ང་དང་ཡེ་ཤུ་ཆོས་ལུགས་ཀྱི་འདས་དོན།

འབའ་བློ་བཟང་མགོན་པོ། མཆོད་མེ་བོད་ཀྱི་རྩོམ་རིག་དྲ་བ། 2015-05-14

  ང་རང་ཆུང་དུས་སུ་ཡེ་ཤུའི་ཆོས་ལུགས་སྤེལ་མཁན་རྣམས་ཁམས་འབའ་ཐང་ལ་ཡེ་ཤུའི་ཆོས་ཁང་བཞེངས་རྒྱུའི་སྐོར་གྱི་ལོ་རྒྱུས་ཅུང་ཙམ་གོ་མྱངས། དམངས་ཁྲོད་དུ་བཤད་སྲོལ་ལས། དེ་དུས་མང་ཚོགས་ཀྱི་འཚོ་བའི་ཆ་རྐྱེན་ཧ་ཅང་ཞན་པས། ཕྱི་རྒྱལ་ཡེ་ཤུའི་ཆོས་ལུགས་སྤེལ་མཁན་ཚོས་འབའ་ཐང་བ་ལ་ཆོས་སྤེལ་བ་མ་ཟད་ཟ་མ་རིན་མེད་སྒོ་ནས་སྦྱིན། ནམ་རྒྱུན་འབའ་བའི་མི་སེར་རྣམས་ཟ་མ་མ་ཟ་སྔོན་ལ་ཡེ་ཤུའི་ཆོས་ཁང་གི་ཅོང་བརྡ་དེ་བྱ་ཁུ་བྱུག་གིས་གནམ་ཆུ་སྒུག་པ་ལྟ་བུར་སྒུག་ཀྱིན་ཡོད། ཅོང་བརྡ་དེ་ཐོས་མ་ཐག་མི་སེར་རྣམས་མ་གྲོས་རང་མཐུན་གྱིས་ཡེ་ཤུའི་ཆོས་ཁང་ནང་ལ་འཛུལ། མི་ཚང་མ་ཆོས་ཁང་ནང་ལ་ཐོན་ཚར་རྗེས་ཆོས་སྤེལ་མཁན་རྣམས་ཀྱིས་ཁོ་ཚོར་ཡེ་ཤུའི་ཆོས་སྐོར་གྱི་སློབ་ཁྲིད་དང་ཡེ་ཤུར་གསོལ་འདེབས་སྨོན་ལམ་འདེབས་བཅུག
  དེ་དུས་འབའ་པ་རྣམས་ཀྱི་དམིགས་ཡུལ་གཙོ་བོ་ནི་ཡེ་ཤུའི་ཆོས་སྦྱོང་རྒྱུ་དེ་ག་ན་ཡིན། དམིགས་ཡུལ་གཙོ་བོ་ནི་ཡེ་ཤུའི་ཆོས་ཁང་ནང་དུ་ཟ་མ་ཞིམ་པོ་ཞིག་ཟ་ཆོག་པ་དེ་རེད། དེ་མ་ཟད་ཆོས་ཁང་དེས་ནམ་རྒྱུན་ནད་པ་ཚོར་ཡང་རིན་མེད་ཀྱི་སྒོ་ནས་སྨན་བཅོས་བྱེད་ཀྱིན་ཡོད།
  ང་རང་སློབ་འབྲིང་སྐབས་སུ་ངའི་སློབ་གྲོགས་ཞིག་གི་མིང་ལ་ཟླ་བ་ཟེར། ང་ཚོ་ནམ་རྒྱུན་ཁོ་ལ་ཟླ་བ་མགོ་སེར་ཞེས་འབོད། ཁོ་རང་གི་སྐྲ་སེར་པོ་ཡིན་པ་མ་ཟད་མིག་དང་གཟུགས་སྟོབས་ཚང་མ་ཕྱི་གླིང་བ་དང་ཁྱད་པར་གང་ཡང་མེད། དེ་དུས་ཁོ་རང་གིས་ང་ལ་ཁོ་ཚོ་ནི་ཕྱི་རྒྱལ་ཡེ་ཤུའི་ཆོས་སྤེལ་མཁན་གྱི་རྒྱུད་པ་ཡིན་ཟེར། ཁོ་རང་ལ་དེའི་སྐོར་གྱི་ལོ་རྒྱུས་ཡང་གསལ་པོ་བཤད་རྒྱུ་འདུག