད་ཞིབ་འཇུག་བྱས་རྗེས་ཁོང་ལ་ཕོ་གནའ་གཅིག་བསད་ཆོག་པའི་ཆོག་མཆན་གནང་།
     ༡༩༩༤ལོའི་ཟླ་བ་༤་ནས་༧་བར་དམ་ཁབ་ཁེ་སི་འབའ་ཐང་རྫོང་གྲུ་བ་ལུང་ཤང་བཙལ་བ་གྲོང་སྡེའི་ཟབ་ཕུགས་ལུང་པ་ལ་ཐེངས་གསུམ་བསྐྱོད།  སྤྱི་ཟླ་བདུན་པ་ནང་ཁོང་གིས་ཕོ་གནའ་ཞིག་རྔོན་རྨས་བཏང་ནས་དེའི་དངོས་དཔེ་ཨ་རི་ལ་འཁུར་སོང་བ་རེད།    ལོ་དེའི་ཟླ་བ་བཅུ་པ་ནང་བཙལ་བའི་ཚེར་གནའ་དངོས་དཔེ་དེ་ཨ་རིའི་རུས་ལོག་(瑞洛)རྒྱལ་སྤྱི་རྔོན་ཟས་འགྲེམ་སྟོན་ཁང་ནང་དུ་བཤམས།  སྐབས་དེར་རྒྱལ་སྤྱིའི་རྔོན་ཆེན་དང་སྲོག་ཆགས་རིག་པ་ཆེད་མཁས་མང་པོ་ལ་བག་ཆགས་ཟབ་མོ་བཞག   རྒྱལ་ཁབ་མང་པོ་ཞིག་གིས་མཐོང་ཆེན་གནང་།  ཨ་མི་རེ་ཁ་དང་འཇའ་མན།  ཨེ་རམ་གཙོས་པའི་རྒྱལ་ཁབ་མང་པའི་ཆེད་མཁས་རྣམས་གཅིག་རྗེས་གཉིས་མཐུད་ཀྱིས་འབའ་ཐང་རྫོང་བཙལ་བ་གྲོང་སྡེའི་ཟབ་ཕུགས་ལ་བསྐྱོད་ནས་ཞིབ་འཇུག་ཐེངས་མང་བྱས།  བཙལ་བའི་ཚེར་གནའ་ལ་ཞིབ་འཇུག་ལོ་མང་བྱས་ཚར་རྗེས་ཚང་མས་བཙལ་བའི་ཚེར་གནའ་ནི་སྐྱེ་དངོས་རིགས་གསར་པ་ཞིག་ཡིན་པ་དངོས་སུ་ར་སྤྲོད་གནང་།    སི་ཁྲོན་ནིས་ཅང་(内江)དགེ་ཐོན་སློབ་གླིང་གི་སློབ་དཔོན་ཆེན་མོ་ལྦང་ལགས་ཀྱིས་ཀྱང་འབའ་ཐང་བཙལ་བ་གྲོང་སྡེའི་ཟབ་ཕུགས་ལུང་པ་ལ་ཕེབས་ནས་ཚེར་གནའ་ལ་ཞིབ་འཇུག་ཐེངས་གཉིས་ཙམ་བྱས།  མཐར་སློབ་དཔོན་ལྦང་ལགས་ཀྱིས་གསུངས་དོན།  ༡༩༨༨་ནས་༡༩༩༩་བར་འབའ་ཐང་ལ་ཐེངས་གཉིས་ཞིབ་འཇུག་བྱས་རྗེས་འབའ་ཐང་རྫོང་གི་མངའ་ཁོངས་སུ་ཚེ་གནའ་ཡི་གྲངས་འབོར་༢༠༠་ལས་བརྒལ་མེད་ཅེས་ཟེར།   ཁོང་རང་གིས་ཚེར་གནའ་ལ་ད་ལྟ་སྲུང་སྐྱོབ་མ་བྱེད་ན་རྗེས་མ་མེད་པ་འགྲོ་བའི་ཉེན་ཁ་ཆེན་པོ་འདུག་ཞེས་གསུངས།

   བཙལ་བའི་ཚེར་གནའ་སྲུང་སྐྱོབ་སྐོར།
    བཙལ་བའི་ཚེར་གནའ་ནི་ད་ཆར་རྒྱལ་སྤྱིའི་ནང་སྟོང་ལ་ཉེ་བའི་རི་སྐྱེས་སྲོག་ཆགས་སྲུང་སྐྱོབ་ཀྱི་གྲས་སུ་ཡོད།  བཙལ་བའི་ཚེར་གནའ་ནི་རྒྱལ་སྤྱིའི་རང་བྱུང་སྲུང་སྐྱོབ་མཉམ་འབྲེལ་ལྷན་ཚོགས་ཀྱི་སྟོང་ལ་ཉེ་བའི་རི་སྐྱེས་སྲོག་ཆགས་སྲུང་སྐྱོབ་ཛ་དྲག་གི་ཟིན་ཐོ་དམར་པོར་བཀོད་ཡོད་པ་དང༌།  དེ་བཞིན་རྒྱལ་ནང་རིམ་པ་གཉིས་པའི་སྲུང་སྐྱོབ་ཀྱི་གྲས་སུ་ཚུད་པ་རེད།  ཞིང་ཆེན་རིམ་པའི་གལ་ཆེན་སྲུང་སྐྱོབ་པའི་རི་དྭགས་དང་ང་ཚོ་རྒྱལ་ཁབ་ཀྱི་སྐྱེ་དངོས་དམིགས་བསལ་བའི་ནང་དུ་བཀོད་འདུག  ད་ལྟ་རྒྱལ་ཁབ་རིམ་པ་དང་པོའི་སྲུང་སྐྱོབ་བྱེད་པའི་རི་དྭགས་ཀྱི་གྲས་སུ་འཇོག་རྒྱུའི་རེ་ཞུ་འབུལ་བཞིན་འདུག
    དམངས་ཁྲོད་དུ་ཡང་རི་དྭགས་སྲུང་སྐྱོབ་སྐོར་གྱི་བྱ་འགུལ་སྤེལ་དང་སྤེལ་བཞིན་པ་རེད།  བཙལ་བ་གྲོང་སྡེའི་མི་སེར་ཚང་མས་རྔོན་དང་སྲོག་གཅོད་སྤངས་ཚར་བ་རེད།  འོན་ཀྱང་།  མི་སེར་རྣམས་ཀྱིས་བཙལ་བའི་ཚེར་གནའ་དེ་འཛམ་གླིང་ཐོག་འདི་འདྲ་རྩ་ཆེན་ཞིག་ཡིན་པ་ད་དུང་གསལ་པོ་ཞིག་ཤེས་ཀྱིན་མི་འདུག    དེའི་སྐོར་ལ་རྗེས་མ་སློབ་གསོ་དང་དྲིལ་བསྒྲགས་ཡག་པོ་བྱེད་ན་བཙལ་བའི་ཚེར་གནའ་སྲུང་སྐྱོབ་བྱ་ཐུབ་པ་དང་སྲོག་ཆགས་འདིའི་གྲངས་འབོར་ཇེ་མང་དང་ཇེ་མང་འགྲོ་བ་སྨྲ་ཅི་དགོས།
             
          ༣ ཁམས་འབའ་ཐང་བཙལ་བ་གྲོང་སྡེ་དང་དོམ་མགོ་དགོན་གྱི་ལོ་རྒྱུས་རགས་ཙམ་བརྗོད་པ།
     
  བཙལ་བ་ནི་འབའ་ཐང་རྫོང་ནས་སྤྱི་ལེ་༤༥་ཙམ་གྱི་ས་ན་ཡོད། བཙལ་བ་ཞེས་པ་མིང་དེ་བྱུང་ཚུལ་རགས་ཙམ་བརྗོད་ན། བཙལ་བ་ཞེས་པ་དེ་བཙལ་སྐྱ་རྒོད་ཀྱི་རི་འདབས་སུ་ཕྲ་མ་ལ་བརྩེགས་ཞེས་པའི་ཡུལ་ལུང་དབེན་ཞིང་འཇམ་ཐིམ་གྱི་གནས་ཤིག་ཏུ་ཆགས་ཡོད། དེང་སང་ཡང་དུད་ཚང་རྣམས་ཀྱི་ཁང་རྙིང་གི་གྱང་དང་བརྩིགས་པ་སོགས་གསལ་པོ་མཐོང་ཐུབ། ཡུལ་གྲུ་འདིའི་ནང་དུ་ཆུ་