སྟོང་ཁམས་དང་ཁྱོད་ཀྱི་བར་ཐག

  ད་ལྟའི་དུས་འདིར། ཁྱོད་ཀྱིས་རང་ཉིད་ལ་ཉིན་བཞིན་དྲི་བ་འདྲི་དགོས་པ་བརྗེད་ཀྱི་འདུག དོན་ངོ་མར། ཁྱོད་ཀྱི་སེམས་ཁམས་ཧྲིལ་བོ་ངལ་དུབ་ཀྱིས་ཁེངས་ཤིང་། ལུས་པོའི་ཕྱི་ནང་ཐམས་ཅད་ཁུར་བོ་ལྕི་མོ་ཞིག་གིས་ཡོངས་སུ་བསྣན་ཡོད། དེ་ནི་ཁྱོད་ཀྱི་འདས་ཟིན་པའི་ཕམ་ཁ་དང་བགྲོད་ལམ་གྱིས་བསྐྱེད་པ་མིན་པར། མ་འོངས་པའི་འདུན་པ་དང་རྒྱང་བཞུད་ཀྱི་འདོད་པ་ལས་བྱུང་བ་རེད། ཁྱོད་ཀྱིས་སླར་ཡང་རང་ཉིད་ལ་སྔར་ལྟར་དྲིས་ཤིག་དང་། ཁྱོད་ནི་སུ་ཡིན་ནམ། ཁྱོད་ལ་དགོས་པ་ཅི་ཞིག་ཡིན་ནམ།
  མི་ལོ་བཅུ་ལྷག་གི་རིང་ལ། ཁྱོད་ཀྱིས་རང་ཉིད་ལ་ག་རེ་དགོས་པ་ཡོངས་སུ་ཤེས་སོང་སྙམ། མི་ལོ་བཅུའི་དུས་ཡུན་སྤྱད་ནས་ཁྱོད་ཀྱིས་ཅི་ཞིག་ལ་བརྩོན་པ་དྲག་པོ་བྱས་ཤིང་། ལམ་གྱི་གཡས་གཡོན་དུ་བསྲིངས་པའི་ལག་པ་རྩིབ་མོའི་རིགས་ལ་རྒོལ་བ་གཅིག་མིན་བརྩམས། དེ་དུས། ཁྱོད་ནི་དཔའ་སྤོབས་དང་ང་རྒྱལ་གྱིས་འགྲེང་བའི་གཞོན་ནུ་ཞིག་སྟེ། རི་ཁྲོད་ཀྱི་མཐོ་སར་བུད་ནས་ཉི་འོད་དང་རང་དབང་བཙལ། ཁྱོད་ཀྱིས་རང་དབང་གང་དུ་ཡོད་པ་མ་རྟོགས་ཀྱང་། རང་དབང་ནི་ཁྱོད་ཀྱི་རྨི་ལམ་ལ་འཁོར་བའི་བྱ་ཕོ་དཀར་བོ་ཡིན་པའི་ངེས་ཤེས་རྙེད། རང་དབང…… རེ་ལྟོས་དང་ཞེད་སྣང་གི་མཁར་རྫོང་དུ། ཁྱོད་ནི་རང་དབང་གིས་བཏགས་པའི་བྲན་གཡོག་ཅིག
  རྨི་ལམ་དང་རང་དབང་སྐྱ་འཐབ་པའི་གཞོན་དུས་ཀྱི་ཚེ་སྲོག་ཁྲོད། ཁྱོད་ཀྱིས་ཡི་གེ་དང་མཚོན་ཆ་ཐོགས་ཏེ་སྣང་བའི་ཕྱི་ནང་ལ་འོས་ལངས་བརྩམས་ཤིང་། ཁོག་པ་སྟོབས་ཀྱིས་ཁེངས་པའི་དཔའ་སྐད་ཕྲ་མོ་དེས། ཉེ་འཁོར་གྱི་ལྷིང་འཇགས་ཡོངས་སུ་དཀྲོགས། མུན་ནག་ཁྲོད་ཉལ་ལྭ་གྱོན་པའི་བགྲེས་པོ་ཚོས། ཁོང་ཅག་གི་དྲོད་འཇམ་གྱི་གཉིད་ཐུན་ལ་བར་ཆད་བྱས་པར་དམོད་བོར་ཡང་། ཁྱོད་ཀྱིས་དེ་དག་ལ་ཅི་མི་སྙམ་པར་ཨམ་གཙིགས་དང་བཅས་ཏེ་དཔའ་རྟུལ་གྱི་རང་གཟུགས་བསྟན། དེ་དུས། ཁྱོད་ནི་རང་ཉིད་ཁོ་ན་ལས་མི་མཐོང་བའི་དྲི་མ་བྲལ་བའི་གཞོན་ནུ་ཞིག་སྟེ། གཞོན་ནུའི་མཁའ་དབྱིངས་སུ་ཁྱོད་ཀྱིས་རང་ཉིད་དང་རང་དབང་མ་གཏོགས་སུ་ཡང་མེད་པ་ཚོར།
