སློབ་གྲྭ་ཆེན་མོ་བ།

   བདག་ལ་གྲོགས་པོ་ཞིག་ཡོད། ཁོའི་མིང་ལ་སློབ་གྲྭ་ཆེན་མོ་བ་ཟེར། ངེད་གཉིས་ངོ་ཤེས་ནས་ལོ་ངོ་བཞི་ཙམ་འགོར་ལ་ཉེ། བདག་དང་སློབ་གྲྭ་ཆེན་མོ་བ་གཉིས་ཀྱི་བརྩེ་འདང་ནི་ཧ་ཅང་གཏིང་ཟབ་པ་ཞིག་མིན་མོད། སློབ་ཆེན་མོ་བ་དྲན་ཐེངས་རེར། བདག་སེམས་ལ་སྨྲ་མི་ཤེས་པའི་ཚོར་སྣང་ཞིག་གིས་ཡོངས་སུ་མཆེད་འགྲོ།
   སློབ་གྲྭ་ཆེན་མོ་བ་རོང་འབྲོག་ཁུལ་གྱི་ཕ་ས་གང་རུང་ཞིག་ནས་འོང་ལོས་ཆེ་མོད། ཡིན་ནའང་སློབ་གྲྭ་ཆེན་མོ་བས་རྒྱུན་དུ་ཁོང་ཉིད་བསིལ་ལྡན་ལྗོངས་སམ་གངས་རིའི་ལྗོངས།བོད་ཁ་བ་ཅན་སོགས་ནས་ཕེབས་པ་ཡིན་ཟེར་བ་ལས་བྱེ་བྲག་གི་ཕ་ཡུལ་ཞིག་ང་ཚོར་གཏན་ནས་མཚམས་སྦྱར་མ་མྱོང་ལ། ལྷག་པར་ཏུ་ཁོས་བཤད་པ་ལྟར། ཁོང་ནི་གདོང་དམར་བོད་ཀྱི་དམག་དཔུང་སྟག་ཕྲེང་གཡག་ཕྲེང་གི་རྒྱུད་པ་ཡིན་པས། སུས་ཀྱང་ཁོང་གི་གནས་ཚུལ་འདྲི་རྒྱུ་ནི་ཧ་ཅང་དཀའ་བའི་གནས་ཤིག་ཏུ་འཁུམས་སོ།། འདིའང་སློབ་གྲྭ་ཆེན་མོ་བའི་སྙན་ངག་ཅིག་ལ་གཞི་བྱས་ནས་ཤེས་པ་ཡིན་ཏེ།ཁོང་གི་སྙན་ངག་ལས་རྒྱུན་དུ་གོང་གི་ཚིག་དེ་ལྟ་བུ་འབྱུང་བའི་ཕྱིར་རོ།། སློབ་གྲྭ་ཆེན་མོ་བ་སྙན་ངག་འབྲི་རྒྱུར་དགའ་བ་མ་ཟད། རང་གི་བྲིས་པའི་སྙན་ངག་གྱེར་འདོན་བྱེད་པར་ཡང་མོས་པ་ཤིན་ཏུ་ཆེ་མོད། སྙན་ངག་ཕལ་ཆེ་བའི་བརྗོད་བྱ་གཅིག་རྐྱང་ཡིན་པས།    ང་ཚོས་དུས་རྒྱུན་ཏུ་ལྐོག་ནས་ཁོང་གི་སྙན་ངག་ལ་སྙན་ངག་མི་ཟེར་བར་སྡུག་དམེ་ཞེས་འབོད་པ་ཡིན་ལ། ནམ་ཞིག་སློབ་གྲྭ་ཆེན་མོ་བའི་རྣ་རུ་ལྷུང་མི་སྲིད་པའི་ངེས་པའང་ག་ལ་ཡོད། གང་ལྟར་ཀྱང་སློབ་གྲྭ་ཆེན་མོ་བའི་སྙན་ངག་གི་བརྗོད་བྱ་ཙམ་པོ་བ་དེར་བལྟས་འོངས་ན་སློབ་གྲྭ་ཆེན་མོ་བ་ཕ་ཡུལ་ལ་དགའ་མཁན་ཞིག་ཡིན་པ་རྗེས་སུ་དཔགས་ཡོང་བ་རེད།
