འགན་འཁྲིའི་འདུ་ཤེས་ཀྱི་ཀློང་རིམ།

རྟ་མགྲིན་དབང་རྒྱལ།༼ ལན་ཀྲུ༽ མཆོད་མེ་བོད་ཀྱི་རྩོམ་རིག་དྲ་བ། 2015-02-23

  བྱ་བ་ཆེ་མ་ཆུང་གསུམ་གང་ཡིན་རུང་ཐོག་མའི་ཆ་རྐྱེན་ནི་རང་ངོས་གཞན་ངོས་གང་ཐད་ནས་བལྟས་ན་འགན་འཁྲིའི་འདུ་ཤེས་ལྡན་རྒྱུ་ནི་ཆེས་གལ་ཆེ་བ་ཡིན་ལ།སྤྱི་ཚོགས་ཀྱི་ཆགས་སྟངས་དང་རྒྱལ་ཁབ་ཀྱི་འཕེལ་རྒྱས།མི་རིགས་ཀྱི་ཡར་རྒྱས་སོགས་ཕྱོགས་གང་ལ་གཞིགས་ན་འགན་འཁྲིའི་འདུ་ཤེས་དྲག་ན་འཆམ་མཐུན་དང་དར་སྤེལ་འབྱོར་ཕྱུག་ནི་དུས་ཤིག་གི་སྔ་ཕྱི་ཙམ་མ་གཏོགས་ངེས་པར་དུ་འབྱུང་ཐུབ་པའི་དོན་དངོས་ཤིག་ཡིན་པ་ནི་མིའི་རིགས་ཀྱི་བྱུང་འཕེལ་གྱི་བརྒྱུད་རིམ་ཁྲོད་ནས་ལག་ལེན་བརྒྱུད་སྤྲོད་དང་དོན་དངོས་ཀྱི་ར་སྤྲད་ཡོད་པའི་མཚན་གཞི་གཏིང་ཟབ་ཅིག་ཏུ་འཁུམས།
  དེ་བས་འགན་འཁྲིའི་ཁྱབ་ཆེ་ས་མིའི་རིགས་ཀྱི་ཕྱོགས་ནས་འདང་བརྒྱབ་ན་གནའ་དེང་གི་སྐྱེས་ཆེན་ག་གེ་མོས་མིའི་རིགས་ལ་འབྱོར་ཕྱུག་བསྐྲུན་ཞིང་།གཏུམ་དྲག་གཤིས་ངན་རྩིང་སྤྱོད་ཅན་འགའ་ཤས་ཀྱིས་ཁེ་ཕན་གྱི་ཆེད་མིའི་རིགས་ལ་གནོད་པའི་བགྱི་བ་ལག་ཏུ་བསྟར་བའང་ཡོད།རྒྱབ་ཁབ་ཅིག་ལ་མཚོན་ནས་བཤད་ན་མགོ་ཁྲིད་ཚོས་དམངས་ཡོངས་ཀྱི་ཆེད་དུ་འགན་འཁུར་བ་དང་།དམངས་ཀྱིས་རྒྱལ་ཁབ་དང་མི་རིགས་ཀྱི་སྤྱི་བདེའི་ཆེད་དུ་འགན་འཁུར་བ།དཔེར་ན་ཀྲུང་གོར་མཚོན་ན་མི་རིགས་ང་དྲུག་གི་འདུས་གྲུབ་ཀྱི་རྒྱལ་ཁབ་ཞིག་ཡིན་པས།མགོ་ཁྲིད་ཚན་ཁག་དང་རིགས་སོ་སོས་རང་གཏོགས་ཀྱི་རིག་གནས་ལོ་རྒྱུས་དང་།ཡུལ་སྲོལ་གོམས་གཤིས།ཐོན་རྫས་ཐོན་སྐྱེད།བཟོ་ལས་འཕེལ་རྒྱས་སོགས་གང་ཅིའི་ཐད་འཕེལ་རྒྱས་ཀྱི་འགན་འཁུར་དགོས་ལ།རིག་གནས་ཁྱབ་ཁོངས་དེ་དག་དར་སྤེལ་ཅི་ལྟར་བཏང་ན