ཆར་བ་ཧ་ཅང་དཀོན་པས་ཡུང་མ་དང་ནས་ལ་སོགས་པ་མ་གཏོགས་འབྲུ་རིགས་གཞན་དག་ཅི་ཡང་སྐྱེས་མི་ཐུབ། ཡུལ་གྲུ་དེའི་གཡས་གཡོན་གཉིས་ལ་ནགས་རི་ཧ་ཅང་སྟུག་པོ་ཞིག་ཡོད། དེའི་སྐབས་སུ་ཉིན་གུང་མི་རྣམས་ཅི་ལས་མཚན་མོ་སྤྲ་དང་སྤྲེའུ་སོགས་ཀྱིས་ལད་མོ་བྱེད་ནས་ཞིང་ནང་གི་ལོ་ཏོག་ཚང་མ་རྩ་མེད་དུ་གཏོང་སོང་།
     གྲོང་ཚོ་འདིའི་མི་རྣམས་གནས་འདིར་བསྡོད་མི་བཟོད་པས་ས་ཆ་གཞན་ཞིག་བཙལ་སོང་བ། བཙལ་མཁན་རྣམས་རི་མཐོན་པོ་ཞིག་གི་རྩེར་སླེབས་དུས་ལུང་པ་བདེ་ཞིང་སྐྱིད་བ། རྩྭ་ཆུ་ཤིང་གསུམ་འཛོམས་པའི་ལུང་པ་ཞིག་རྙེད་སོང་།  བཙལ་མཁན་རྣམས་ཀྱི་ས་ཆ་འདི་ལ་བཙལ་བ་ཞེས་མིང་བཏགས།   རྗེས་མ་ཡུལ་གྲུ་དེའི་མི་སེར་ཚང་མ་བཙལ་བ་ལ་སྤོས་པ་མ་ཟད་གཞིས་ཆགས་སོང་། དེའི་སྐབས་སུ་དུད་ཚང་བཅུ་ལྷག་ཙམ་མ་གཏོགས་མེད།
      ལོ་འགའི་རྗེས་སུ་དུད་ཚང་གཉིས་བཙལ་བའི་བྱང་ཕྱོགས་སུ་དོམ་མགོ་ཞེས་པའི་ས་ཆ་ཞིག་ལ་སྤོས་སོང་། ས་ཆ་དེ་ལ་གཞིས་ཆགས་པར་མ་ཟད་སྐམ་ཞིང་ཡང་ཆེན་པོ་བཟོས་ཡོད། དུད་ཚང་གཉིས་ཀྱི་མིང་ལ་བྱང་ནོར་ཚང་དང་ཁྱུང་ཚང་ཞེས་བཏགས། མདོ་མགོ་ཞེས་བཏགས་པའི་རྒྱུ་མཚན་ས་དེའི་དབྱིབས་ནི་མདོའི་མགོ་དང་མཚུངས།
     དམངས་ཁྲོད་ནང་དུ་བཤད་སྲོལ་ལྟར་ཕ་ཡུལ་བཙལ་བ་ནས་ཡིན་པའི་ཚེ་རིང་ཨོ་རྒྱན་ཞེས་པའི་སྤྲུལ་པའི་སྐུ་ཞིག་གིས་སྤྱི་ལོ་༡༦༩༡་གཡས་གཡོན་མདོ་མགོ་ལ་དགོན་ཆུང་ཞིག་ཕྱག་བཏབས། རྗེས་སུ་མི་རྣམས་ཀྱིས་དགོན་པ་དེ་ལ་མདོ་མགོ་དགོན་ཞེས་བཏགས། སྤྲུལ་པའི་སྐུ་དེ་ལ་མདོ་མགོ་བླ་མ་ཚེ་རིང་ཨོ་རྒྱན་ཞེས་འབོད། དེའི་སྐབས་སུ་དགོན་པ་འདིའི་ནང་ལ་གྲྭ་པ་བཅུ་ཙམ་མ་གཏོགས་མེད། བླ་མ་ལ་ཕྱག་མཛོད་གཉིས་ཡོད། བཙལ་བ་གྲོང་སྡེའི་མེས་པོ་རྣམས་ཀྱིས་ངག་རྒྱུན་ལས། མདོ་མགོ་བླ་མའི་གཤིས་ཀ་ནི་ཧ་ཅང་རྩུབ་པོ་ཞིག་ཡིན། ཁོང་རང་ནམ་རྒྱུན་མཚམས་ཁང་ནང་དུ་སྒོམ་བརྒྱབ། མཚམས་ཐོ་ཞིག་འཇོག་ནས་སྒོམ་མ་བཞག་སྔོན་ལ་མི་སུ་ཡིན་ཡང་ནང་ལ་འགྲོ་མི་ཆོག། མདོ་མགོ་བླ་མས་མཚམས་སྐྲ་རིང་བའི་སྐབས་སུ་ཅོ་ཐོ་ཡང་བཞག་སྲོལ་ཡོད།