ང་རང་དེའི་སྐོར་ལ་སྤྲོ་བ་ཧ་ཅང་ཆེན་པོ་ཡོད་པ་མ་ཟད་ཞིབ་འཇུག་ཀྱང་ཅུང་ཙམ་བྱེད་མྱངས། དེང་སང་འབའ་བ་ཁ་ཤས་ཀྱི་མིང་ལ་ཕྱི་རྒྱལ་བའི་མིང་འདོགས་མཁན་འདུག དཔེར་ན། ཕོ་གསར་ཞིག་གི་མིང་ལ་མཱ་ཁི་ཟེར། དབྱིན་སྐད་དུ་Markཞེས་པ་དེ་རེད།
  ང་རང་སློབ་ཆེན་གྱི་སྐབས་སུ་མཚོ་སྔོན་ཟི་ལིང་ལ་དབྱིན་ཇི་སྦྱོང་རྒྱུའི་གོ་སྐབས་ཧ་ཅང་བཟང་པོ་ཞིག་རག་སོང་། ང་ཚོར་དབྱིན་ཡིག་འཁྲིད་མཁན་ཚང་མ་ནི་ཕྱི་རྒྱལ་གྱི་དགེ་རྒན་ཤ་སྟག་རེད། ང་ཚོའི་དབྱིན་ཇི་དགེ་རྒན་རྣམས་ཀྱིས་སློབ་མ་རྣམས་ལ་ཡེ་ཤུའི་ཆོས་སྤེལ་མཁན་ཚོར་དོགས་ཟབ་བྱེད་དགོས་པའི་བཀའ་སློབ་དང་དེའི་སྐོར་གྱི་རྩོམ་ཡིག་ཀྱང་ཀློག་བཅུག་བཞིན་ཡོད།
  ང་ཚོའི་སློབ་གྲྭ་ནང་རྒྱ་ཡིག་དང་བོད་ཡིག་སྦྱོང་མཁན་གྱི་ཕྱི་རྒྱལ་སློབ་མ་ཧ་ཅང་མང་། ཕྱི་རྒྱལ་སློབ་མ་ཁ་ཤས་ཀྱིས་སློབ་སྦྱོང་བྱེད་པ་མ་ཟད། ཟུར་དུ་བོད་ཀྱི་སློབ་མ་རྣམས་ལ་ཡེ་ཤུའི་ཆོས་སྤེལ། ང་རང་དབྱིན་ཇི་ཁ་སྐད་སྦྱོང་བའི་ཆེད་དུ་ཁོ་ཚོ་དང་མཉམ་དུ་མང་པོ་འགྲོ་འོང་བྱས་མྱངས། འོན་ཀྱང་། ང་རང་གི་སེམས་ནི་རྡོ་ལྟ་བུར་འགྱུར་བ་གཏན་ནས་མེད་པ་ཞིག་རེད།
  ཉིན་ཞིག ང་གྲོགས་པོ་དང་མཉམ་དུ་ཟི་ལིང་རླབས་འཁོར་འབབ་ཚུགས་ཀྱི་འགྲམ་དུ་བོད་ཟས་ཟ་སར་སོང་ཡིན། ཟ་ཁང་དེའི་ནང་དུ་ཕ་ཡུལ་འབའ་ཐང་ནས་ཡིན་པའི་གྲོགས་པོ་ཆོས་གྲགས་ཞེས་པ་ཞིག་དང་འཕྲོད་བྱུང་། མི་ཡུལ་ལུང་པ་ལ་ཕ་ཡུལ་གྱི་གྲོགས་ཤིག་ཐུག་དུས་སེམས་པ་རབ་ཏུ་སྤྲོ། ཁོ་རང་གིས་ང་ལ་སང་ཉིན་ངེད་གཉིས་མཉམ་དུ་ཟ་མ་ཟ་ཟེར། ཁོ་རང་གིས་ང་ལ་ཁོའི་ཕྱི་གླིང་བ་གྲོགས་པོ་ངོ་སྤྲོད་བྱེད་རྒྱུ་ཡིན་ཞེས་ལབ་བྱུང་།
