ཕྱི་ནང་མེད་པའི་སྐད་ཆ།

  ཏག་ཏག་སློབ་མཇུག་རྫོགས་པའི་ཡུན་འདི་ནི་དགེ་རྒན་ཞིག་ལ་མཚོན་ན་ཆེས་སྤྲོ་སྣང་ལྡན་པའི་དུས་ཤིག་ཡིན་སྲིད་དེ། གུང་གསེང་བཏང་རྗེས་ལུས་སེམས་གཉིས་ཀ་ལྷོད་ལ་བབས་ནས་རང་གིས་སྒྲུབ་འདོད་པའི་བྱ་བ་དག་ལྷོད་གཡེང་གིས་བསྒྲུབ་ཆོག་ལ། ལུས་ངལ་དང་སེམས་ངལ་ཡིད་ཚིམས་པ་ཞིག་ཀྱང་གསོས་ཆོག་པས་ཡིན། ཡིན་ཀྱང་ཏག་ཏག་སྐབས་འདི་ལ་ངས་སྤྲོ་སྣང་འདི་ཚོར་ཐབས་མ་བྱུང་བའི་ཁར་སེམས་ཚོར་ལྕི་མོ་ཞིག་གིས་ངའི་ཞོ་ལྟར་ཆགས་པའི་སེམས་པ་བག་མེད་དུ་དཀྲུགས་འགྲོ། དེ་ཡང་གནའ་མི་ཤེས་རབ་ཅན་དག་གིས་རྣམ་ཀུན་གཞན་གྱི་བཟང་ལ་ལྟོས། རང་གི་སྐྱོན་ལ་ལྟོས་ཞེས་ང་ཚོ་ཕྱི་རབས་པ་རྣམས་ལ་འཇིག་རྟེན་མི་ཆོས་ལུགས་ཀྱི་བསླབ་བྱ་ནོར་བུ་འདྲ་ཞིག་བསྩལ་ཡོད་ལ། སྐྱེས་བུ་སྒེར་གྱི་ངོས་ཐད་ནས་བཤད་ནའང་དུས་རྒྱུན་གཞན་གྱི་སྐྱོན་ལ་བརྟགས་པ་ནི་ཆེས་ཐ་ཤལ་གྱི་ལས་ཤིག་ཏུ་ཀུན་གྱིས་བརྩི་བར་ངེས་ཀྱང་། ཐེངས་འདིར་ངས་སློབ་གྲྭ་ག་གེ་མོའི་སློབ་གསོའི་གཞི་རྩའི་རྩ་དོན་ནམ་ཆོས་ཉིད་དང་འགལ་བ་རྟག་སྤྲོད་དུ་སོང་བའི་ཐག་གཅོད་ཁ་ཤས་ལ་བདེན་ལུགས་ལྕགས་རི་འདྲ་བོ་དཔང་ལ་བཞག་ནས་ཁ་ཞེ་གཉིས་མེད་ཀྱིས་རྒོལ་ལན་སྤྲོད་རྒྱུ་ཡིན།
  མིག་སྔའི་ཆར་སྲིད་གཞུང་དང་སློབ་གསོའི་སྡེ་ཁག སློབ་གྲྭ། མགོ་ཁྲིད་དང་དགེ་རྒན། ཁྱིམ་བདག་སོགས་སྤྱི་ཚོགས་བྱིངས་ནས་སློབ་གསོའི་འཕེལ་རྒྱས་ལ་དོ་སྣང་ཆེན་པོ་བྱེད་ཀྱིན་ཡོད། ལྷག་པར་དུ་སློབ་གྲྭ་ཆུང་འབྲིང་གི་རྨང་གཞིའི་སློབ་གསོ་གཙིགས་སུ་བཟུང་ནས་སློབ་གསོའི་རྒྱུ་སྤུས་མཐོར་འདེགས་གཏོང་བའི་ཐད་ལ་མི་ཤུགས་རྒྱུ་ཤུགས་གང་མང་ཞིག་ཕུལ་དང་འབུལ་གྱིན་ཡོད་པ་རེད། ན་ནིང་གི་ལོ་མགོ་ནས་བཟུང་སྟེ་ངེད་སློབ་གྲྭས་ཀྱང་སློབ་ཁྲིད་རྒྱུ་སྤུས་མཐོར་འདེགས་གཏོང་བའི་དངོས་ཡོད་ཀྱི་དགོས་མཁོར་