  ཁ་སང་། ཡོངས་སུ་སོང་ཚར། དེ་དག་ཐམས་ཅད་ནི་ཁྱོད་ཀྱི་ཁ་སང་རེད། ཁ་སང་གི་གཏམ་རྒྱུད་རེད། ད་ལྟ་ཁྱོད་ལ་དེ་རིང་དང་སང་ཉིན་ལས་ལྷག་ཡོད་པ་མ་རེད། ཁྱོད་ཀྱི་ད་ལྟ་ནི། སྐྱོ་འཚེར་དང་སྟོང་སྣང་གིས་གདུང་བའི་ཉིན་མོ་ཞིག་སྟེ། གཞུང་ལས་ཁང་གི་རྩིས་འཕྲུལ་གྱི་མདུན་དུ་བསྡད་ནས། རང་ཉིད་ལ་ཅི་ཡང་མེད་པ་དྲན། དེ་ལྟར་བཤད་ན། སྙིང་ཉེ་བའི་མཛའ་མོ་དང་གནས་སྐབས་ཀྱི་འཚོ་ཐབས་ཕུད་པའི་བྱ་བ་ཙམ་ཞིག་ཡོད་ཀྱང་། དེ་ཙམ་གྱིས་ཡིད་ག་ལ་ཚིམ། ཡུན་རིང་བརྣགས་པའི་རང་ཉིད་ཀྱི་རླབས་ཆེན་ཕུགས་འདུན་དྲན་ཐེངས་རེ་རེར། སེམས་ཁམས་ཧྲིལ་བོར་ཡིད་མི་བདེ་བས་ཡོངས་སུ་ཁྱབ།
  སྤྱིར་བཏང་ཕུགས་འདུན་ལ་བརྩོན་པ་ནི་སྤྲོ་སྣང་གི་ལས་ཤིག་ཡིན་པར་གདམས་ཀྱང་། ཁྱོད་ཀྱིས་ཕུགས་འདུན་གྱི་འགོ་གང་ནས་བརྩམ་དགོས་པ་ཇི་ལྟར་ཤེས། ཡུན་རིང་ལ་བསམ་བློ་བཏང་རྗེས། ཁྱོད་ཀྱི་འཚོ་བའི་ཁ་དོག་མོག་པོར་གྱུར་ཅིང་། རང་དབང་ཡང་མོག་པོར་གྱུར། ཁྱོད་ཀྱིས་ཡང་སྙིང་རང་ཉིད་སུ་ཡིན་པ་གཏན་ནས་མ་ཤེས། ལོ་ཟླ་མང་བོར་མི་ཚོགས་ཀྱི་ཀློང་དུ་ཕྱིན་པས། ཁྱོད་ལ་ཐོབ་པ་ནི་འཇིགས་སྐྲག་དང་ཡིད་ཕམ་རེད། ཁྱོད་ཀྱིས་མཐོང་བ་ནི་མྱ་ངན་གྱི་ཐང་དང་བྱེ་མའི་རྒྱབ་རི་རེད། དུས་འདིར། མི་རྣམས་ཕམ་ཁ་ལ་དངངས་ཤིང་རྒྱལ་ཁ་ལ་ཞེན་ཆགས་སྐྱེ་བར་ཁག་མེད་པ་ཙམ་ཚོར་མོད། ཡང་སྙིང་རྒྱལ་ཕམ་ཞེས་པ་ག་རེ་ཡིན་ནམ། ཁྱོད་ལ་མཚོན་ན་འདིའང་རབ་རིབ་ཀྱི་འདྲི་གཞི་ཞིག་ཏུ་གྱུར།
  མི་ཚོགས་མང་བོའི་བཞི་མདོ་ཞིག་ཏུ། ཁྱོད་ཀྱིས་མིག་མདུན་ལ་ལྟ་བཞིན། འཁྲབ་ལྭ་སྣ་ཚོགས་བཀླུབས་པའི་ཁོ་ཚོའི་འཁྲབ་སྟོན་ལ་སེམས་གཏིང་ནས་ཞེ་མེར་ལངས། ཁྱོད་ཀྱིས་རང་ལ་བལྟས་ནས་ངུ་དགོད་འཆོར་ཞིང་། གཞན་ལ་བལྟས་ནས་ཀྱང་ངུ་དགོད་འཆོར། ཡོད་ཡོད་འདྲ་ལ་མེད་མེད་འདྲ་བའི་ཕ་རོལ་དང་ཚུར་རོལ་གྱི་བང་རིམ་སྟོངས་པར་རྟོགས་པས། ཡི་གེར་འཕོས་མི་ཤེས་པའི་འདུ་ཤེས་ཀློང་གི་སྙན་ངག་དེ་དག་ཀྱང་། ད་ཆ་དགོས་མེད་ཀྱི་སྙིགས་རོ་ཙམ་དུ་ལུས་སོང་།