ཕྱི་ཉིན། ངས་གྲོགས་པོ་ཞིག་ཁྲིད་ནས་མཉམ་དུ་བོད་ཟས་ཟ་ཁང་དེར་འགྲོ་དུས། ཕྱི་གླིང་བ་ཞིག་དང་ཆོས་གྲགས་གཉིས་ཟ་ཁང་ལ་ཐོན་ཚར་འདུག ང་ཚོས་ཐོག་མ་ཕན་ཚུན་ངོ་སྤྲོད་ཅུང་ཙམ་བྱས་པ་ཡིན། དེ་ནི་ཕྱི་རྒྱལ་དེ་དང་ཁ་བརྡ་བྱེད་དུས་བརྗོད་བྱ་གཙོ་བོ་God(ཡེ་ཤུའི་ལྷ)་དང་ཁ་བྲལ་མི་འདུག ངས་ཁོ་རང་ལ་ཁྱོད་རང་ཡེ་ཤུའི་ཆོས་སྤེལ་མཁན་ཨེ་ཡིན་ཞེས་འདྲི། ཁོ་རང་གིས་ང་མིན་ཞེས་ལན་འདེབས། ངས་ཁོ་ལ་ཁྱོད་རང་ནམ་རྒྱུན་མི་གཞན་ལ་ཡེ་ཤུའི་ཆོས་ཁྲིད་བཞིན་ཡོད་དམ། ཁོས་ང་ལ་ཡོད་ཞེས་གསུངས། དེ་ནི་ངས་ཁོ་རང་ཡེ་ཤུའི་ཆོས་སྤེལ་མཁན་ཡིན་པ་ཐག་ཆོད་སོང་།
  ང་ཚོས་བགྲོ་གླེང་ཧ་ཅང་ཡུན་རིང་པོ་བྱེད་པ་ཡིན། རྗེས་སུ་ང་ཚོ་ཕ་ཡུལ་གྱི་གྲོགས་ཆོས་གྲགས་ཡང་ཡེ་ཤུའི་ཆོས་སྤེལ་མཁན་ཡིན་པ་གསལ་པོ་རྟོགས་བྱུང་། ང་རང་མི་ཡུལ་ལ་ཕ་ཡུལ་གྱི་མི་གཅིག་ཐུག་པ་དེ་ཡང་ཡེ་ཤུའི་ཆོས་སྤེལ་མཁན་ཡིན་པ་ཤེས་རྗེས་སེམས་ཤིན་ཏུ་སྐྱོ། ང་རང་མི་ཚེ་འདིའི་ནང་བོད་པ་ཡེ་ཤུའི་ཆོས་སྤེལ་མཁན་མཐོང་ཐོས་མ་མྱོང་། ཁོ་རང་ནི་ཐོག་མ་དེ་རེད། ང་ཚོས་བོད་ཟས་ཁང་ནང་དུ་ཉིན་ཕྱེད་རྩོད་གླེང་བྱེད། སློབ་གྲྭར་མ་ལོག་སྔོན་ཁོང་གཉིས་ཀྱིས་ངེད་གཉིས་ལ་ཡེ་ཤུའི་སྐོར་གྱི་དཔེ་ཆ་མང་པོ་སྤྲད་བྱུང་། ངའི་གྲོགས་པོ་ངེད་གཉིས་ཁོང་ཁྲོ་ལངས་ནས་དཔེ་ཆ་དེ་དག་ལེན་མེད། ཕར་ཁོ་གཉིས་ལ་སྤྲད་ནས་སློབ་གྲྭར་ལོག་སོང་ཡིན།
ཉིས་སྟོང་བརྒྱད་ལོར་ང་རང་ཁ་ན་ཊ(加拿大)ལ་ཚོགས་འདུ་འཚོགས་རྒྱུ་དང་ཡུལ་སྐོར་སོང་དུས། ང་དང་ངའི་བལ་པོའི་གྲོགས་པོ་གཉིས་རྒྱ་སྲང་ནང་དུ་སྐོར་ར་འགྲོ་དུས་གློ་བུར་དུ་ཆར་པ་དྲག་པོ་ཞིག་བབས་བྱུང་། ངེད་གཉིས་ལ་ཆར་གདུགས་མེད། ཆར་པ་ཇེ་ཆེ་དང་ཇེ་ཆེར་འབབ་འདུག ངེད་གཉིས་ཀྱི་འགྲམ་ལ་ཡེ་ཤུའི་ཆོས་ཁང་ཞིག་འདུག མི་ཚང་མ་ཡེ་ཤུའི་ཆོས་ཁང་ནང་ལ་འཛུལ་བཞིན་འདུག