   སློབ་གྲྭ་ཆེན་མོ་བ་སྙན་ངག་མཁན་ཡིན་པའི་རྒྱུ་མཚན་གྱིས་སེམས་ཁོང་གི་ན་ཟུག་ཤིན་ཏུ་ལྕི། གློ་བུར་བའི་ན་ཟུག་དེ་སྐྱེས་ཐེངས་རེ་རེར་སློབ་གྲྭ་ཆེན་མོ་བ་ཆང་ཁང་ལ་བུད་འགྲོ། སློབ་གྲྭ་ཆེན་མོ་བ་ནམ་རྒྱུན་ཆང་ཁང་དུ་ཐོན་མ་ཐག་སེམས་ཀྱི་ན་ཟུག་གཏིང་བརྗེད་དུ་བུད་འགྲོ་མོད། སློབ་གྲྭ་ཆེན་ཆེན་མོ་བ་ཕྱིར་ལོག་པའི་དཔེ་མི་སྲིད། ཆང་གི་བྱིན་རླབས་ལ་བརྟེན་ནས་ཁོག་པའི་ནང་གི་ན་ཟུག་གི་བཤང་གཅི་ཡོད་ཚད་ཁ་ནས་འདོད་པ་ཞིག་དོར་རྗེས། ད་གཟོད་ཁྱར་ཁྱོར་གྱིས་ཕྱིར་ལོག་ནས། ང་ཚོ་ལ་ཁོའི་ན་ཟུག་ཡོད་ཚད་བདུད་རྩི་ཆང་གིས་སེལ་རབས་ལུང་རིགས་དཔེ་གསུམ་དྲངས་ནས་བཤད་པ་ཡིན། སློབ་གྲྭ་ཆེན་མོ་བ་སློབ་ཁྲིད་ལ་གཏན་ནས་མི་འགྲོ།ཁོའི་སེམས་སུ་སློབ་ཁྲིད་ལ་འགྲོ་བ་ནི་ཆེས་ལ་རྒྱ་མེད་མཁན་ཞིག་ཏུ་འདོད་པ་མ་ཟད། སློབ་ཁྲིད་ལ་འགྲོ་མཁན་དག་ལ་མཐོང་ཆུང་བྱེད་ངེས། སློབ་གྲྭ་ཆེན་མོ་བས་རྒྱུན་དུ་ང་ཚོར་ཁོང་གི་ལྟ་བ་བཤད་ངེས། ཁོས་བཤད་རྒྱུར་ཁོང་གིས་དཔེ་ཆར་གཟིགས་མི་དགོས་གསུངས།ཅིའི་ཕྱིར་ན་དཔེ་ཆ་ནི་འཚོ་བ་རེད། འཚོ་བ་ནི་དཔེ་ཆ་ཡིན།  སྡུག་བསྔལ་མཐའ་དག་རང་བདེ་ལས་འབྱུང་བ་དང་བདེ་བ་ཚང་མ་གཞན་བདེ་ལས་འབྱུང༌།  རང་དོན་འབའ་ཞིག་གཉེར་བ་ནི་དུད་འགྲོ་དང་འདྲ།  སྙིང་རྗེ་ཆེ་བའི་བོད་མི་ཞིག་ཡིན་པས།  ང་ཚོས་ངེས་པར་དུ་དགེ་དཀར་གྱི་ལས་ལ་འབད་དེ་འཆི་ཁ་མི་འགྱོད་པ་ཞིག་བྱེད་དགོས།  ཞེས་མགྲིན་པ་གཟེངས་སུ་བཏེགས་ནས་བརྗོད་པ་ན། གྲོགས་པོ་ཚང་མས་སློབ་གྲྭ་ཆེན་མོ་བར་ཡིད་སྨོན་བྱེད།  བསྟོད་པ་བྱེད།  སྙན་གྲགས་སྩོལ། གྲོགས་པོ་ལ་ལས་སློབ་ཆེན་པ་ཡི་གོ་རྟོགས་མཐོན་པོར་སླེབས་འདུག་ཟེར། ཡང་ལ་ལས་སློབ་གྲྭ་ཆེན་མོ་བ་བཅུ་ཕྲག་རིག་གནས་སྤྱི་ལ་བྱང་ཆུབ་ཡོད་པས། ད་ནི་ཅི་ཡང་སྦྱངས་དགོས་པ་མ་རེད་ཟེར། གང་ཅི་ཡིན་ཆ་མ་འཚལ་མོད། སློབ་ཆེན་པའི་གདོང་ལ་འཛུམ་མདངས་མངོན་བཞིན་གཉིད་དུ་ཡུར། ཁོ་རང་མལ་ཁྲིའི་ཙག་སྒྲའི་ཁྲོད་ནས་ཨ་ལོག་ལན་འགའ་བརྒྱབ་ནའང་། གཉིད་ཡུལ་བདེ་མོ་ཞིག་ཡེ་ནས་མ་ཡོང་ལ། ད་དུང་ཨུ་ཚུགས་མཐར་སྐྱེལ་སྒོས་མལ་དུ་ཉལ་ནའང་ནམ་སྟོད་ཀྱི་གཉིད་ཞིམ་པོ་སྦྲང་རྩི་འདྲ་བ་དེ་ཆོམ་རྐུན་ངར་བ་ཞིག་གིས་ངོ་འཕྲོག་བྱས་པ་ལྟར་ཤུལ་མེད་དུ་གྱུར། ཡིན་ཡང་དུས་ཡུན་རིང་བོར་མལ་ཁྲིའི་སྟེང་ནས་འཕག་འཚག་དུ་མ་བྱས་པ་བརྒྱུད། མག་མོག་དང་བན་བུན་ཉིས་སྡེབ་ཀྱི་རྨི་ལམ་ཐན་ཐུན་ཙམ་གྱི་ཁམས་སུ་འགྲིམ་མགོ་བརྩམས་བྱུང་། གློ་བུར་བའི་དོན་དག་ཞིག་བྱུང་བ་ནི་ཕྱི་ཉིན་ནས་བཟུང་སློབ་གྲྭ་ཆེན་མོ་བ་གཞི་ནས་གར་སོང་ཆ་མེད་དུ་གྱུར།  སློབ་གྲྭ་ཆེན་མོ་བའི་མལ་ཁྲི་སྟེང་གི་ལྭ་བ་ཡོད་ཚད་བསྐྱུར་འདུག དཔེ་ཆ། མལ་གདན་ད་དུང་གཞན་དག་ཀྱང་ཁ་མལ་ན་འདུག ཡིན་ཡང་སློབ་གྲྭ་ཆེན་མོ་བ་གང་ལ་བུད་སོང་ངམ།  
   དེ་རིང་ནི་སློབ་ཆེན་པ་བོར་ནས་ཟླ་གསུམ་པ་རེད། སློབ་ཆེན་པ་བོར་ཟིན་པའི་དུས་སྐབས་འདིའི་རིང་དུ། ང་ཚོ་སློབ་གྲོགས་ཡོངས་དང་ཁོང་གི་ཤ་ཉེ་རིང་། སློབ་གྲྭའི་མི་སྣ་སོ་སོ་ནས་རང་ནུས་ཅི་ལྕོགས་ཀྱིས་བཙལ་མོད་ཀྱང་། འབྲས་བུ་ཅི་ཡང་མ་བྱུང་། འོ་ན་སློབ་ཆེན་པ་དངོས་ནས་བོར་སོང་བ་ཡིན་ནམ། སྐད་ཆ་མི་སྙན་པ་ཞིག་གིས་བཤད་ན།ཁོ་རང་འཇིག་རྟེན་དུ་ཡོད་སྲིད་དམ།  ཉིན་ཞིག་ངའི་གྲོགས་པོ་ཞིག་རྒྱ་སྲང་ནས་དབུགས་འཚབ་འཚུབ་ཀྱིས་ཕྱིར་མལ་ཁང་ལ་རྒྱུག་ཐོན་ཏེ། སློབ་ཆེན་པ་རྒྱ་སྲང་དུ་འདུག་ཟེར། ང་ཚོ་ཚང་མ་སློབ་ཆེན་པ་བཙལ་དུ་ཕྱིན། ཡིན་ནའང་ང་ཚོས་སློབ་ཆེན་པ་བཙལ་ནས་མ་རྙེད། ངའི་གྲོགས་པོ་དེས་ཁོས་སློབ་ཆེན་པ་དངོས་སུ་མཐོང་སོང་ཟེར། ཁོས་ད་དུང་རྒྱུ་མཚན་དང་བཅས་ཏེ་ང་ཚོར་གསལ་བཤད་བྱས་མོད། ང་ཚོས་ཁོར་ཡིད་མ་ཆེས་ག་ལ་ཡིན། དངོས་སུ་མཐོང་མ་ཐུབ་ན་གསལ་བཤད་བྱས་པས་ཅི་ལ་ཕན། ང་ཚོ་རེ་ཐག་ཆད་དེ་ཕྱིར་ལོག་པ་ཡིན། ཡང་གཅིག་བཤད་ན་ཁོ་མིག་འཁྲུལ་ཐེབས་པའང་སྲིད། འཚོ་བའི་ཁྲོད་དུ་དེ་འདྲའི་དོན་དག་གང་མང་མང་རེད། མཚར་དོན་མི་འདུག་འདོད།