་དེ་ལྟར་རྒྱལ་ཁབ་ཧྲིལ་བོ།ཡང་ན་མིའི་རིགས་ཀྱི་རིག་གནས་བང་མཛོད་དུ་རིན་བྲལ་ནོར་བུ་བསྣན་པ་མ་ཡིན་ནམ།བལྟོས་ས་བལྟོས་འཇོག་གིས་ཁྱབ་ཆུང་སའི་ཁྱིམ་ཚང་ཞིག་གི་ངོས་ཐད་ནས་བཤད་ན་ཕ་མ་དང་བྱིས་པ་གང་ཡིན་རུང་ཁྱིམ་ཚང་དེའི་ཁོངས་མི་ཞིག་ཡིན་པའི་སྟབས་ཀྱིས་སོ་སོས་རང་བྱས་ཀྱི་འགན་ངེས་པར་དུ་འཁུར་དགོས་པར་གདའ།ཕ་མ་གཉིས་ཀྱི་གཅིག་གིས་འགན་མ་འཁུར་ན་ཁྱིམ་ཚང་གི་དར་རྒུད་ལ་རག་ཆེན་པོ་ལས་ཡོད་པར་སྙམ།དེར་མ་ཟད་བྱིས་པ་ཚོ་ལ་ཡང་ཆུང་དུས་ནས་འགན་འཁྲིའི་འདུ་ཤེས་བཟང་པོ་ཞིག་ངེས་པར་དུ་ཆགས་སུ་འཇུག་རྒྱུ་ཧ་ཅང་གལ་ཆེ་ལ།དེ་ནི་བྱིས་པའི་འཚར་ལོངས་ཀྱི་བརྒྱུད་རིམ་ཧྲིལ་བོར་ཤུགས་རྐྱེན་ཆེས་ཆེར་ཐེབས་པའི་ཀུན་སྤྱོད་ཀྱི་རྨང་གཞིའི་སློབ་གསོ་ཞིག་ཡིན་ཁོ་ཐག་རེད།
ངས་བལྟས་ན་དེར་བསྟུན་གྱིས་འགན་འཁྲི་གླེང་བར་དེའི་ལྡོག་ཟླར་གྱུར་བའི་སྒེར་སྡེམ་ཞེས་པའང་ངེས་པར་དུ་འགྲེལ་དགོས་པར་འདུག ཚིག་མཛོད་དུ་སྒེར་སྡེམ་ཞེས་པ་ནི་སྤྱི་དང་ཐུན་མོང་གི་ལྡོག་ཟླ་སྟེ།གཞན་དབང་ལ་མི་བརྟེན་པར་རང་ཁོ་ནའི་ཁེ་ཕན་ལྟེ་བར་འཛིན་པའི་སེམས་གཤིས་ཤིག་ལ་ཟེར་ཞེས་བཀོད་འདུག དེ་ལྟར་ན་སྒེར་སྡེམ་དེས་རང་ཁོ་ནར་འགན་འཁུར་བ་ལས་གཞན་ཞིག་ལ་འགན་འཁུར་བའི་ལེགས་གཤིས་ཀྱི་ཆ་ཡོངས་སུ་མ་འཐུས་པ་དང་།ད་དུང་ཞིབ་པར་དཔྱད་ན་རང་ནུས་ལ་རློམ་ཆེ་དྲག་པས་གཞན་གྱི་ཁ་ལོ་བསྒྱུར་དྲག་པ་དེའང་སྒེར་སྡེམ་ཐོད་བརྒལ་ཅན་ཞིག་གོ དེ་བས་སྒེར་སྡེམ་གྱི་བསམ་ཚུལ་སྤུ་ཙམ་ཡང་མེད་པའི་མི་ནི་དཀོན་མོད།དེ་ལ་ཡང་ཤེས་རྟོགས་ལྡན་པའི་ཚོད་འཛིན་མ་བྱས་ན་རང་གཞན་སྡུག་ལ་སྦྱར་བའི་མཐའ་འབྲས་འབྱུང་བར་གདོན་མི་ཟའོ།
