དབུས་གཙང་ཡུལ་གྱི་མཐོང་སྣང་།

མྱིག་གཅོད།༼ རྨ་ཆུ ༽ མཆོད་མེ་བོད་ཀྱི་རྩོམ་རིག་དྲ་བ། 2015-05-06

  ༢༠༡༥ལོའི་ཟླ་༤ཚེས་༢༠ཉིན་གྱི་དུས་ཚོད་༡༠ཡས་མས་ལ་ང་རང་གསར་དུ་བསྐྲུན་པའི་བསང་ཆུའི་གནམ་གྲུ་འབབ་ཚིགས་ནས་ལམ་ལ་ཆས་ཏེ་ཉི་མ་ལྷ་སར་ཐོན། དེང་སང་འགྲིམ་འགྲུལ་སྟབས་བདེ་བས་ན་ཨ་མདོ་བ་ལྷ་སར་འགྲོ་རྒྱུ་མང་ལ་དབུས་གཙང་བ་ཡང་དེ་སྔ་དང་མི་འདྲ་བར་མདོ་ཁམས་ཀྱི་ཕྱོགས་སུ་ཡོང་རྒྱུ་ཇེ་མང་རེད་ཅེས་ཡུལ་སྐོར་སྣེ་ཤན་པ་རྣམས་ཀྱིས་བཤད།ཁ་རྒྱུན་ལ་སྣེ་ཤན་པའི་མེད་པའི་ཡུལ་སྐོར་ནི་རྣམ་ཤེས་མེད་པའི་ཡུལ་སྐོར་རེད་ཅེས་ཟེར་མོད། མཇལ་སྐོར་ལ་འགྲོ་བའི་བོད་པ་རྣམས་ལ་མཚོན་ན་སྣེ་ཤན་པ་ཞིག་ཡོད་ཚོད་མི་འདུག དེའི་ཐོག་ནས་བོད་མི་མཇལ་སྐོར་བ་ཚོ་ལ་རིག་གནས་མེད་པ་དེ་མཚོན་ཐུབ། རིག་རིག་ཐུག་ཐུག་ལ་མགོ་གཏུག་པ་ལས་རིག་གནས་ཀྱི་རིན་ཐང་ཉམས་སུ་མྱོང་མི་ཐུབ། སྤྱིར་ང་ཚོ་གནས་སྐོར་བ་ཞིག་ལ་མཚོན་ན། གནས་གར་སོང་ཟེར་ན་འདིར་སོང། ལས་གང་བྱས་ཟེར་ན་འདིར་བྱས་ཟེར་བ་ཞིག་དགོས་མོད་ང་ཚོ་ལ་དེ་འདྲའི་གོམས་སྲོལ་མེད།

