ཕྱིར་བལྟས།

ཚེ་རིང་སྒྲོལ་དཀར།༼ནག་ཆུ༽ མཆོད་མེ་བོད་ཀྱི་རྩོམ་རིག་དྲ་བ། 2013-08-27
 མོ་ལོ་ཉེར་གཉིས་ཀྱི་འཚོ་བའི་བགྲོད་ལམ་ནས་ཕྱིར་མིག་གཅིག་བལྟ་དུས་རྩེད་མཚར་གྱིས་ཕྱུག་པའི་བྱིས་པའི་དུས་རབས་དེ་དྲན་བྱུང་།
  མ་གཞི་བསམ་བློ་ཞིབ་མོ་རེ་གཏོང་སྐབས་འདས་དོན་ལ་ཕྱིར་མིག་རེ་བལྟ་རྒྱུ་ནི་རང་སེམས་ལ་རྨ་ཁ་བཟོ་བའི་རྒྱུ་རྐྱེན་ལས་མ་འདས་ཀྱང་འདས་དོན་ལ་ཕྱིར་མིག་དང་འབྱུང་འགྱུར་ལ་བསུ་བ་བྱས་ཏེ་ད་ལྟའི་མི་ཚེའི་དོན་སྙིང་ལ་གཉེར་རྒྱུ་གལ་ཆེ་བར་འདོད།
   ཆ་མེད་ཀྱི་ཡུལ་འདིར་ངེས་མེད་ཀྱི་རྣམ་ཤེས་འཁྱམས་པོ་ཚེ་སྲོག་གི་ལུས་རྟེན་ཞིག་ལ་རྒྱང་བལྟ་བྱེད་བཞིན་ལྟེ་ཕྲག་གི་དྭངས་མ་འཕོ་དུས།  ལྷ་ཡི་ཕེབས་བསུ་དང་ཀླུ་ཡི་རྟེན་འབྲེལ་སོགས་མེད་ན། མེ་ཏོག་གི་ཆར་པ་དང་འཇའ་འོད་ཀྱི་གུར་ཁྱིམ་སོགས་དེ་བས་ག་ལ་ཡོད། རེད་ཨང་། ངུ་སྐད་ཀྱི་སྒྲ་དབྱངས་སྐྱུར་མོ་བར་མེད་དུ་བསྒྲགས་པ་དེ་ནི་ཟང་ཟིང་གི་འཇིག་རྟེན་ལ་མ་འདོད་པའི་རྣམ་འགྱུར་ཡིན་པ་འདྲ། རྩེད་མཚར་གྱི་བྱིས་པའི་དུས་རབས་དེ། ཧམ་སེམས་དང་གཡོ་སྒྱུ་སོགས་ཀྱི་མ་བསླུས་པའི་འཚོ་བ་དྲང་མོ་དེར་ང་རང་ག་དུས་ཡིན་ཡང་ཡིད་སྨོན་སྐྱེས།  ཡིན་ཡང་འཇིག་རྟེན་འདི་འགྱུར་ལྡོག་གི་བདག་ཉིད་དུ་གྲུབ་ཡོད་ཙང་།  ངའི་སེམས་ཁམས་ཀྱང་འགྱུར་ལྡོག་འགྲོ་བ་ནི་ཡ་མཚན་རྒྱུ་ཅི།
   དེ་ལྟར་ངས་མི་མངོན་པའི་མཁའ་དབྱིངས་ནས་རང་ཉིད་ཀྱི་ཕུགས་འདུན་མངོན་འགྱུར་ཡོང་བར་རེ་སྒུག་གི་ལོ་ཟླའི་ཉག་མ་གཅིག་བགྲོད་གཉིས་བགྲོད་བྱས། ཡོན་ཏན་གཞི་རྒྱ་ཇེ་ཆེར་འགྲོ་བ་ལས་སྦྱངས་པ་མཐར་ཐུག་ནི་ཧ་ལམ་རྟོགས་དཀའ་བའི་གསང་བ་ཟབ་མོ་ཞིག་རེད། འོན་ཀྱང་ལས་དབང་གིས་སོ་སོར་གནང་བའི་འགན་འཁྲི་ལ་ལྡོག་དུ་མེད་པའི་ལྷག་བསམ་གྱི་དམ་བཅའ་བརྟན་པོས་འཚེ་མེད་ཞི་བདེ་དང་སའི་གོ་ལའི་དོན་དམ་པའི་བདེ་སྐྱིད་ཀྱི་སླད་དུ་ཀྱག་ཀྱོག་གི་མི་ཚེའི་བཞུད་ལམ་སྟེང་དམིགས་ཡུལ་དང་ཕུགས་བསམ་མི་གཅིག་པའི་ལས་དོན་སྣ་ཚོགས་ཀྱི་རྒྱུད་རིམ་ནང་།  ཕྱི་རོལ་གྱི་འགལ་རྐྱེན་སྣ་ཚོགས་ལས་འདོད་པ་བཙལ་ཡང་མི་རྙེད་ཅིང་།   མི་འདོད་པ་གཅིག་མཇུག་གཉིས་མཐུད་ངང་ཐོག་ཏུ་བབ་པའི་དཀའ་སྡུག་གི་ཁུར་པོ་ལྗིད་པོ་དེ་དག་རང་གིས་དོན་དུ་གཉེར་བ་དང་འགལ་ལ་བར་ཆད་སྣ་ཚོགས་ཡོང་གི་ཡོད།
      མི་ཚེ་ལ་དོན་སྙིང་མེད་པ་ཤེས་བཞིན་མི་ཚེའི་ལམ་ཁ་ལ་རྡོག་ཁ་སྤོ་བཞིན་ཡོད།  དེ་ནི་གཅིག་བྱས་ན་མི་ཚེ་ཡི་ཁྲལ་དུ་སྣང་ལ། གཉིས་བྱས་ན་ལས་ཀྱི་རྣམ་སྤྲུལ། གསུམ་བྱས་ན་གཤིན་རྗེ་ཡི་སྐུལ་མ་ཡིན་ཤས་ཆེ། གང་ལྟར་ཡང་དེ་ནི་གདམས་ཀ་མ་མཆིས་པའི་རྐང་ལམ་ཉག་གཅིག་གོ།
   ཉིན་རེ་བཞིན་ཁོས་མོ་ལ་རྡུང་རྡེག མོས་ཁོ་ལ་འཁོན་འཛིན།  ཁོས་ཁོ་ལ་ང་རྒྱལ། མོས་མོ་ལ་ཕྲག་དོག  མོས་མོ་ལ་འཁོན་ལེན་སོགས་ཞེ་སྡང་ང་རྒྱལ་ཕྲག་དོག་གཏི་མུག་ཁོང་ཁྲོ་སོགས་མ་རིག་པའི་དུས་ཀྱིས་སླད་པའི་སྡུག་བསྔལ་གྱི་རྒྱ་མཚོ་འཁོར་བ་འདིར་སྔར་བས་ཀྱང་ཞེ་ལོག་སྐྱེས་རྐྱེན་ད་ནི་ལམ་ཁ་གཞན་ཞིག་འགྲིམས་འདོད་པས་མགོན་ཁྱེད་ཀྱིས་བདག་ལ་ལམ་སྟོན་གནང་རོགས་མཁྱེན།།
                                                              
རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

ཕྱིར་བལྟས།

2013-08-27 ཚེ་རིང་སྒྲོལ་དཀར།༼ནག་ཆུ༽ ཀློག་གྲངས། མཆན ཡོད།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།