  དཔེར་ན།ཁྱིམ་ཚང་ལ་ལར་ཕ་མ་བུ་ཕྲུག་ལ་གཅེས་དྲག་པས་ལས་གང་ཡིན་རང་གིས་འགན་འཁུར་བཞིན་བྱམས་དྲག་འགན་འཁྲི་ཐོད་བརྒལ་ཅན་གྱི་བགྱི་སྟངས་འདུག་པས།ལོ་ན་བཅུ་ཕྲག་ལྷག་ལ་སོན་རུང་ད་དུང་རང་ལ་བཟའ་བཅའ་ཞིག་ལས་རྒྱུའང་ཁག་པོར་འདུག་ལ།སློབ་གཉེར་དང་ལས་གང་ཡིན་གྱི་ལག་ལེན་ཁྲོད་ནས་ཕམ་ཁ་དང་ངོ་ཚ་གང་མང་ཉོས་རྗེས་མཐའ་མཇུག་གི་སྡང་སེམས་ཕ་མར་བསྐུར་བར་བྱེད་ཀྱང་རང་ཉིད་ནི་ནུས་མེད་ཡིན་པའི་རེ་ཆད་བསམ་བློ་སྐྱེས་ཤིང་།ལས་གང་ཡིན་ལ་འཇུག་པའི་སྤྲོ་བ་ཅི་ཡང་མེད་པར་ཐ་མར་གཞན་གྱི་བཀོལ་སྤྱོད་ཀྱི་ལག་ཆར་གྱུར་ཞིང་བསྒྱུར་མེད་རང་གཤིས་ཤིག་གིས་ཐ་མར་རང་ཉིད་སུ་ཡིན་ཡང་བརྗོད་དཀའ་བའི་གནས་སུ་འགྱུར་བའང་ཡོད་དོ།དེ་ལས་གཞན་སྲིད་གཞུང་འགན་འཁྲིའི་འདུ་ཤེས་ཅན་ཞིག་ལ་མཚོན་ན།དམངས་སེམས་ཀྱི་ཡིད་ཆེས་དང་དགའ་བསུ་ཐོབ་ལ།རིག་གནས་དར་སྤེལ་དང་སློབ་གསོ་ཡར་རྒྱས་ཕྱོགས་གང་ཅིའི་ཐད་ནས་འདྲ་མཉམ་ཀུན་ཕན་གྱི་ལྟ་བ་མཐུག་པོས་རྒྱལ་ཁབ་སྤྱིའི་དམངས་ཀྱི་བྱང་ཚད་མཐོ་ལ།རྒྱལ་གཅེས་དམངས་གཅེས་ཀྱི་བསམ་བློའི་རླབས་རྒྱུན་དྲག་པོས་སྟོབས་ལྡན་རྒྱལ་ཁབ་ཏུ་མི་འགྱུར་བའི་རང་དབང་ཅི།དེ་ལས་ལྡོག་ན་རྗེས་ལུས་དང་རྨོངས་འཐོམ་དང་ཁ་འཐོར་སོགས་ཀྱི་སྣང་ཚུལ་འབྱུང་བ་ནི་དུས་སྔ་ཕྱི་ཞིག་གི་ཁྱད་པར་མ་གཏོགས་འདེད་རྒྱག་གཏོང་བའམ་ཡང་ན་འགོང་བོར་གཡབ་མོ་བྱེད་དགོས་པ་ཞིག་གཏན་ནས་མ་ཡིན།
  མི་ལ་རས་པའི་རྣམ་ཐར་དུ་མ་མྱང་ཚ་དཀར་རྒྱན་གྱིས་ཁྱིམ་ཚང་གི་འདས་མ་ད་གསུམ་གྱི་གནས་ལ་འགན་འཁུར་ཕྱིར་ཨ་ཁུ་དང་ཨ་ནེ་དག་འབྱོར་ལྡན་ཚོ་ལ་རང་ནུས་ཀྱིས་ངོ་རྒོལ་དང་།རང་གི་ལ་རྒྱ་ཕྱིར་རྩོད་ཕྱིར་མགོ་མ་རྨོངས་བར་བློ་གསལ་བའི་སྒོ་ནས་བུ་ལ་བཀོད་སྒྲིག་ནན་