སྣང་བརྙན་ཞིག

རྨོག་རྡོ་རྗེ་རྒྱལ། མཆོད་མེ་བོད་ཀྱི་རྩོམ་རིག་དྲ་བ། 2013-11-05

   ཕྱི་དྲན་གྱི་ཡོལ་རས་ངོས་སུ་མཛེས་སྡུག་གི་སྣང་བརྙན་གང་ཞིག་ངའི་ཤ་ཁྲག་གི་སྦུབས་སུ་རྒྱུ་ཞིང་ཟུངས་ཁྲག་ལ་འདྲེས་པས།ངའི་སེམས་ཀྱི་མཚོ་མོར་གོམས་པའི་དུས་བྱ་གང་ཞིག་གི་ཕྱིར་ཕེབས་དང་འདྲ་བར་སྙིང་ཁྲག་དྲོན་མོ་དེའི་ཟབ་སར་དལ་གྱིས་འབབ་ཀྱིན་ཡོད།ཡང་ན་ལྷ་ཆེན་གང་ཞིག་གིས་ལས་སྐལ་དུ་བསྩལ་བའི་བདུད་རྩི་ཇི་བཞིན་བདག་སེམས་བརླན་པར་བྱས་ཤིང་སེམས་ཀྱི་སྙིང་གཏམ་དམར་པོ་དེའང་ག་ལེར་བཞུར།བརྗོད་མི་ཚར་བའི་རྒྱུ་མཚན་གང་མང་ཞིག་གི་དབང་གིས་སྣང་བརྙན་དེ་ངའི་སེམས་ངོགས་ནས་བརྗེད་ཐབས་བྲལ་བ་ཞིག་རེད་ཨང་།སྣང་བརྙན་དེ་རྨི་ལམ་ཞིག་གམ་རྣམ་རྟོག་ཅིག་གི་དབང་གིས་ངའི་མཐོང་ལམ་དུ་ཡང་ཡང་མངོན་ཞིང་ཡིད་སེམས་སུ་རྟག་ཏུ་འཁོར།གཅིག་བྱས་ན་དེ་ནི་རྣམ་ཤེས་སྦྲང་ཆུང་འདྲ་བ་གང་ཞིག་ང་དང་འབྲལ་མ་ཕོད་པར་ངའི་མགོ་ཐོག་གི་ནམ་མཁའ་ཆུང་ཆུང་འདིར་ལྡིང་སྐོར་བྱེད་ཀྱིན་ཡོད།དེ་མིན་ན་ང་རང་ཕྱི་རོལ་གྱི་ཡུལ་ལྔའི་མཛེས་པ་གང་ཞིག་ལ་ཞེན་ཞིང་ཆགས་ནས་རྣམ་པར་ཤེས་པའི་ཕུང་བོའང་དེར་ལུས་པ་འདྲ།
སྣང་བརྙན་དེ་ངས་གངས་རྩེ་དང་རི་འདབས།རྩྭ་ཐང་དང་བྱེ་ཐང་།སྤང་རི་དང་ནགས་རི།གྲོང་ཁྱེར་དང་གྲོང་ཚོ།ཡང་ན་སྟོད་སྨད་བར་གསུམ།ཕྱོགས་བཞི་མཚམས་བརྒྱད་དུ་བཙལ།མཐར་རང་གི་གློ་མཆིན་གྱི་ཆེས་ཉེ་ས་ཞིག་གམ་སྙིང་གི་ཆེས་ཟབ་ས་ཞིག་ནས་མག་མོག་གི་ཟུར་ཙམ་རྙེད་པས།ངས་བཙལ་ཀྱང་མ་རྙེད་པའི་སྡུག་བསྔལ་དེའི་བྲོ་བ་མྱང་དགོས་མ་སོང་།རེད་དེ།བཙལ་བའི་དངོས་པོ་རྙེད་པ་ནི་ཇི་འདྲའི་དགའ་འོས་པ་ཞིག་རེད་ཨང་།ཡིན་ཡང་ང་ལ་དེ་ལས་ལྡོག་པའི་སེམས་གཅོང་ཞིག་གིས་མནར་སོང་།ངའི་སྡུག་བསྔལ་དེ་ནི་བདག་ཅག་གི་སངས་རྒྱས་ཀྱིས་ཀྱང་བཙལ་ནས་རྙེད་པ་ཞེས་སྡུག་བསྔལ་གྱི་ཁོངས་སུ་བགྲང་མི་འདུག་ཀྱང་།སྡུག་བསྔལའམ་སྐྱོ་བ་གདུང་བ་འདིས་དངོས་ནས་ང་ཤུགས་ཀྱིས་མནན་ཞིང་དབུགས་ཀྱི་རྒྱུ་བ་འགགས་ལེ་ཁུལ་དང་རུས་རྐང་ཟུག་ཅིང་རུས་དུམ་སུམ་བརྒྱ་དྲུག་ཅུ་འཐོར་ལེ་ཁུལ་དུ་བྱས།རྒྱུ་མཚན་དང་གནས་ལུགས་བཤད་དུ་མེད་མོད།གང་ལྟར་ང་རང་བསམ་གཞིག་རིང་མོ་ཞིག་གི་ཀློང་དུ་ལྷུང་འགོ་ཚུགས།ཤ་ཁྲག་གདོས་བཅས་ཀྱི་ཕུང་བོ་འདི་འཇིག་རག་བར་དུ་ང་རང་སྣང་བརྙན་དེ་དང་ལོགས་སུ་མེད་དམ་དབྱེར་དུ་འདྲེས་པའི་ཚོར་བ་ཡ་མཚན་ཞིག་བྱིན། དེ་བས་ང་རང་འདུ་འཛི་ཆེ་བའི་ཁྲོམ་རར་ཕྱིན་ནས་སྣང་བརྙན་དེ་བརྗེད་ཐབས་དང་།གཙུག་ལག་ཁང་དང་སེ་འབྲས་དགེ་གསུམ་གྱི་ཆོས་དབྱངས་སྙན་མོའི་ལྗན་ལྗིན་ནག་ནོག་གི་གོས་པའི་སེམས་པ་དེ་བྱི་དོར་བྱེད་གང་ཐབས་བྱས།འོན་ཀྱང་བརྗེད་ཅེས་པ་ནི་ཇི་འདྲའི་ལས་དཀའ་མོ་ཞིག་ཡིན་པ་ངས་རིམ་གྱིས་ཚོར་སོང་།བརྗེད་པར་འདོད་པའི་བྱ་དངོས་གང་ཞིག་བརྗེད་མི་ཐུབ་པ་ནི་ཇི་འདྲའི་སྡུག་བསྔལ་བཟོད་གླགས་བྲལ་བ་ཞིག་རེད་ཨང་།ད་ནི་སྲིད་ན་བརྗེད་ཆུ་ཞེས་པའི་སྨན་མཆོག་ཅིག་ཡོད་ན་བཏུང་བར་འདོད་པའི་ཧོལ་རྒྱུག་ཅིག་ཀྱང་རྒྱུད་ལ་ངང་ངམ་ཤུགས་ཀྱིས་སྐྱེས།གལ་སྲིད་མེད་ན་སངས་རྒྱས་སྨན་བླས་གནང་སྦྱིན་བྱས་ན་སྙམ་པའི་འཁྲུལ་སྣང་སྣ་ཚོགས་ཤིག་ཀྱང་ཤར།
  སྣང་བརྙན་དེ་ནི་སྐྲ་ནག་ཅིང་རིང་ལ་མིག་གཉིས་སྐར་ཆེན་དང་འདྲ་བའི་བོད་རིགས་བུ་མོ་ཞིག་གམ་ལས་ལ་བརྩོན་ཞིང་གཤིས་རྒྱུད་འཇམ་པའི་སྒང་པའི་ས་ཆེན་ན་འཚོ་བའི་བུད་མེད་ཞིག་གི་སྣང་བརྙན་ཡིན་འདུག  ངེད་གཉིས་འདྲིས་ཤིང་གོམས་ནས་ཡོད་ཀྱང་།  