བདག་པོ་མེད་པའི་ཁྱི་གུ།

   རེས་གཟའ་ཉི་མར་ངས་ཁྱི་གུ་ཞིག་མཐོང་ཞིང་དེ་ནི་འབྲོག་པ་ཚོའི་མཚེར་ཤུལ་དུ་ལུས་པའི་ཁྱི་གུ་ཞིག་དང་འདྲ་བར་བལྟས་མ་ཐག་ཏུ་སྙིང་རྗེ་སྐྱེ་དགོས་པའི་སྣང་བ་ཞིག་སྟེང་ལ། ཉམ་ཆུང་བའི་མིག་ཟུང་གཉིས་ལས་རང་གི་འཚོ་གནས་ལ་ཞེན་པ་གཏིང་ནས་ལོག་ཅིང་བློ་དང་ཡིད་ལ་འཐིམ་པའི་འགྱོད་གདུང་གི་དྲན་པ་ནི་སུ་ཞིག་གི་ཆེད་དུ་ཟད་པར་གྱུར་བའི་རྐང་ལག་བཞི་བོས་ཀྱང་གསལ་བོར་སྟོན་པས་ངས་མུ་མཐུད་དུ་ཁྱི་གུ་དེའི་ཕྱོགས་ལ་བསམ་བློ་གཏོང་དགོས་བྱུང་། ཁྱི་གུ་དེ་རྒྱུན་དུ་སྤྱི་གླིང་ཞིག་གི་ནང་དུ་ཡོད་ལ། སྤྱི་གླིང་དེའི་མིང་ལ་༼སྣང་བ་འཕྲོག་པའི་སྤྱི་གླེང་༽ ཟེར། དེ་ནི་སྔོན་ཞིག་ལ་འདིར་ཡོད་པ་ཞིག་མ་ཡིན་པར་ཉིན་འགའི་སྔོན་ཏག་ཏག་ལ་ལེགས་གྲུབ་བྱུང་བ་ཡིན་ཟེར་བས་འདིར་འཛོམས་པའི་མི་ཡང་ཧ་ཅང་མང་སྟེ། དཔོན་པོ་དང་ལས་བྱེད་དང་ཚོང་བ་དང་དགེ་རྒན་དང་སྨན་པ་སོགས་འདུག ད་རུང་སྤྱི་གླིང་དེའི་དཀྱིལ་དབུས་སུ་རྡོ་རིང་ཆེན་པོ་ཆེན་པོ་ཞིག་ཡོད་ལ་དེའི་ངོས་སུ་མིང་ཡིག་འགའ་བྲིས་འདུག ངས་དེ་དག་ལ་གསལ་བོ་ཞིག་བལྟ་བསམ་མོད་ང་འདི་བརྗེད་ངན་ཞིག་ཡིན་པས་ལྟ་མ་ཐུབ། ཡིན་ཡང་ཁྱི་གུ་དེར་མི་བལྟ་བསམ་ཡང་མིག་ལ་མངོན་ཡོང་བས། ངས་དེའི་ལུས་ཀྱི་ཆེ་ཆུང་དང་སྤུ་མདོག་གང་འདྲ་ཡིན་པ་ད་རུང་མིག་ལམ་ལ་ཡང་ཡང་འཆར་ཞིང་སེམས་སུ་བརྗེད་རྒྱུ་མེད་པ་ཞིག་ཏུ་གྱུར་འདུག རྒྱུ་མཚན་ནི་ཁྱི་གུ་དེ་ལ་སུ་ཡིན་གན་ཡིན་གྱི་ཁྱད་པར་མེད་པར་ཀུན་ལ་དགའ་དགའ་སྤྲོ་སྤྲོ་བྱེད་མཁན་ཞིག་རེད་ལ། སུ་ཞིག་ཡིན་རུང་མཉམ་དུ་རྩེད་མོ་རྩེད་ནས་ཡར་རྒྱུགས་མར་རྒྱུགས་བྱེད་མཁས་པ་ཞིག་རེད། གལ་ཏེ་ཁྱེད་ཀྱང་སྤྱི་གླིང་དེར་ཐོན་ན་བརྒྱ་ཆའི་བརྒྱར་ཁྱི་གུ་དེ་ཁྱེད་ཀྱི་འགྲམ་ལ་ཡོང་ནས་དགའ་དགའ་བྱེད་སྲིད།
  དེ་ཡང་ང་རང་ཕྱིར་ཉལ་ཁང་དུ་ལོག་རྗེས་གཞི་ནས་དོན་དེ་ནི་འཚོ་བ་ཞིག་ཡིན་པར་བསམ་ཞིང་། སྒྱུ་འཕྲུལ་རྨི་ལམ་ལྟ་བུའི་འཚོ་བ་ཞིག་ཏུ་འདོད་པས། དོན་དག་འདི་ནི་ཆེས་སྤྱིར་བཏང་སྤྱིར་བཏང་ཙམ་ཞིག་མ་ཡིན་པར་རང་རང་གི་བློ་དང་རིག་པས་ཡང་ཡང་བཙལ་དགོས་པ་ཞིག་ལ་འདོད་རྗེས།ངས་ཡང་བསྐྱར་ཁྱི་གུ་དེས་སྤྱི་གླིང་འདིར་ཡོང་བའི་མི་ཚང་མ་ལ་དགའ་དགའ་བྱེད་དགོས་པའི་རྒྱུ་མཚན་ཅི་ཡིན་ནམ་སྙམ། མ་གཞི། ཁྱི་གུ་དེ་མི་ཞིག་དང་ཧ་ཅང་འདྲ་པས་སྤྱིར་རང་ཉིད་གསོན་ཐབས་བྱེད་པ་ནི་ཉེན་ཁའི་གནས་སུ་ཆགས་པའི་སེམས་ལྡན་ཀུན་གྱིས་བདེ་སྐྱིད་ཅིག་ལ་འདོད་ཀྱང་།བདེ་སྐྱིད་ནི་འཚོ་བ་ཞིག་ལོངས་སུ་སྤྱད་ནས་མེད་པར་གཏོང་བ་ཞིག་རེད་པས། ང་རང་ཁྱི་གུ་དེར་གྱེས་ནས་རྒྱང་རིང་རྒྱང་རིང་ཞིག་ལ་འགྲོ་ཐབས་མ་བྱུང་། མཐར་རང་གི་སྒེའུ་ཁུང་དུའང་ཁྱི་གུ་དེ་ཡང་ཡང་ལྡིང་ཡོང་བས་བློ་སེམས་ཡོངས་སུ་འཕྲུལ་བའི་སྣང་བ་ནི་ཆུ་རླབས་ཀྱི་རི་མོ་ཞིག་དང་འདྲ་བར་ཤོག་ལྷེ་དཀར་པོའི་སྟེང་གི་ཡི་གེ་ཡང་ནས་ཡང་དུ་བསུབ། ངས་ཁྱི་གུ་དེ་སེམས་ལ་དམ་པོར་བཟུང་ནས་རང་གི་རྐང་ལག་ལ་བལྟས་རྗེས། མི་ནི་ཡར་ལངས་ནས་འགྲོ་ཐུབ་པ་གཞི་ནས་ཚོར་ཞིང་ད་རུང་མི་ནི་ཁྱི་ལས་རིག་པའང་གསལ་བོ་ཞིག་ཡོད་པ་ཤེས་བྱུང་། ཡིན་ཡང་མི་ཡིས་རང་གི་ཐ་སྙད་རྒུམ་ནས་ཁྱི་གུ་དེ་ལ་རྩེད་མོ་རྩེད་གྲོགས་མ་བྱས་པས། ཁྱི་གུ་དེ་ང་ཡི་རྨི་ལམ་དུ་འཛུལ་ནས་སྔར་བཞིན་རྩེད་མོ་རིགས་ཤིག་ལ་མགོ་བོ་འཁོར། སེམས་པ་གཡེང་། བློ་རིག་འཐིམ།
   ཏག་ཏག་སྐབས་དེ་ལ་ཁྱི་གུ་ཟུག་བྱུང་། ང་ཡི་རང་གི་ཉེ་འགྲམ་ལ་ཀི་ཞིག་བཏབ་ཅིང་། རྨི་ལམ་གྱི་བསླུ་བྲིད་དམ་གཉིད་ཀྱི་བདག་མོས་ང་ཡི་འགྲམ་གྱི་ནད་པ་དེའང་ཡོངས་སུ་བཟི་བོར་བཏང་ཞིང་། རྒྱུན་པར་ན་ཟུག་རྒོད་པའི་འཁུན་སྒྲ་དག་ནི་ཧ་ཅང་ལྷིང་འཇགས་སུ་གྱུར། ང་རང་བློ་སེམས་གཞན་ཞིག་ལ་འཁོར་ནས་ནན་ཏན་གྱིས་བཙོག་པུར་བསྡད་ཀྱང་ཁྱི་གུ་དེའི་ཟུག་སྐད་ཇེ་མཐོ་ནས་ཇེ་མཐོར་གྱུར། མི་ལ་ལ་ཞིག་སྲིང་ལམ་གྱི་གློག་འོད་ངོགས་ན་ཅི་ཞིག་བཙལ་གྱིན་པ་དང་འདྲ་བར་མི་ཁོམ་པའི་གནས་ན་འདུར་རྒྱུགས་ལ་བྲེལ་འདུག ད་ནི་ནམ་ལངས་ལངས་ཉི་མ་ཤར་ཤར་དང་འདྲ་བའི་དུས་ལ་ཐོན་པས། ནད་པ་དེ་གཞི་ནས་རང་གི་རྨི་ལམ་ལས་སད་བྱུང་། ཁོས༼ ཁ་སང་གི་ཁྱི་གུ་དེ་སྨན་ཁང་འདིའི་སྒོ་ན་ཡོད་དམ༽་ཞེས་གཉིད་བཤད་འདྲ་བྱས་ནས་སྤྱོད་ཁང་དུ་བུད་སོང་། ང་གཅིག་པུ་སྒེའུ་ཁུང་གི་འགྲམ་ལ་བཅར་ནས་ཁ་སང་གི་ཁྱི་གུ་དེ་ཕྱོགས་དང་ཕྱོགས་སུ་བཙལ། ནད་པ་དེ་ཕྱིར་ཁྱིམ་ལ་འཛུལ་ནས༼ ཁྱི་གུ་དེ་མི་མཐོང་ངམ༽ ཞེས་ང་ལ་ནན་གྱིས་དྲིས་བྱུང་།
   ༼ད་རུང་གྲིབ་མ་ཙམ་ཡང་མ་མཐོང་༽
   ངས་དེ་ལྟར་ཁོ་ལ་ལན་སླ་མོ་ཞིག་བཏབ་རྗེས་གྲོང་ཁྱེར་འདིའི་དུ་སྤྲིན་གྱི་གསེང་ན་རིག་ལ་མི་རིག་པའི་ཁང་བརྩེགས་དག་གི་སྒེའུ་ཁུང་ལ་རྒྱང་བལྟ་བྱས།
 
རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

བདག་པོ་མེད་པའི་ཁྱི་གུ།

2013-12-12 རྡོ།༼ལན་ཀྲུ༽ ཀློག་གྲངས། མཆན ཡོད།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།