མོ་དང་།བུས་ཀྱང་ཡུན་གྱིས་མ་ཡི་འགན་འཁྲི་དེ་དེང་དུ་བླངས་ཤིང་མཐར་བླ་མེད་གྲུབ་འབྲས་མངོན་པའི་བརྒྱུད་རིམ་ཧྲིལ་བོར་འགན་འཁྲིའི་འདུ་ཤེས་དང་དེང་བླང་གི་རྣམ་པས་ཁྱབ་ཡོད་ལ།ཨ་རི་ལ་ཡང་འདི་འདྲའི་གཏམ་རྒྱུད་ཅིག་ཡོད་དེ།ཆོན་སི་ཟེར་བའི་བུ་མོ་ཞིག་ལ་བྱ་བ་ཞིག་དགོས་ཕྱིར་འོལ་ཚོད་ཀྱིས་ས་གཞན་ལ་འགྲོ་བའི་མེ་འཁོར་ལ་བསྡད་ཅིང་རང་གི་ཁ་ལས་རླུང་རྟ་བཙལ་བར་སོང་།མེ་འཁོར་དེའི་སྟེང་དུ་བུ་བཙའ་རན་པའི་བུད་མེད་ཅིག་འདུག་ལ།ཁོ་མོར་སྐྱེས་ཚད་ལ་ཐོན་འདུག་ལ་ན་ཟུག་གིས་གཟེར་བས།འཁོར་ཁང་གི་བདག་མོས་ནད་གཡོག་མ་ཞིག་ཡོད་མེད་ཀྱི་བརྡ་བཏང་ཞིང་ཚང་མ་བུད་མེད་དེའི་དོན་དུ་འཚུབ་ཆ་ལངས་སྐབས་ཆོན་སི་སེམས་ཆུང་སྒོས་སོང་སྟེ་འཁོར་ཁང་གི་བདག་མོར་གསལ་བརྡ་བཏང་ཞིང་གདེང་ཚོད་ཅི་ཡང་མེད་པའི་སྒོ་ནས་ནད་པའི་ཉེ་སར་བཅར་ཞིང་།བུ་སྐྱེས་རོགས་བྱས།མ་བུ་བདེ་བར་གྲོལ་ཐུབ་སོང་མོད།བྱིས་པའི་དབང་ལྔར་སྦྲུམ་ཆུ་འཐིམས་ཟིན་པས་དབུགས་ཆད་སོང་བ་འདྲ།འོན་ཀྱང་ཁོ་མོས་ཁ་ཡིས་བྱིས་ཁ་སྣ་འཇིབས་པས་དེ་མ་ཐག་བྱིས་པའི་ངུ་སྐད་སིང་ངེ་བས་འཁོར་ཁང་ཡོངས་སུ་ཁྱབ་པར་གྱུར།ཚང་མ་ཧ་ལས་སོང་ལ་འབབ་ཚུགས་སུ་ཐོན་རྗེས་གཉེན་ཉེ་འབྲེལ་ཚང་མས་ཁོ་མོར་བཀའ་དྲིན་ཡང་ཡང་ཞུས།
  བློ་ཕམ་ཡི་ཆད་ཀྱིས་ཁོ་མོར་བྱ་བ་ཅི་ཡང་མ་རེག་པར་དོན་དེ་འདས་ཏེ་ཉིན་ཉི་ཤུ་འགོར་རྗེས་འཕྲིན་ཡིག་ཅིག་ཐོན་བྱུང་ལ།སྨན་ཁང་ཞིག་གིས་ཁོ་མོ་ཐད་ཀར་གདན་འདྲེན་བྱེད་ཀྱིན་འདུག་ལ།དེ་ནི་ཁོ་མོར་འགན་འཁྲིའི་འདུ་ཤེས་སྟུག་པོས་ཡིན་ཟེར།དོན་དངོས་ཀྱི་དཔེ་གཞི་འདི་གཉིས་ལ་གཞིགས་ཏེ་བཤད་ན་བྱ་བའི་བརྒྱུད་རིམ་ཧྲིལ་བོར་འགན་འཁྲིའི་འདུ་ཤེས་ཀྱིས་ཡོངས་སུ་བསྟིམས་པའི་ཕངས་མེད་ཀྱི་བརྩེ་བ་ཞིག་འཁྱིལ་འདུག་པས།རང་བློ་ལས་འགོངས་བའི་མཐའ་འབྲས་དེ།ཀུན་ཕན་ཀུན་གཞིགས་ཀྱི་རྒྱ་ཆེན་དཀྱིལ་འཁོར་ཞིག་ངང་གིས་བསྐྲུན་འདུག་པ་མ་ཡིན་ནམ།
  ད་དུང་སློབ་ར་རུ་འདི་དང་འདི་ལྟ་བུའི་དཔེར་མཚོན་མང་སྟེ།ཉིས་སྟོང་བཅུ་ལོར་དམའ་འབྲིང་གི་སློབ་བུ་ཞིག་གིས་ཟླ་གམ་མཚེའུ་ནས་བྱིས་པ་ཞིག་གི་སྲོག་བསྐྱབ་པ་དང་།སློབ་གྲོགས་ཚོས་གཟའ་འཁོར་རེ་རེར་མི་བཟང་དོན་བཟང་གི་བྱ་འགུལ་མང་པོ་སྤེལ་དང་སྤེལ་བཞིན་མུས་སུ་ཡོད་ལ།བུས་མ་ལ་འགན་འཁུར་བ་དང་།ཕུ་བོས་ནུ་བོར་འགན་འཁུར་བ་སོགས་སྤྱི་ཚོགས་ཀྱི་རིམ་པ་སོ་སོར་ཡིད་འགུལ་ཐེབས་ཐུབ་པའི་འགན་འཁྲིའི་གཏམ་རྒྱུད་བསྐྲུན་དང་བསྐྲུན་བཞིན་མཆིས་མོད།དེ་ལ་དེར་བསྟུན་གྱི་སྐུལ་སྤེལ་དང་ཡར་སྐུལ་གཟེངས་བསྟོད་དྲན་གསོ་སོགས་མ་བརྒྱུད་ན།ན་ཆུང་གི་ཡང་དག་པའི་མི་གཤིས་ཀྱི་ཆགས་སྟངས་དེ་ཚད་གྲུབ་ཀྱི་རིམ་པར་མ་སླེབས་པར་འགྱུར་འགྲོ་ལ།སློབ་གསོའམ་གསོ་སྐྱོང་ཞེས་པར་ངོ་བོའི་སྟེང་གི་འགྱུར་བ་འབྱུང་བ་ནི་སྨྲ་མི་དགོས་པ་ཞིག་གོ ལྷག་པར་དུ་སྐྱེས་ཆེན་གྱི་རྣམ་ཐར་དང་རྟོགས་བརྗོད།གཏམ་རྒྱུད།ལོ་རྒྱུས་ནམ་ཡང་དྲན་པའི་སྣང་ངོར་འཇོག་ཅི་ཐུབ་བྱེད་དགོས་ལ།ཁོ་ཚོའི་འགན་འཁྲིའི་འདུ་ཤེས་ཀྱི་ཀློང་རིམ་དེར་སིམ་འཛུལ་བྱེད་པའི་སྤྲོ་སློང་གི་ཐབས་ལམ་ལ་ནམ་ཡང་གཞོལ་དགོས་པར་འདུག རྟོག་བཟོ་ཡིན་ནའང་ཆོག་དངོས་བྱུང་ཡིན་ནའང་ཆོག་གཙོ་བོ་ཆུང་དུས་ནས་བློ་ཤེས་པ་ཅན་གྱི་བློ་ཁོག་ཅིག་གི་རྨང་བཏིང་ན་དེབ་ངོས་ཀྱི་ཤེས་བྱ་ནི་རིག་གསལ་ཚོས་མི་རྟོགས་པ་མི་འབྱུང་བ་ཞིག་གང་ན་ཡོད།དེ་ལྟ་བུའི་འགན་འཁྲི་དེར་ལུས་སེམས་གཉིས་ཀྱི་ཐད་ནས་དཀའ་སྡུག་གི་བརྒྱུད་རིམ་རིང་ཐུང་སྣ་ཚོགས་ཚོགས་སུ་རྒྱུ་དགོས་རྐྱེན་མི་གང་མང་གིས་དེ་རྒྱུན་མི་སྐྱོང་བའམ་ཁེ་ཕན་ཞིག་ཐོབ་མིན་ནམ་ཡང་ན་རང་གི་བདེ་ཐང་ངམ་བདེ་འཇགས་གཙོ་བོར་འཛིན་དྲག་པའི་སྒེར་སྡེམ་གྱིས་ངོ་མཚར་བའི་མིའི་སེམས་ཤུགས་ཀྱི་འཇོན་ནུས་དེ་འཇམ་ཐིང་ངེར་དུར་དུ་སྦས་བར་བྱེད།དེའང་གཙོ་བོ་ཆུང་དུས་ནས་རང་ལྟེ་བར་འཛིན་པའི་དཔེ་སྟོན་བྱེད་རྒྱུ་མང་དྲག་པའམ་རང་མཆོག་འཛིན་གྱི་ལྟ་བ་བརྒྱུད་བསྒྲགས་བྱེད་རྒྱུ་མང་སོང་བ་སོགས་སྒྱིད་ལུག་གི་སེམས་ཁམས་ཤོས་ཆེ་བས་ཡིན་པར་འདོད།སྒེར་སྡེམ་གྱི་རྩ་བ་ཇི་ལྟར་སྟུག་ན་དེ་ལྟར་འགན་འཁྲིའི་འདུ་ཤེས་ཇེ་སྲབ་ཏུ་འགྱུར་བའི་ཉམས་ཉེན་རྒོད།ལྷག་ཏུ་གླེང་དགོས་པ་ནི་ཆུང་དུས་ཀྱི་ཐོག་མའི་བག་ཆགས་ཀྱི་བརྒྱུད་རིམ་དེ་ཧ་ཅང་གལ་ཆེ་བར་འདོད།
  དེ་བས་ང་ཚོའི་ད་ལྟའི་སྤྱི་ཚོགས་སུ་འགན་མི་འཁུར་བའི་དོན་དག་སྣ་ཚོགས་ཡོད་དེ།དཔེར་ན།ལས་ཁུངས་ག་གེ་མོས་ལས་བཟོ་བའི་ཡིག་ཚགས་སྒྲིག་པ་ཞིག་ལ་མཚོན་ན།དུས་ཐུང་ཞིག་གི་ནང་རང་གི་འབྲེལ་ཡོད་ཡིག་ཆ་ངེས་པར་དུ་ཁྱེར་ཡོང་དགོས་པ་དང་།གལ་ཏེ་དུས་ལྟར་མ་ཐོན་ན་མཇུག་འབྲས་རང་གིས་འགན་འཁུར་དགོས་ཞེས་པའི་བརྡ་ཐོ།མགོ་ཁྲིད་རིམ་པས་འཚོགས་འདུ་ཆེ་མ་ཆུང་གསུམ་དགའ་ཁ་འཁྱེར་ཕྱོགས་ལྟར་གང་འདོད་དུ་ ་བསྡུས་ཤིང་།ལས་བཟོ་བར་གཤེ་གཤེ་ཡིད་ཚིམས་པ་ཞིག་བྱས་ཏེ་དཀའ་སྡུག་ཡོད་ཚད་ཆུ་རུ་འདེབས་པའི་ངང་ཚུལ་གྱིས་མི་སེམས་བསད་ཅིང་སྤྲོ་བ་ཉིལ་ཏེ་སྒྲིག་ཁྲིམས་བཅའ་ཁྲིམས་ལས་བཙན་པ་ཞིག་བཞག་ཅིང་།རང་ཉིད་ནི་ཀུན་གྱི་དཔེ་སྟོན་འདྲ་མ་ཞིག་ཡིན་པའི་ཐལ་དྲག་པའི་ཐག་གཅོད་རང་བཞིན་བྱས་ཏེ།མཐའ་གཅིག་ཏུ་བྱ་བ་ཀུན་གྱི་མཇུག་འབྲས་ཐག་གཅོད་པར་བྱེད་དོ།དེ་ལྟ་བུའི་སྒེར་སྡེམ་ཞིག་གིས་མི་རང་ཉིད་ཀྱི་བསམ་བློ་སྔོན་དུ་བཀོད་ཅིང་།མི་ཀུན་གཅུན་སྡོམ་བྱེད་པ་ནི་སྤྱི་འགལ་གཅིག་ཕན་གྱི་རང་བཞིན་མངོན་གསལ་ཡིན་ནོ།།