              ལྷ་ལྡན་གྲོང་ཁྱེར།

  ཐེངས་འདིར་ང་རང་ལྷ་སར་བགྲོད་པ་ཐེངས་གསུམ་པ་ཡིན། ལྷ་ས་ནི་མིང་དོན་མཚུངས་པའི་བོད་ཀྱི་གྲོང་ཁྱེར་གཅིག་པོ་དེ་ཡིན་ལ། ལྷ་ས་དང་བསྡུར་ན་བོད་གྲོང་གཞན་དག་ནི་ཡ་མ་ཟུང་དུ་ཟད། ལྷ་སར་རྩམ་དྲི་མར་དྲི་ཡོད་པས་ན་མགྲོན་པོ་མ་བོས་ཀྱང་ངང་གིས་འདུ་བ་འདི་རེད། ལྷ་ས་རུ་ལྷ་མང་ལ་མི་ཡང་མང་། ཞོར་དུ་འདྲེ་ཡང་མང་བ་རེད། སེ་འབྲས་དགེ་གསུམ་ལ་རྒྱ་གར་དུ་གྲྭ་བ་མང་བོ་ཡོད་ཅེས་ཐོས་མོད་འདི་རུ་མང་བོ་མི་འདུག དགོན་པ་གང་དུ་སོང་ཡང་ཆོས་འདོན་པའི་སྐད་སྒྲ་གོ་རྒྱུ་ཉུང་ལ་སྤྱིར་དགོན་པའི་གླིང་བར་དུ་གྲྭ་བ་རིག་རྒྱུ་ཉུང་བ་རེད། དེང་སང་གྲྭ་བ་འགའ་རེ་དགོན་པ་ནས་མི་འདུག་པར་གང་སར་མྱུལ་ནས་འགྲོ་བ་འདི་ཡང་དགོན་པ་ཡོད་ཚད་ལ་གནས་པའི་གནད་དོན་ཞིག་ཡིན་པ་ལས་དགོན་པ་རེ་གཉིས་ཤིག་གི་གནད་དོན་མ་རེད། གང་ས་གང་དུ་བདེ་འཇགས་ཞིབ་བཤེར་གྱི་ས་ཚིགས་མང་བ་དང་ཁམས་དང་ཨ་མདོ་ནས་ཡོང་བ་དག་ལ་ལྷག་ཏུ་གཟབ་གཟབ་བྱེད་པ་སོགས་མཐོང་མི་འདོད་པའི་གནས་ཚུལ་ཡང་མང་བོ་འདུག ཡང་གྲྭ་བའི་ཐད་ནས་དབུས་གཙང་དང་ཨ་མདོའི་ཡུལ་མང་བོ་ཞིག་བསྡུར་ཐབས་མེད། དཔའ་རིས་དང་ཅོ་ནེ། ཐེ་བོ། འབྲུག་ཆུ། རྒྱལ་རོང་སོགས་དང་བསྡུར་ན་དབུས་གཙང་ལ་གྲྭ་བ་མང་བ་རེད། དབུས་གཙང་དུ་རྒྱ་བླ་ཉུང་ཟེར་མོད་དོན་ངོ་མ་མི་ཤེས། སྤྱིར་མདོ་དབུས་ཁམས་གང་དུའང་དགེ་ལུགས་པའི་ནང་རྒྱ་བླ་ཅུང་ཉུང་བ་རེད། དབུས་གཙང་དུ་དགེ་ལུགས་པའི་གདན་ས་ཆེན་པོ་བཞི་ལས་གཞན་རྙིང་མ་དང་བཀའ་གདམས། བཀའ་རྒྱུད། ས་སྐྱ། ཇོ་ནང་། ཞ་ལུ། གཡུང་དྲུང་བོན་ལ་སོགས་པར་གྲྭ་བ་དེ་བས་ཉུང་།