     བླ་ཆེན་འདི་འཚོ་བཞུགས་པའི་སྐབས་སུ་བཙལ་བ་གྲོང་སྡེ་ལ་ཕེབས་ནས་དམངས་ཕན་གྱི་རིམ་གྲོ་ལ་ཆོ་ག་འདྲ་མིན་སྣ་ཚོགས་བཙུགས། དེང་སང་བཙལ་བ་གྲོང་སྡེ་ལ་ལོ་རེ་སྨྱུང་གནས་ཐེངས་ཁ་ཤས་བསྲུང་དགོས། བཙལ་བ་གྲོང་སྡེ་ལ་སྨྱུང་གནས་སྲུང་རྒྱུའི་སྲོལ་བཟང་དེ་ཡང་ཐོག་མ་སྲོལ་གཏོད་མཁན་ནི་མདོ་མགོ་བླ་མ་ཡིན། དམངས་ཁྲོད་ནང་དུ་ད་ལྟ་ཡང་ཁོང་ལ་སྨྱུང་གནས་བླ་མ་ཞེས་ཡང་འབོད་སྲོལ་ཡོད། ད་ལྟ་བཙལ་བ་ལྷ་ཁང་གི་འོག་ཏུ་ཞིང་ས་བདེ་མོ་ཞིག་ཡོད། ཞིང་དེའི་མིང་ལ་གྲྭ་པ་ཞིང་ཞེས་བཏགས། རྒྱུ་མཚན་ནི་ཞིང་དེའི་ནང་ནས་ཐོན་པའི་གྲོ་དང་ནས་ཚང་མ་མདོ་མགོ་བླ་མ་དང་གྲྭ་པ་ཚོ་ལ་འཕུལ་དགོས།
     ཁོང་ནི་དམངས་ལ་བྱམས་པ་དང་མཁས་མཛངས་ལྡན་པའི་མཆོག་སྤྲུལ་ཞིག་ཡིན། ཁོང་རང་གིས་བཙལ་བ་གྲོང་སྡེ་ལ་མཛད་རྗེས་དཔག་ཏུ་མེད་པ་ཞིག་བཞག་ཡོད་པ་མ་ཟད་སྲོལ་བཟང་ཡང་མང་པོ་བཏོད་ཡོད།
     དམངས་ཁྲོད་ནང་དུ་མདོ་མགོ་བླ་མ་ལ་ཡང་སྲིད་ཡོད་མེད་སྐོར་བརྗོད་ཚུལ་མང་པོ་ཡོད། ཆེས་གཅིག་གྱུར་བའི་བརྗོད་ཚུལ་ནི་ཁོང་ལ་ཡང་སྲིད་གཏན་ནས་མེད། རྒྱུ་མཚན་གཙོ་བོ་ནི་ཁོང་སྐུ་མྱ་ངན་ལས་མ་འདས་སྔོན་ཁོང་གི་དགེ་ཕྲུག་གཉིས་ལ་འདི་འདྲ་ཞིག་གསུངས་མྱོང་། ང་ནི་བྱང་ཕྱོགས་ཤམ་བྷ་ལ་ཞེས་པའི་ས་སྐྱིད་པོ་ཞིག་ལ་འགྲོ་རྒྱུ་ཡིན། ཁྱོད་གཉིས་ང་དང་མཉམ་དུ་འགྲོ་འདོད་དམ། དྲི་བ་འདི་འདྲ་ཞིག་དྲིས་དུས། དགེ་ཕྲུག་གཅིག་གིས་ཁྱེད་ནི་ངའི་རྩ་བའི་བླ་མ་རེད། ང་ནི་སེམས་གཅིག་བློ་གཅིག་ཁྱེད་དང་མཉམ་དུ་འགྲོ་རྒྱུ་ཡིན་ཞེས་ཟེར།   