  དེ་ནས་སློབ་གྲྭ་སོ་སོར་མཚོན་ན།རྒྱུགས་འབྲས་གཙོར་འཛིན་གྱི་ལམ་ལུགས་ལག་ཏུ་བསྟར་ཞིང་།རྒྱུགས་འབྲས་དེ་ཐད་ཀར་དགེ་རྒན་དེའི་ལས་འབྲས་མི་གཤིས།སློབ་མའི་འཇོན་ཐང་ཀུན་སྤྱོད་སོགས་ཕྱོགས་སྣ་མང་ལ་འབྲེལ་བས་རྒྱུགས་གཞི་གཙོ་བོར་བཟུང་སྟེ་མི་གཤིས་ཐག་གཅོད་ཀྱི་དོག་ལམ་དེར་ཤེས་མེད་ཚོར་མེད་དུ་ཞུགས་ཤིང་ཕུན་སུམ་ཚོགས་པའི་མིའི་འཇོན་ནུས་གསོ་སྐྱོང་གི་བགྱི་བ་དེ་ཕར་ལ་བསྐྱུར་སོང་བ་རེད།
  འཇོན་ནུས་ལ་དོ་སྣང་མི་བྱེད་པ་ནི་སློབ་གསོ་མ་ཤེས་པ་དང་ཕྱི་ཚུལ་གཙིགས་ཆེན་དུ་འཛིན་རྒྱུ་ཆེས་དྲག་པས་ཡིན།ཕྱི་ཚུལ་ཁོ་ནས་ལུས་གཟུགས་མི་གྲུབ་པ་བཞིན་གྱོན་གོས་བཟོས་རུང་བཀལ་ཏེ་བསྐྱུར་དགོས་པ་ལས་གྱོན་མཁན་གྱི་མི་འོས་འཚམ་ཞིག་ཅི་ལྟར་ཁྲིད་ཡོང་།དེ་ལྟར་ཡིན་ཚེ་མི་གཤིས་བསྐྱུར་ཟིན་ལ་སེམས་གཤིས་ལ་སྤྱིར་དོ་སྣང་བྱེད་དུ་མེད་པ་རེད།འཇོན་ནུས་ཀྱིས་གཤིས་ཀ་གྲུབ་པར་ངེས་ཤིང་།གཤིས་ཀ་དེས་འཇོན་ནུས་ཅི་འདྲ་ཞིག་ཡིན་པར་ཐད་ཀའི་ཤུགས་རྐྱེན་ཐེབས་བཞིན་ཡོད་པས་སོ།
  དེ་ཡང་ཁྱིམ་དང་སློབ་གྲྭའི་སློབ་གསོ་རྨང་མཐུག་པའི་གཞོན་སྐྱེས་ཤིག་ལ་མཚོན་ན་ཁོ་རང་སྟེང་གི་ལེགས་ཆ་མང་པོ་ཞིག་གཤིས་སྤྱོད་སློབ་གསོ་བྱས་གྲུབ་པར་མངོན་ལ།འཇོན་ནུས་གང་མང་ཞིག་སློབ་གསོ་དེའི་བརྒྱུད་རིམ་ཁྲོད་ནས་བྱུང་བའི་མྱོང་རྟོགས་ཟབ་མོའི་རྒྱུ་བཟང་པོ་ཡིན་པ་ནི་སྨོས་མེད་རེད།