སློབ་ཆེན་པ་འདས་སོང་བར་འདོད་མཁན་ཡོད་ལ། བྲོས་སོང་བར་འདོད་མཁན་ཡང་འདུག ལྷག་པར་ཏུ་ཐེ་ཚོམ་བར་འདུག་མཁན་ནི་མང་ཤས་རེད། སློབ་ཆེན་པ་འདས་སོང་བར་འདོད་མཁན་ལ་རྒྱུ་མཚན་ཅི་ཡང་མེད་དེ། གཅིག་ན་ཉེན་རྟོག་ཕྱོགས་དང་སྤྱི་ཚོགས་མི་སྣ་སུས་ཀྱང་མི་ཤི་རོ་མ་མཐོང་བ་མ་ཟད། དེ་འབྲེལ་གྱི་དོན་རྐྱེན་ཡང་གཅིག་ཀྱང་མ་བྱུང་བས་སོ།།  གཉིས་ན་སློབ་ཆེན་པ་ཤི་དགོས་པའི་རྒྱུ་མཚན་ཅི་ཡང་མེད་དེ། ཁོ་རང་ཉིད་ལ་ཡིད་ཆེས་དང་ཕུགས་འདུན་བཅངས་མཁན་ཞིག་ཡིན་པ་དང་། གང་ཞིག་ཤེས་འདོད་ཀྱི་མཚར་སྣང་དང་ལྡན་པ་ཞིག་ཡིན།  མིག་སྔར་གྱི་གནས་ཚུལ་ལ་དཔྱོད་རྟོག་བྱ་ཡུལ་ནི་ཁོ་རང་ཉིད་ཀྱིས་རང་ཉིད་བོར་བ་ཡིན་ནམ །ཡང་ན་གཞན་གྱི་མགོ་གཡོག་མགོ་སྐོར་ཐེབས་པ་ཡིན། གལ་ཏེ་རང་མགོ་འཐོམས་སོང་བ་ཞིག་ཡིན་ན་ཧ་ལས་དགོས་དོན་ཅི་ཡང་མེད། གཞན་གྱི་ལྐོག་གཡོ་ཐེབས་པ་ཞིག་ཡིན་ན། དེ་ནི་ང་རང་ཚོས་ཁ་ཚ་དགོས་གཏུགས་སུ་བསྒྲུབ་དགོས་བྱ་བ་ཡིན་པ་རེད།
   མ་གཞི་སློབ་ཆེན་པ་ལ་ལགས་ལ་མཚོན་ནས་བཤད་ན།       རང་ཉིད་སློབ་མའི་སྐབས་ཀྱི་དུས་ཚོད་བེད་སྤྱད་ནས་སློབ་མའི་འཚོ་བ་འབྲི་རྒྱུ་ནི་ཆེས་དགའ་སྣང་ལྡན་པའི་ལས་ཀ་ཞིག་ཏུ་བརྩི་བཞིན་ཡོད།     འོན་ཀྱང་ཉེ་སྔོན་ཁོ་རང་སློབ་ཁུལ་ག་གེ་མོའི་ཁང་མིག་ག་གེ་མོ་ཞིག་གི་ནང་དུ་གློག་ཀླད་ཀྱི་འཆར་ངོས་ལ་ཅེར་ནས་བསམ་གཞིགས་ཀྱི་ཀློང་དུ་ལྷུང་བ་དང་། སློབ་ཆེན་པས་ཁོ་རང་བོད་རིགས་སློབ་མ་གང་མང་ཞིག་ཟླ་མཆོད་དུས་ཆེན་ལ་སྤྲོ་བས་རོལ་བ་དེར་ཡང་མཉམ་ཞུགས་མ་བྱས་པ་མ་ཟད། རང་གི་ཆེས་སྙིང་ཉེ་བའི་གྲོགས