ཆང་གི་ཉེས་སྐྱོན།

བོད་པའི་འཇིགས་སྐྱབས། མཆོད་མེ་བོད་ཀྱི་རྩོམ་རིག་དྲ་བ། 2013-10-31
  དེང་སང་ཕོ་མོ་ལ་དབྱེ་བ་མེད་པར་མང་བོ་ཞིག་ཆང་འཐུང་རྒྱུ་ལ་ཆེས་མོས་པའི་རྐྱེན་གྱིས་དགེ་སློབ་མཉམ་གནས་ཀྱི་སློབ་གླིང་དང་། བཟའ་མི་ལྷན་འཛོམས་ཀྱི་ཁྱིམ་གཞིས་སོགས་ན་ཚུལ་མིན་གྱི་སྐྱོ་གར་རབ་དང་རིམ་པ་ཞིག་བྱུང་དང་འབྱུང་བཞིན་ཡོད་པ་ཚང་མས་མིག་མཐོང་ལག་ཟིན་ཡིན་མོད།  ད་དུང་ཕལ་ཆེར་གྱིས་ཆང་ལ་བདུད་རྩི་ཞེས་པའི་མཚན་སྙན་ཞིག་གསོལ་ནས། ཆང་གིས་སྐྱོ་གདུང་མཐའ་དག་ཞི་བར་བྱེད་པ་དང་།ཆང་གིས་གཏམ་གྱི་བང་མཛོད་ཀྱི་ངག་སྒོ་ཕྱེ་བ། ཆང་གིས་སྤོབས་པ་ཆེར་སྐྱེད་ནུས་པ་སོགས་ཆང་ལ་དགེ་མཚན་མང་བོ་ཞིག་བགྲང་ནས་ཆང་གི་བཟི་ཁ་ཡི་འོག་ན་རྒན་གཞོན་གང་མང་ཞིག་གིས་ཤི་མིན་གསོན་མིན་དང་།ཉལ་མིན་ལང་མིན་གྱི་འཚོ་བ་རོལ་བཞིན་པ་ནི་ཅི་འདྲའི་ཡིད་ཕངས་པ་ཞིག་རེད་ཨང་།      
   དེའང་སངས་རྒྱས་ཆོས་ལུགས་ཀྱི་གཞུང་ན་ཆང་ནི་ཉེས་དམིགས་ཀུན་གྱི་རྩ་བ་ཞིག་ཏུ་ངོས་བཟུང་ཡོད་ཕྱིར། དགེ་སློང་ལྟ་ཅི་དགེ་བསྙེན་ལ་སྤང་བྱ་ལྔ་ལས་མེད་ནའང་། དེའི་ནང་དུ་ཆང་འཐུང་མི་ཆོག་པ་བཞག་པའི་རྒྱུ་མཚན་ནི། ཆང་བཏུང་ནས་ར་བཟིར་གྱུར་ན་ཉེས་དམིགས་གཞན་རྣམས་ཀྱང་ངང་ངམ་ཤུགས་ཀྱིས་འབྱུང་སྲིད་པས། ཆང་ནི་དགེ་བསྙེན་གྱི་སྤང་བྱ་ལྔ་ཡི་གཞི་རྩ་རུ་བཞག་པ་རེད། ད་དུང་ནང་བའི་ཆོས་གཞུང་ན།   ཚ་དམྱལ་བརྒྱད་ལས་བཞི་བ་ངུ་འབོད་ཀྱི་དམྱལ་བ་སྟེ། དེར་སྐྱེས་པའི་སེམས་ཅན་རྣམས་ལྕགས་ཀྱི་ཁང་བ་མེ་འབར་བ་ཞིག་གི་ནང་དུ་བཙོ་བསྲེག་བྱས་པ་ན། སེམས་ཅན་དེ་དག་གིས་ཚ་གདུང་མ་བཟོད་པར་ངུ་འབོད་ལྷང་ལྷང་དུ་སྒྲོག་བཞིན་པ་དག་གིས་ཀྱང་།སྔར་ཆང་འཐུང་བ་དང་།ཆང་འཚོང་བ། ཆང་གཞན་ལ་བླུད་པ་སོགས་ཀྱི་རྣམ་སྨིན་ཡིན་པར་བཤད། དེ་ན་སྟོན་པའི་རྗེས་འཇུག་པ་ཞིག་ཡིན་པ་ནས་ཆང་དང་བར་ཐག་བཀྱེད་དགོས་པ་ནི་སངས་རྒྱས་ཆོས་ལུགས་ཀྱི་རྣམ་གཞག་ཡིན་པ་ལས་འཇིག་རྟེན་ཕལ་པ་དག་གིས་ཆང་འཐུང་ཡང་ཉེས་དམིགས་མེད་པར་འདོད་ན། དེ་ནི་ནོར་འཁྲུལ་ཚབས་ཆེན་ཞིག་སྟེ། དཔེར་ན་མི་དམངས་ཀྱི་བདེ་སྡུག་ལ་དོ་སྣང་བྱེད་མཁན་གྱི་དཔོན་པོ་ཞིག་ཡིན་ན། ཁོས་ཉེ་རིང་ཆགས་སྡང་གི་ཕྱོགས་ཞེན་རིང་དུ་དོར་ནས་ཐུན་མོང་གི་སེམས་ཁམས་ལ་འགན་འཁུར་དགོས་བ་རེད། དེ་ནི་ཁོ་ལ་ཁ་ལྕེ་བདེ་བ་ཙམ་དང་ལྟག་སྒོ་མཐོ་བ་ཙམ་གྱིས་མི་ཆོག་པར། ཁོ་ལ་ལེགས་ཉེས་ཀྱི་དབྱེ་བ་འབྱེད་པའི་ཤེས་རབ་དང་བཙན་གཉོམ་གཉིས་གཅིག་ཏུ་བསྡེབས་པའི་སྤོབས་པའང་ལྡན་དགོས་པ་རེད། ཆང་འཐུང་བའི་སྐབས་ནི་དཔྱོད་ཤེས་ཀྱི་ཆ་ཆེས་ཉུང་དུས་དང་།  མཐུ་སྟོབས་ཀྱི་ནུས་པ་ཆེས་ཞན་དུས་ཡིན་པར་བརྟེན། སྔོན་འུ་ཅག་གི་བཙན་པོ་སྲོང་བཙན་སྒམ་པོས་མི་ཆོས་གཙང་མ་བཅུ་དྲུག་གཏན་འབེབས་བྱེད་དུས་ཆང་ལ་ཚོད་འཛིན་དགོས་ཞེས་པ་དང་། རྗེས་སོར་འཕགས་གྲུའི་སྲིད་དབང་གི་རྐང་འཛིན་པ་ཏཱ་སི་ཏུ་བྱང་ཆུབ་རྒྱལ་མཚན་གྱིས་ཀྱང་རླངས་ཀྱི་གདུང་རྒྱུད་ལ་ནག་ཆང་གི་སྐྱོན་འབྱུང་མི་ཆོག་ཅེས་ཁྱབ་བསྒྲགས་བྱས་པ་རེད། དེ་ལྟར་ད་སྐབས་ཀྱང་ཆང་དད་ཆེས་ཆེ་བའི་རྒྱལ་ཁབ་ནི་འཛམ་གླིང་སྟེང་གི་ཆེས་ཐ་མལ་བའི་རྒྱལ་ཁབ་ཏུ་ངོས་བཟུང་ཡོད།
    ཡང་མི་བུ་རང་སྒེར་གྱི་སྟེང་ནས་བཤད་ན། ཆང་འཐུང་བ་ལས་རང་གི་ལུས་ཁམས་ལ་ནད་མང་པོ་འབྱུང་བ་དང་། བཟའ་ཚང་བར་ལ་འཁོན་གཞི་སློང་བ། གྲོགས་ཀྱི་བར་དུ་གསོད་རེས་བྱེད་པ། གསང་བའི་དམ་རྒྱ་དགྲ་ལ་བཤད་པ། ཁྱིམ་གྱི་རྒྱུ་ནོར་སྟོངས་པར་གྱུར་བ། ཕྱི་ཡི་ལུས་ལ་མི་སྡུག་པའི་ཉམས་ཐོན་པ་སོགས་ཉེས་སྐྱོན་གྲངས་ལས་འདས་པ་ཞིག་ཡོད་པས་ཆང་འཐུང་བ་ནི་ཡ་རབས་ཀྱི་བྱ་སྤྱོད་ཅིག་གཏན་ནས་མ་ཡིན་ནོ།།
     དེ་རིང་གྲོགས་ཞེས་གཅིག་དཔུང་གཅིག་གིས་མནན།།
     སང་ཉིན་དགྲ་ཞེས་ང་ཤི་ཁྱོད་གསོན་ཏེ།།
    གཅིག་གི་སྲོག་ལ་གཅིག་གིས་ལག་བཞག་པ།།
    ཕུང་བྱེད་སྨྱོ་ཆུ་འཐུང་བས་ལན་ནམ་ཅི།།
                   ཞེས་སྨྲས་པའོ།། 
                   ༢༠༡༢.༡༢.༡༠.ཉིན་གྲོགས་པོ་གཉིས་བཟི་རྗེས་འཛིང་རེས་བྱས་པའི་ངང་ཚུལ་མཐོང་ནས་ཤར་མར་བྲིས་པའོ།།
 
རྩོམ་ཁུངས། ཀན་ལྷོའི་གསར་འགྱུར།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

ཆང་གི་ཉེས་སྐྱོན།

2013-10-31 བོད་པའི་འཇིགས་སྐྱབས། ཀློག་གྲངས། མཆན ཡོད།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།