དགེ་ཕྲུག་གཞན་ཀ་དེས་ངའི་ཕ་མ་གཅིག་པུ་བཞག་ནས་ང་མི་འགྲོ་ཞེས་གསུངས། དོམ་མགོ་བླ་མས་དགེ་ཕྲུག་གཉིས་ལ་མིག་བཙུམ་དུ་བཅུག། དགེ་ཕྲུག་གཅིག་གིས་མིག་ཡར་ཕྱེ་དུས་བླ་མ་དང་ཁོང་གི་རྡོ་རྗེ་སྤུན་གྲོགས་གཉིས་བྱང་ཤམ་བྷ་ལར་ཕེབས་ཚར་སོང་། ཁོང་རང་གི་ལག་ཏུ་ཁམ་བུ་ཞིག་བཟུང་ཡོད། ངག་རྒྱུན་ལས་ཁམ་བུ་དེ་ནི་བྱང་ཤམ་བྷ་ལ་ནས་ཐོབ་བ་རེད་ཟེར། ཁོ་རང་ཁམ་བུ་དེ་ཨ་མ་ལ་སྤྲད་བ་མ་ཟད་དེའི་སོན་དགོན་པའི་སྒོ་ཁར་བཙུགས། དེང་སང་ཡང་དགོན་རྙིང་གི་སྒོ་ཁར་ཁམ་སྡོམ་དེ་ཡོད། རིག་གནས་གསར་བརྗེའི་སྐབས་སུ་དོམ་མགོ་དགོན་གཏོར་བཤིག་བཏང་བ་མ་ཟད་དགོན་རྙིང་གྱང་དང་ཁམ་སྡོམ་དེ་གཉིས་མ་གཏོགས་ལྷག་མེད། གནའ་རྫས་རིག་པ་ཆེད་མཁས་རྣམས་གནས་འདིར་ཕེབས་ནས་བརྟག་དཔྱད་ཞིབ་མོ་ཞིག་བྱེད་ན་དོམ་མགོ་དགོན་གྱི་ལོ་རྒྱུས་ཡང་དག་པ་རྟོགས་ཐུབ་པ་སྨྲ་མི་དགོས།
      དེང་སང་བཙལ་བ་གྲོང་སྡེ་ནང་གི་རྒས་པོ་ཁ་ཤས་དོམ་མགོ་དགོན་སླར་གསོ་བྱེད་རྒྱུ་མོས་པ་ཆེན་པོ་འདུག འོན་ཀྱང་། ཁོ་ཚོའི་དཔལ་འབྱོར་གྱི་ཆ་རྐྱེན་དམན་པས་བསྐྱར་འཛུགས་བྱེད་ཐུབ་མ་སོང་། ལོ་རྒྱུས་ཡུན་རིང་ལྡན་པའི་དགོན་རྙིང་དེ་སླར་གསོ་བྱེད་ཐུབ་ན་བཙལ་བ་གྲོང་སྡེའི་འབངས་ཡོངས་ལ་ཕན་པ་ཧ་ཅང་ཆེན་པོ་འདུག   ཁོ་བོས་ཀྱང་དོམ་མགོ་དགོན་དེ་མྱུར་དུ་བསྐྱར་འཛུགས་བྱེད་ཐུབ་པར་སྨོན་ལམ་འདེབས་བཞིན་ཡོད།

      (མཆོད་མེའི་པར་དབང་གཞན་གྱིས་དགོལ་མི་རུང)
 
རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

ཨ་ཕས་བུ་ལ་བོད་སྐད་སློབ་པའི་བརྒྱུད་རིམ་སོགས་ལྷུག་རྩོམ་ཁག་གསུམ།

2014-10-01 འབའ་བ་བློ་བཟང་མགོན་པོ། ཀློག་གྲངས། མཆན ཡོད།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།