ཁོ་མོའི་ལྷད་མེད་ཀྱི་བརྩེ་དུང་དྲོན་མོ་དེ་ང་ལ་གཏད་ཡོང་དུས།ང་ལ་གར་བྱེད་འདི་བྱེད་ཀྱི་རང་དབང་དང་སྙིང་སྟོབས་བྲལ་ཞིང་ཐ་ན་ངུ་ངག་ཀྱང་ཤོར་སོང་།   རང་རྒྱུད་འཁྱོག་པོ་གཡག་རྭ་འདྲ་བོ་དང་ཁོ་མོའི་གཤིས་རྒྱུད། སེམས་འཆར་སྒོ་ཁ་སྐྱེ་འབྲས་གང་ནས་བལྟས་ཀྱང་མི་འོས་མོད།དེ་ནི་མི་སྐྱོན་ཏེ།འོན་ཀྱང་ངས་ཁྱེད་ལ་མཁོ་བའི་དམ་བཅའ་ཞིག་འཇོག་མི་ཐུབ།སྐྱུག་རྫུན་གྱིས་ཕྱུག་པའི་དམ་བཅའ་ཞིག་འཇོག་མི་འདོད།དེ་བས་ངེད་གཉིས་ཀྱི་བརྩེ་བའི་ཕུག་རོན་གྱི་གཤོག་ཟུང་ལ་ཆག་གྲུམ་ཤོར་བཞིན་པ་ངས་ཚོར་ཡོད། ལས་ཀྱི་དབང་གིས་ང་རང་ཐག་རིང་དུ་འགྲིམ་དགོས་སོང་། ད་ནི་ང་རང་ཁྱེད་ལ་བྲལ་ནས་གནས་གཞན་ཞིག་ཏུ་ཡུལ་གྱར་དུ་འགྲོ་དགོས།གནས་དེ་ན་ང་ཡི་བརྩེ་ལྡན་གྱི་ཨ་མ་མེད་ལ་ཆུང་འདྲིས་ཀྱི་གྲོགས་པོ་མེད།ཁྱེད་ཀྱི་རྒྱབ་གཟུགས་མེད་ལ་ལབ་པའི་སྐད་ཆ་མེད།དེ་ལྟར་ང་རང་ཆ་མེད་རྒྱུས་མེད་ཀྱི་ལུང་པ་དེར་འགྲོ་དགོས།ཁྱེད་ཀྱི་སྣང་བརྙན་དེ་ངའི་སེམས་ཀྱི་གཏིང་རིམ་ནས་བརྗེད་འདོད་མོད་བརྗེད་ཐབས་བྲལ།དགའ་བའི་དབང་གིས་ཡིན་ནམ་གོམས་པའི་དབང་གིས་ཡིན་པའང་ཧ་གོ་གི་མེད།ང་ཁྱེད་དང་འབྲལ་དུས་ཁྱེད་ཀྱི་མིག་ཆུས་བརླན་པའི་ཕྲ་མོ་ཟུང་གིས་ང་ཡི་རྒྱབ་གཟུགས་ལ་ཅེར་ནས་ཡོད་པ་ངས་ཅི་ལ་མི་ཤེས།ཁྱེད་ཀྱིས་མྱི་ཁའི་ཀློང་ནས་ང་ཡི་ཕྱིར་ལྡོག་ལ་ངང་སྒུག་བྱེད་གྱིན་ཡིན་པ་ངས་ཅི་ལ་མི་ཤེས།ཡིན་ཡང་ངས་ཁྱེད་ཀྱི་སྣང་བརྙན་དང་ངེད་གཉིས་ཀྱི་མཛེས་སྡུག་གི་ཕྱིར་དྲན་རུམ་ནས་བཞུད་འགྲོ གང་ཡོད་འདིར་ཡོད་དང་ནམ་ཡོང་དང་འདི་ཡོང་གི་སྐད་ཆ་ཙམ་ཡང་འཇོག་མི་སྲིད།ཡང་ན་ལོ་འགའི་རྗེས་སུ་ཡང་ན་ཚེ་གང་བོ་ལའང་ཡོང་མི་སྲིད།ངས་དེ་ནི་འུ་གཉིས་བྲལ་བའི་སྙིང་བོའམ་མཛེས་སྡུག་ཞིག་ཏུ་རློམ་ནས་སེམས་ཀྱི་རྨ་ཁ་དེ་སྐྱོར་ནས་ཡོད།                                                         