  མདོར་ན།མིའི་རིགས།རྒྱལ་ཁབ།དམངས་སྲིད་དང་མིའི་ཁེ་དབང་།སློབ་གསོ།མི་ཆོས་སོགས་ཕྱོགས་གང་ཐད་ནས་འགན་འཁྲིའི་འདུ་ཤེས་མི་ལྡན་པའི་ཐུན་མོང་དེ་དབུལ་བོར་འགྱུར་ངེས་ལ།ས་སྒང་ནས་མཚན་བྱང་ཙམ་མ་གཏོགས་མ་ལུས་པའི་ཉེན་ཁ་ཆེ་ལ།མི་གཤིས་བརྩི་མཐོང་མི་བྱེད་པའི་ཐུན་མོང་ཅིག་གྲུབ་དཀའ་བར་མངོན།རྒྱུ་མཚན་ནི་ཕས་ཁྱིམ་ལ་འགན་མི་འཁུར་བ་དང་།མས་བུ་ཕྲུག་ཚོ་སྣང་མེད་དུ་འཇོག་པའི་ཁྱིམ་གཞིས་ཤིག་ལ་བདེ་བ་ཞིག་ཡོད་སྲིད་དམ།དགེ་རྒན་སློབ་མའི་ཡར་ཐོན་ལ་དོ་ཁུར་མི་བྱེད་པ།སློབ་མ་སྦྱོང་བརྡར་ལ་གཙིགས་ཆེན་མི་བྱེད་པ་སོགས་ལ་ཁྱད་འཕགས་ཀྱི་འབྲས་བུ་མི་ཐོབ་པ་བཞིན་ཆར་ལ་མེད་པར་བརླན་གཤེར་རྒྱས་རྒྱུ་ཞིག་དང་།སྒྲོན་མེ་མེད་པར་མུན་པ་གསལ་རྒྱུ་གཏན་ནས་ཡོད་སི་སྲིད་དོ།དེ་བས་འགན་འཁུར་རྒྱུ་དེར་ཆེ་ཆུང་དང་ལོ་ཚོད།དབུལ་ཕྱུག་གང་གི་ཚད་བཀག་མེད་ལ།ཤེས་རྒྱ་དང་ནུས་སྟོབས་ཀྱི་ཧེ་བག་སྤུ་ཙམ་ཡང་མེད།དེ་བས་ཚང་མས་ཐུན་མོང་བསམ་བཞིན་ངོ་སོ་ཕར་གཡུག་སྟེ་འགན་གཅིག་ལྕོགས་སུ་བཞེས་རྒྱུ་ནི་ཧ་ཅང་གལ་ཆེ་བར་སྙམ།
        སྨྲས་པ། འགན་འཁྲི་ལྷ་ཡི་སྟོབས་ཀྱིས་བསྐྲུན་མ་ཡིན།།
                     སྒེར་སྡེམ་བདུད་ཀྱི་འཕྲུལ་གྱིས་གྲུབ་མ་ཡིན།།
                     སོ་སོས་རང་རང་གཏོགས་པའི་ལས་བསྒྲུབ་ལ།།
                     བརྩེ་བ་དྭངས་མོས་སྒྲིམ་པ་གལ་ཆེར་གཞིགས།།

(མཆོད་མེའི་པར་དབང་གཞན་གྱིས་དགོལ་མི་རུང)
 
རྩོམ་ཁུངས།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

འགན་འཁྲིའི་འདུ་ཤེས་ཀྱི་ཀློང་རིམ།

2015-02-23 རྟ་མགྲིན་དབང་རྒྱལ།༼ ལན་ཀྲུ༽ ཀློག་གྲངས། མཆན ཡོད།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།