  ངེད་གཉིས་ཡང་མི་དེ་ཚོའི་རྗེས་དེད་ནས་ཆོས་ཁང་ནང་ལ་འཛུལ། ཆོས་ཁང་གི་སྒོ་ཁར་དྭངས་གཙང་གི་ཆུ་ཞིག་འདུག མི་ཚང་མས་ཆུ་ནང་དུ་མཛུབ་བཙུགས་ནས་ངོ་གདོང་ལ་བྱུག་བཞིན་འདུག ངེད་གཉིས་ཡང་ཁོ་ཚོ་ལ་ལད་མོ་བྱས་ཏེ་ངོ་ལ་ཆུ་དེ་བྱུགས་བྱུགས་བྱས།
  ཆོས་ཁང་ནང་དུ་སླེབས་དུས། མི་ཚང་མས་འཇམ་ཏིང་ཏིང་ངང་གསོལ་བ་སྨོན་ལམ་འདེབས་བཞིན་འདུག དེ་ནི་ངའི་མི་ཚེའི་ནང་དུ་ཐེངས་དང་པོར་ཡེ་ཤུའི་ཆོས་ཁང་ནང་དུ་སོང་བ་ཡིན།
ལོ་མང་པོའི་རྗེས་སུ་ཆོས་གྲགས་ཀྱིས་ང་ལ་ཁ་པར་ཞིག་བཏང་བྱུང་། ཁ་པར་ནས་ཁོ་རང་ཡུན་ནན་ལ་བཞུགས་ཡོད་པ་ཤེས་སོང་། དེ་དུས་ཏག་ཏག་ལི་ཐང་དགོན་པ་ལ་རིས་མེད་ཆོས་ཚོགས་ཆེན་མོ་འཚོགས་བཞིན་ཡོད་རེད། ངས་ཀུ་རེའི་ངང་ནས་ཁོང་ལ་ད་ལྟ་ལི་ཐང་དགོན་པ་ལ་དགེ་བཤེས་དང་མཁན་པོ། བླ་སྤྲུལ་མཁས་པ་མང་ཕེབས་འདུག ཁྱེད་རང་ཡང་ལི་ཐང་ལ་ཕེབས་ཤོག ང་རང་གིས་ལི་ཐང་རྩྭ་ཐང་ཆེན་མོའི་སྟེང་ལ་བཞུགས་ཁྲི་གཉིས་ཕུབ་ནས་ནང་ཆོས་མཁས་པ་རྣམས་དང་ཡེ་ཤུའི་ཆོས་དཔོན་བར་བགྲོ་གླེང་ཡག་པོ་ཞིག་འཚོགས་བཅུག་ཆོག གལ་ཏེ་སུ་ལ་རྒྱལ་ཁ་ཐོབ་ན་ངས་དེའི་ཕྱོགས་ལ་དད་པ་བྱེད་ཡིན་ཞེས་རྩེད་མོས་ཟེར་བ་ཡིན། ཁོང་རང་ཁ་པར་ནང་གི་དགོད་སྒྲ་ཆེན་མོ་དེ་ངའི་འགྲམ་གྱི་གྲོགས་པོ་རྣམས་ཀྱིས་ཀྱང་གོ་འདུག   འདི་ནི་ང་དང་ཡེ་ཤུའི་ཆོས་ལུགས་བར་གྱི་འདས་དོན་རགས་ཙམ་རེད།

(མཆོད་མེའི་པར་དབང་གཞན་གྱིས་དགོལ་མི་རུང)

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

ང་དང་ཡེ་ཤུ་ཆོས་ལུགས་ཀྱི་འདས་དོན།

2015-05-14 འབའ་བློ་བཟང་མགོན་པོ། ཀློག་གྲངས། མཆན ཡོད།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།