   སྦི་རག་གང་མང་ཞིག་ལ་མཆུ་ཏོ་ཡང་ཡང་སྦྱར་རྗེས་སེམས་ཀྱི་གཏིང་རིམ་དུ་བཅུག་པའི་གསང་བ་ཇི་སྙེད་ཅིག་སྐྱུག་ཡོང་།མངར་སྐྱུར་ལན་ཚྭའི་ཕྱི་དྲན་གྱི་ལོ་ཟླའི་བང་རིམ་ལས་ཡིད་ངོར་བཏེགས་པའི་སྣང་བརྙན་གང་ཞིག་ཀྱང་ཅིག་ཅར་དྲན་བྱུང་།དོ་དགོང་ངས་སྦི་རག་གཅིག་གི་སྤོབས་པ་གཡར་ནས་ཁྱེད་རང་དྲན་སོང་།སྙིང་གི་འཕར་ཚུལ་དང་དབུགས་ཀྱི་རྒྱུ་བ་མགྱོགས་དྲགས་པས་གླེང་འདོད་ཀྱི་སྐད་ཆ་དེ་གླེང་མ་ཐུབ།མུན་མི་རུབ་པའི་གྲོང་ཁྱེར་འདིའི་འདུ་ལོང་ཁྲོད་ང་སྨག་རིམ་གྱིས་གནོན་བཞིན་འདུག ཐ་ན་སྲིན་འབུ་མེ་ཁྱེར་གྱི་འོད་སྣང་ཕྲན་བུ་ཙམ།དེ་བས་ངས་འདས་སོང་གི་ལོ་ཟླ་དྲན་ཞིང་དེ་ལ་མཁྲེང་དགོས་བྱུང་།བརྩེ་དུང་མེད་པའི     སྤྲོ་སྣང་ཡལ་བའི     ནད་ཀྱིས་གཙེས་པའི་དེ་རིང་གི་དུས་ཚོད་ངོགས་སུ་ང་གན་རྐྱལ་དུ་ཉལ་ནས། སང་ཉིན་ཞེས་པ་ལ་སྔར་བཞིན་སྒུག  འདས་སོང་ཟེར་བ་སྔར་བཞིན་དྲན།ངས་ན་ཟུག་གི་ཨམ་གཙིགས་བསྡམས་ཏེ་ཁྱེད་རང་བཙལ་མོད།ཁྱེད་རང་མ་རྙེད།རེད་དེ།  ད་ནི་ཁྱེད་ལ་གྱེས་ཕྱག་ཅིག་འཚལ་རན་པ་ཡིན་འདུག ཕྱི་དྲན་གྱི་ལོ་ཟླ་ནི་ཕྱིར་མི་ལྡོག་པའི་མཛེས་སྡུག་གི་རྨི་ལམ་ཞིག་ཡིན་རྐྱེན།ངས་ཁྱེད་ལ་ཁ་བྲོ་དང་བཅས་སྐྱབས་འཇུག་ཞུ་ངེས།
 
                                                                                                          ༢༠༡༣ལོའི་ཟླ་༦ཚེས་༢༣ལ་ལྷ་ལྡན་དག་པའི་ཞིང་ནས་སྦྱར།

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

སྣང་བརྙན་ཞིག

2013-11-05 རྨོག་རྡོ་རྗེ་རྒྱལ། ཀློག་གྲངས། མཆན ཡོད།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།