  ཁྱོད་ཀྱི་ལས་སྐལ་ནི་སྟོང་བའི་མཁའ་དབྱིངས་སུ་ངེས་མེད་བསྐྱོད་པའི་ལོ་མ་ལྡོམ་པོ་དེ་དག་དང་ཤིན་ཏུ་མཚུངས་ཤིང་། ཁྱོད་ཀྱི་འཇིག་རྟེན་ནི་ཟུར་སྣེ་གང་དུ་ཡང་མི་ཐེ་བ་འདྲ་སྟེ། མིག་མདངས་ལ་ཉི་འོད་རྒྱག་པའི་དབྱར་ལྗོངས་ཤིག་རྦད་དེ་རག་མི་འདུག མ་གཞིར་དང་ཐོག་འགོ་བརྩམས་པ་མཐའ་དག་འཆུགས་ཡོད་སྲིད་དེ། ཁྱོད་ཀྱིས་དེ་སྔོན་བསྒྲུབས་པ་ཡོད་ཚད་རང་དང་འབྲེལ་བ་མེད་པར་གཏོགས་ཤིང་། ཡིད་ཡུལ་ལ་འཁོར་བ་ཐམས་ཅད་རང་ལ་དགོས་མེད་ཀྱི་དོན་བྱ་གཞན་ཡིན་ཡང་སྲིད། ཐ་ན་མདུན་གྱི་དཔེ་སྒྲོམ་ནང་བཤམས་པའི་རྒྱ་བོད་ཀྱི་དཔེ་དེབ་མཐུག་པོ་དེ་དག་ཀྱང་། ཆེད་དུ་ཁྱོད་ཀྱི་ཚེ་སྲོག་ལ་གཤེ་བའི་ཁྲམ་པ་འགའ་དང་འདྲ་ལ། ཀུ་ཤུ་བཟས་འཕྲོ་རྒྱབ་ལོག་ཏུ་བཏོད་པའི་རྩིས་འཕྲུལ་དེས་ཀྱང་། ད་ནི་ཁྱོད་ལ་རེ་བའི་དྲོད་ཁོལ་སྤུ་ཙམ་སྟེར་གྱི་མི་འདུག
  འདི་ལྟར། གྲགས་པའི་གཟབ་མཆོར་སྤྲས་པའི་གཞན་མིའི་གཏམ་རྒྱུད་ཁྲོད། ཁྱོད་ཀྱིས་ཡིད་དུ་འོང་བའི་མི་ཡུལ་གྱི་སྐྱེད་ཚལ་མ་མཐོང་ཁར། བདེན་ལུགས་ཀྱི་ཀུ་ཅོ་སྒྲོག་པའི་རོལ་རྩེད་དེ་ཚོས་ཀྱང་ཁྱོད་ཀྱི་སེམས་ཁ་གསོ་ཐབས་མ་རྙེད་ཕྱིར། དཔེ་ཀློག་དང་བསམ་གཞིག་མང་བོ་བྱས་པས། ཁྱོད་ཀྱི་ཤེས་རབ་ཀྱི་མ་རྩ་བརྡིབས་ཤིང་། སྤྱི་ཚོགས་དང་འཚོ་བའི་ཀློང་ལ་བཅར་བས། ཁྱོད་ཀྱིས་རང་ཉིད་ཡོངས་སུ་བོར། མི་ཚེ། རིན་ཐང་། བདེན་པ…… ཐམས་ཅད་མཚན་ཐུན་གཅིག་གི་ཤོག་སྦག་འགའ་དང་ལྷན་ཅིག སྐད་སྒྲ་ཙམ་གྱིས་མི་མངོན་པའི་དབྱིངས་སུ་ཡལ། དུས་ད་ལྟ་ཁྱོད་ལ་ཅི་ཡང་ལྷག་མི་འདུག ཐ་ན་ཁྱོད་ལ་ཁྱོད་ཉིད་ཙམ་ཡང་ལྷག་མི་འདུག །
                      ༢༠༡༤.༡༠.༢༦ཉིན།  

(མཆོད་མེའི་པར་དབང་གཞན་གྱིས་དགོལ་མི་རུང)
 
རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

སྟོང་ཁམས་དང་ཁྱོད་ཀྱི་བར་ཐག

2015-03-15 སྒོ་ཡོན། ཀློག་གྲངས། མཆན ཡོད།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།