              དགའ་ལྡན་དགོན་པ།

  དགའ་ལྡན་དགོན་པ་ནི་དགོན་རྙིང་ཞིག་ཡིན་ལ་དགོན་གསར་ཞིག་ཀྱང་ཡིན་པ་རེད། དེ་སྔ་ང་རང་ཆུང་དུས་དགའ་ལྡན་དགོན་པར་མཇལ་དུ་སོང་། དེ་སྐབས་དགའ་ལྡན་དགོན་པ་ཡོངས་སུ་བཤིག་སྟེ་ཤུལ་ན་གྱང་རོ་ཁ་ཤས་ལས་ཅི་ཡང་མེད། དེང་སང་བསྐྱར་བཞེངས་བྱས་ཏེ་གཞི་རྒྱ་འདི་འདྲ་ཆེན་པོ་ཞིག་བསྐྲུན་འདུག ད་ལྟ་རྒྱ་གར་ན་དགའ་ལྡན་གསེར་ཁྲི་གཅིག འདིར་རུ་དགའ་ལྡན་གསེར་ཁྲི་གཅིག དགའ་ལྡན་གསེར་ཁྲིའི་བཞུགས་ཁྲིའི་ཐོག་ཏུ་སྐུ་པར་ཞིག་བཤམས་འདུག གྲྭ་རྒན་ཞིག་ལ་དྲིས་དུས། ཁོ་ན་རེ། དེ་ནི་དགའ་ལྡན་གསེར་ཁྲི་རེད། འབྲས་སྤུངས་ཀྱི་དགེ་བཤེས་བློ་བཟང་ཉི་མ་ཚང་རེད། དགའ་ལྡན་གསེར་ཁྲི་མང་ཆེ་བ་དགེ་བཤེས་ལས་བྱུང་བ་རེད། སྤྲུལ་སྐུའི་ནང་ནས་གསེར་ཁྲི་འབྱུང་ཐུབ་ཀྱི་མ་རེད་ཟེར། དགའ་ལྡན་དུ་མཇལ་ས་མང་བོ་ཡོད་ལ་ལྷག་ཏུ་དགའ་ལྡན་ཁྲི་ཚབ་སྔོན་མ་འབྲོག་མི་བྱམས་པ་བློ་གྲོས་ཚང་གི་སྐུ་གདུང་ཡང་ཡོད། དགའ་ལྡན་ལ་སྐབས་རེར་ལོ་དྲུག་བརྒྱ་ལྷག་གི་ལོ་རྒྱུས་ཡོད་ལ་སྐབས་རེར་ལོ་སུམ་ཅུ་ལྷག་གི་ལོ་རྒྱུས་ལས་མེད་དོ།།

             འབྲས་སྤུངས་དགོན་པ།

  འབྲས་སྤུངས་དགོན་ནི་ཆོས་འཆད་ཉན་ཤིན་ཏུ་དར་ས་རེད། གོང་དུ་བཤད་པ་ལྟར་རྒྱ་གར་ན་ཡོད་པའི་དགའ་ལྡན་ཁྲི་རབས་༡༠༢པ་ལ་དྭགས་རི་རྫོང་ཚང་དང་བོད་ན་ཡོད་པའི་དགའ་ལྡན་ཁྲི་ཚབ་བློ་བཟང་ཉི་མ་ཚང་གཉིས་ཀ་དབུས་ལྷ་ལྡན་འབྲས་སྤུངས་དགོན་ནས་སློབ་གཉེར་བྱས་ཏེ་དགེ་བཤེས་སུ་གྱུར་བ་རེད། འབྲས་སྤུངས་དགོན་པར་གོང་ནས་གྲྭ་ཕྲུག་བརྒྱ་ཐམ་པ་བསྡུ་ཆོག་པའི་ཆོག་མཆན་ཐོབ་ཡོད་ཀྱང་ད་སྔ་ད་དུང་བདུན་ཅུ་དོན་དྲུག་མ་གཏོགས་བསྡུ་རྒྱུ་མ་རྙེད་ཅེས་གྲྭ་བ་ཞིག་གིས་ཡིད་ཆད་པའི་ངང་ནས་བཤད། གང་ལྟར་དགེ་འདུན་པ་བཞི་བརྒྱ་ལྔ་བཅུ་ཡོད་པ་རེད། སྔོན་ཆད་ཡིན་ན་འབྲས་སྤུངས་དགོན་པར་ཕྱོགས་བཞི་མཚམས་བརྒྱད་ནས་གྲྭ་བ་ཡོང་གི་ཡོད་པས་ན་གྲྭ་བ་མང་ལ་དགེ་བཤེས་ཀྱང་མང་བ་རེད། ད་ཆ་ལྷ་ས་གྲོང་ཁྱེར་གྱི་རྫོང་གྲོང་ཁག་ལས་མ་གཏོགས་གྲྭ་བ་ཡོང་ཆོག་གི་མེད་པས་ན་གྲྭ་གྲངས་ཉུང་ཞིང་དགེ་བཤེས་ནི་དེ་བས་ཀྱང་ཉུང་བ་རེད་ཟེར། སྤྱིར་ཁོ་ཚོས་ཁ་རྒྱུན་ལ་འབྲས་སྤུངས་དང་སེ་ར་ལ་དགེ་བཤེས་མང་། དགའ་ལྡན་ལ་གྲོང་ཆོག་པ་མང་ཡང་ཟེར། ཁམས་དང་ཨ་མདོའི་གྲྭ་བ་དག་དབུས་གཙང་གི་གྲྭ་ས་ཁག་ཏུ་སློབ་གཉེར་ལ་འགྲོ་མི་ཐུབ་པ་འདི་གྲྭ་བ་ཞིག་ལ་མཚོན་ན་སྡུག་བསྔལཆེན་པོ་ཞིག་རེད་ཅེས་གྲྭ་བ་དཔེ་ཆ་བ་རྣམས་ཀྱི་ངག་ལས་ཐོས་མྱངས་ལ་ངོ་མ་དེ་འདྲ་ཞིག་ཡིན་པ་རེད།

              སེ་ར་དགོན་པ།

  སེ་རའི་རྟ་མགྲིན་ལ་ཉིན་རེ་བཞིན་མཇལ་བ་མཚམས་ཆད་རྒྱུ་མེད། སེ་ར་དགོན་པར་ལོ་རྒྱུས་ཐོག་དགེ་བཤེས་མང་བས་སྙན་གྲགས་ཆེ་བ་རེད། སྔ་དུས་ལྷ་རམས་དགེ་བཤེས་མང་ཆེ་བ་སེ་ར་དང་འབྲས་སྤུངས་པ་ཡིན་པའི་མཚོན། དེང་སང་ཡང་སེ་རའི་ཆོས་རྩོད་ལ་སྙན་གྲགས་ཆེན་པོ་ཡོད། ཨ་མདོ་རྔ་བའི་གྲྭ་བཙུན་སྒོ་ཤེས་རབ་རྒྱ་མཚོ་དང་ཟུང་ཆུའི་རིན་སྤུངས་དགོན་པའི་གཡུང་དྲུང་བོན་གྱི་གྲྭ་བ་རིན་སྤུངས་ཚུལ་བསྟན་སོགས་ཀྱིས་ཀྱང་སེ་ར་ནས་སློབ་གཉེར་བྱས་པ་རེད་ཟེར། སེ་རའི་སྙན་གྲགས་ལ་བརྟེན་ནས་རང་ལ་མིང་གྲགས་འཚོལ་མཁན་ཡང་ཡོད་ཅེས་སེ་རའི་སྐོར་མཐའ་ནས་རྒན་པོ་ཞིག་གིས་བཤད། རྒན་པོ་ཁོ་ཡང་སྔ་དུས་སེ་ར་དགོན་པའི་གྲྭ་བ་ཡིན་པ་རེད། ༢༠༠༩ལོ་ང་རང་ལྷ་སར་ཡོང་སྐབས་སེར་སྨད་གྲྭ་ཚང་གི་འདུ་ཁང་དུ་མཇལ་མྱངས། ཐེངས་འདིར་མཇལ་མ་ཐུབ། གོ་ཚོད་ལ་ཞྭ་མོ་ནག་པོ་ཞིག་བསྐོན་ཡོད་ཟེར། ཐེངས་འདིར་སེ་ར་དགོན་པར་ཕྱི་སྐོར་ཞིག་བྱས་པ་མ་ཟད། གོང་གི་རྒན་པོ་དེས་ལྷ་ཁང་འདུ་ཁང་གི་སྐོར་མཛུབ་མོ་རི་སྟོན་སྒོས་རེ་རེ་བཞིན་ངོ་སྤྲོད་བྱས་བྱུང་། སྤྱིར་དབུས་གཙང་གི་དགེ་ལུགས་པའི་གདན་ས་ཆེན་པོ་བཞི་ལ་གྲྭ་བ་ཉིས་སྟོང་ལྷག་ཡོད་ལ་རྔ་ཡུལ་ཀིརྟི་དགོན་པ་གཅིག་པོའི་གྲྭ་གྲངས་རེད།

              ལྷ་ལྡན་གཙུག་ལག་ཁང་།

  ལྷ་ལྡན་གཙུག་ལག་ཁང་སོགས་ལྷ་སའི་གྲོང་དུ་ཡོད་པའི་དགོན་སྡེ་ཁག་ལ་གྲྭ་གྲངས་ཤིན་ཏུ་ཉུང་བ་དང་ཆོས་འཆད་ཉན་དར་མི་དར་ཁ་ཚོད་གཅོད་དཀའ། ཡིན་ཡང་དཔལ་འབྱོར་གྱི་ཡོང་འབབ་ཆེན་པོ་ཡོད་པ་རེད། སྐབས་རེར་འདི་ལྟར་ཡང་བསམ་ཏེ་ལྷ་ལྡན་གཙུག་ལག་ཁང་སོགས་ཀྱིས་གྲྭ་ས་ཁག་གི་སློབ་གཉེར་བ་ཚོར་རོགས་རམ་རེ་བྱས་ན་བཟང་བ་ལ་ཨང་། ལྷ་ལྡན་གྲོང་དུ་མི་ཚོགས་མཐུག་ཅིང་ལྷ་ཁང་འདུ་ཁང་མང་བས་ཕྱོགས་བཞིའི་མགྲོན་པོ་མ་བོས་ངང་གིས་འདུ།

               བཀྲ་ཤིས་ལྷུན་པོ།
ལྷ་ས་ནས་བཀྲས་ལྷུན་བར་མེ་འཁོར་ལ་བསྡད་དེ་སོང་ན་དུས་ཚོད་གསུམ་ལྷག་དགོས་པ་རེད། བཀྲ་ཤིས་ལྷུན་པོ་དགོན་འདི་ཅུང་ཙམ་དར་བཞིན་ཡོད་པ་འདྲ། འཛུགས་སྐྲུན་གཞི་རྒྱ་ཆེ་ཞིང་ལྷ་ཁང་འདུ་ཁང་ལ་མཇལ་སླ་བ་བཅས་ཁྱད་ཆོས་ཆེན་པོ་ལྡན། ཡིན་ཡང་སྐོར་མཐའ་ཧྲིལ་བོ་འཁོར་ལོ་ཡིས་བཀང་ཡོད་པས་རྙིང་མའི་དགོན་པ་ཞིག་དང་འདྲ་བོ་འདུག གྲྭ་ཁང་མང་བོ་བསྐྲུན་ཡོད་ཀྱང་ཁང་ཚན་སྐོར་ཞིག་སྟོང་བ་རེད། དེང་སང་ངེད་ཅག་གི་དགོན་པ་མང་བོ་ཞིག་འཁོར་ལོའི་ནང་དུ་བཏུམ་གྱི་འདུག གང་ལྟར་བཀྲ་ཤིས་ལྷུན་པོ་དགོན་ནི་དབུས་གཙང་གི་ཡུལ་གྱི་དགོན་པ་ཆེས་ཆེ་བ་དེ་ཡིན་འདུག དབུས་གཙང་གི་ཡུལ་གྱི་དགོན་པ་ཆེས་ཆེ་བ་དེ་གང་ཡིན་ཞེ་ན་ལན་འདིའོ།། 
 
རྩོམ་ཁུངས། རྒྱ་ཡིག་གི་བོད་མིའི་རིག་དྲའི་པོད་ཁུག

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

དབུས་གཙང་ཡུལ་གྱི་མཐོང་སྣང་།

2015-05-06 མྱིག་གཅོད།༼ རྨ་ཆུ ༽ ཀློག་གྲངས། མཆན ཡོད།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།