་པོ་བློ་གྲོས་ཀྱི་སྐྱེས་སྐར་ལ་ཡང་མི་ཁོམ་ཚུལ་ཀྱི་རྫུན་ཞིག་ལབ་ནས་གཡོལ་ཅི་ཐུབ་བྱས་ཟེར། འདི་དག་ཡོད་ཚད་ནི་ཁོས་སྔོན་ཆད་སྤྱི་ཚོགས་འཚོ་བ་དངོས་ལ་ཡང་ཀློག་བསྐྱར་ཀློག་བྱས་པ་ལས་བྱུང་བའི་སེམས་ཁམས་ཤིག་མིན་པའི་ངེས་པ་མེད་མོད། གྲོགས་པོ་མང་བོ་ཞིག་གི་མིག་ནང་ན་ཁོ་ནི་རིམ་བཞིན་ཁེར་རྐྱང་ནས་ཁེར་རྐྱང་དུ་བུད་ནས་ཡོད་པས་མི་ཚད་ཁེར་རྐྱང་གི་མཐོ་ཚད་དེའང་ཚད་ངེས་ཅན་ཞིག་ལ་སླེབས་ཡོད་པ་འདྲ་བར་བཤད།
   ཆང་ཁང་གི་མཚན་མོ་དེར། སློབ་ཆེན་པས་སྒེའུ་ཁུང་ཕྱི་རོལ་གྱི་ཟླ་འོད་འོག་ཏུ་ཕོ་མོ་ཟུང་རེ་ཟུང་རེ་བྱས་ནས་འགྲོ་བཞིན་པ་ལ་བལྟ་བཞིན་སླར་ཡང་སྒེའུ་ཁུང་གི་སྒོ་མོ་གཏན། སྤྱིར་ཁོ་ནི་རང་བོད་མི་རིགས་ཀྱི་རིག་གནས་ལ་དགའ་ཞེན་དང་རང་གི་ཡུལ་སྲོལ་གོམས་གཤིས་སོགས་ལ་རང་ཚུགས་མི་ཤོར་བའི་མི་བུ་རེ་བ་ཅན་ཞིག་ཡིན་མོད། སློབ་ཆེན་དུ་ཐོན་པའི་གློ་བུར་བའི་དུས་ཚོད་འདིས་ནང་དུ་ཁོ་དང་ཁོ་འདྲ་བ་དག་ནི་སུས་ཀྱང་མིག་ནང་དུ་མི་འཇོག་པའི་གྲས་ཀྱི་གཅིག་ཡིན་འདུག སློབ་ཆེན་པས་ཆང་འཐུངས་པ་ལའང་ཁག་ཅི་འདུག་ཨང་།
   ཉིན་དེའི་ཕྱི་ཉིན་ནི་གཟའ་ཉི་མ་ཡིན་པས། སློབ་ཆེན་པ་ལ་སྔ་མོ་ཞིག་ནས་གྲ་སྒྲིག་ཡོད་ཚོད་འདུག སློབ་ཆེན་པས་རང་གིས་ཉིན་རེ་བཞིན་གསར་འགྱུར་བྱེད་བཞིན་པའི་པོད་འཕྲིན་གྱི་ནང་དུ་མཐར་ཕྱིན་ལ་ཉེ་བའི་སློབ་ཆེན་གྱི་འཚོ་བ་མཐའ་དག་ལ་སྒྲོམ་གཞི་འདི་ལྟར་བཟོས་ཡོད་དེ།
  ལོ་ངོ་གསུམ་ཙམ་གྱི་སྔོན་ལ། གཞོན་ནུ་ཞིག་ཆང་ཁང་དུ་སོང་ནས་ཕ་མའི་དངུལ་ཁྲག་ལ་བརྗེ་བའི་སྒོར་མོ་མང་པོ་ཞིག་བཀོལ་ནས་ཆང་དང་ཝུ་ཆང་སྣ་མང་པོ་ཞིག་གཡོ་རུ་བཅུག འོན་ཀྱང་ཁོ་ཅི་ཙམ་མི་བཟོད་ཀྱང་ཁམ་གང་ཡང་མི་འཐུང་བར་ཡུན་རིང་ཞིག་ལ་བསྡད། ཞབས་ཞུ་བས་ཅི་ཙམ་བཤད་རུང་མི་འཐུང་བ་མ་ཟད། ཕ་མ་གཉིས་ཀྱིས་དངོས་སུ་བལྟས་ཡོད་པའི་སྣང་བ་ཞིག་ཡིད་ངོར་དབང་མེད་དུ་འཆར། མཇུག་མཐར་ན་ཟུག་འཆང་བཞིན་ཕྱིར་ལོག་སོང་།
  ལོ་ངོ་གསུམ་ཙམ་གྱི་སྔོན་ལ། གཞོན་ནུ་ཞིག་སྔ་མོ་ནས་ལངས་ནས་ལྗོངས་རྒྱུ་ལ་སོང་། ཕ་མས་སྤྲད་པའི་སྒོར་མོ་མང་པོ་ཞིག་བཀོལ་ནས་རླངས་འཁོར་གྱི་ལམ་བྱང་དང་གནམ་གྲུའི་ལམ་བྱང་། མེ་འཁོར་གྱི་ལམ་བྱང་སོགས་ཡོད་ཚད་ཉོས་མོད། འོན་ཀྱང་ཐང་ཅི་ཙམ་ཆད་རུང་རླངས་འཁོར་ལ་མི་འདུག་པ་མ་ཟད་ད་དུང་དབུགས་ཧོལ་ཧོལ་གྱི་རླངས་འཁོར་གྱི་ཕྱོགས་སུ་རྐང་ཐང་ལ་རྒྱུགས། གནམ་གྲུ་ལ་མི་སྡོད་པར་གནམ་གྲུ་འཕུར་བའི་ཕྱོགས་སུ་རྒྱུགས། མེ་འཁོར་ལ་ཡང་མི་སྡོད་པར་དེའི་ཕྱོགས་སུ་རྒྱུགས།
  ལོ་ངོ་གསུམ་ཙམ་གྱི་སྔོན་ལ། གཞོན་ནུ་ཞིག་གིས་ཡུལ་མི་ཚོས་དཀའ་སྡུག་གི་རྔུལ་ཆུ་གང་མང་བསགས་པའི་རྒྱུ་ནོམ་གྱིས་སློབ་ཆེན་ག་གེ་མོ་རུ་སློབ་ཡོན་སྤྲད་དེ་དཔེ་ཆ་ཉོས། འོན་ཀྱང་ཁོས་རང་སྣང་གང་གར་གྱིས་སློབ་ལ་མ་བརྩོན། མི་གཞི་དོར། རྩིས་ཐང་དོར། དུས་ཚོད་བརླག མདོར་ན་ཡོད་ཚད་བརླག་ནས་ཕྱིར་ལོག ་་་་་་་་་་་འདི་ནི་ད་གཟོད་ངའི་སློབ་ཆེན་གྱི་འཚོ་བ་ངོ་མ་དང་ད་སྐབས་ཀྱི་སློབ་ཆེན་པ་དངོས་མ་དེ་ཡིན་འདུག་ཞེས་བཀོད་རྗེས་རྒྱ་སྲང་གི་གཞི་མདོ་དེར་ཆས་སོང་།
   ངའི་གྲོགས་པོ་ཞིག་གིས་སློབ་ཆེན་པའི་པོད་འཕྲིན་བལྟས་རྗེས་མིག་ཆུ་དབང་མེད་བཞུར།  ང་ཚོས་ད་གཟོད་གཞི་ནས་སློབ་ཆེན་པ་ཅིའི་ཕྱིར་གར་སོང་ཆ་མེད་དུ་གྱུར་བ་ཤེས་ལ། སློབ་ཆེན་པ་ཁ་བྲལ་དགོས་དོན་ཡང་ཤེས་སོང་།  ཡིན་ནའང་། སློབ་ཆེན་པ་ཕྱིར་ཡོང་མིན་ནི་དྲི་ཚིག་ཅིག་ཡིན་ངེས།

     གསལ་བཤད།   རྩོམ་མཁན་གངས་ཐིག་གི་རྩོམ་གྱིས་མཇུག་བསྡུས་པ་ཡིན།
                          དགོངས་འགལ་མེད་པར་ཞུ།

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།