དམིགས་ནས་བསླབ་འབྲས་ལེགས་ཐོན་གྱི་ཕུལ་བྱུང་གི་རྐང་འཛིན་དགེ་རྒན་ལ་གཟེངས་རྟགས་འབུལ་བའི་བྱ་དགའི་ལམ་ལུགས་སྔ་ན་མེད་པ་ཞིག་བཟོས་ནས་དངོས་སུ་ལག་བསྟར་དང་དངོས་འབེབས་བྱས་པས་དགེ་རྒན་མང་ཆེ་བར་སྔར་མེད་ཀྱི་སེམས་ཤུགས་འཕེལ་ནས་སློབ་གྲྭ་སྤྱིའི་སློབ་གསོའི་རྣམ་པ་དང་སྒྲིག་གཞི་འཐུས་ཇེ་ཚང་དུ་ཆགས་ནས་འཕེལ་རྒྱས་ཀྱི་ལམ་ཁ་གསར་བ་ཞིག་བསྙེགས་པའི་མགོ་ཚུགས་པ་ནི་དགའ་འོས་པའི་དོན་དག་ཅིག་ཡིན་ཀྱང་འཇིག་རྟེན་ཁ་དཔེར་ཡང་རྟ་རྒྱུགས་སར་རྟ་ལུད་ཅེས་པའི་དཔེ་བཞིན་ལམ་ལུགས་འདིའི་ཕྱི་ནང་གསང་གསུམ་གང་རུང་དུ་སློབ་གསོའི་ངོ་བོའམ་གཞི་རྩའི་ཆོས་ཉིད་དང་འགལ་བའི་སྐྱུག་བྲོ་བའི་རུལ་སུངས་ཀྱི་བྱེད་སྟངས་སམ་ཐག་གཅོད་གང་མང་ཞིག་ཀྱང་དབང་བོའི་མཐོང་ཐོས་ཀྱི་ཡུལ་དུ་མངོན་སུམ་གྱིས་འཕོས་འོངས།
  དེ་ཡང་སློབ་གྲྭ་འདི་གའི་ཕུལ་བྱུང་གི་རྐང་འཛིན་དགེ་རྒན་ལ་གཟེངས་རྟགས་འབུལ་བའི་བྱ་དགའི་ལམ་ལུགས་འདི་ནི་སློབ་གྲྭའི་དོ་དམ་ལྷན་ཚོགས་ཀྱི་མི་སྣ་དག་གིས་སློབ་གྲྭའི་འཕེལ་རྒྱས་ཀྱི་དགོས་མཁོར་དམིགས་ནས་གྲོས་ཆོད་ཐག་གཅོད་བྱས་པ་ཡིན་ཏེ། ཕུལ་བྱུང་གི་རྐང་འཛིན་དགེ་རྒན་ལ་བྱ་དགའི་གཟེངས་རྟགས་འབུལ་བར་དགེ་རྒན་གང་དེའི་སློབ་ཁྲིད་བྱ་ཡུལ་གྱི་སློབ་མའི་རྒྱུགས་འབྲས་ཁོ་ན་ལ་བལྟ་གྱིན་ཡོད་པ་རེད། ཡང་ན་དེས་རྐྱེན་པས་དགེ་རྒན་རྣམ་པས་སློབ་མས་རྒྱུགས་འབྲས་གཡུར་དུ་ཟ་བ་ཞིག་ལོན་པར་ཤ་ཟད་རུས་ཐུག་ཏུ་འབད་གྱིན་ཡོད་དེ། སློབ་ཁྲིད་ཀྱི་མགོ་མཇུག་བར་གསུམ་དུ་ལུས་ཤུགས་དང་སེམས་ཤུགས་ཡོད་དགུ་སློབ་མས་རྒྱུགས་འབྲས་ཡག་པོ་ཞིག་ཅི་ལྟར་ལོན་ཐབས་བྱེད་པའི་ཐད་ལ་འབུལ་གྱིན་པར་མ་ཟད། ཉིན་གུང་དང་ཕྱི་དྲོའི་་གསེང་གི་སྐབས་དག་ཏུའང་སློབ་མར་གསབ་ཁྲིད་བྱེད་པའི་རླབས་རྒྱུན་དྲག་པོ་ཞིག་རྒྱས་ཡོད་པ་རེད། སྤྱིར་བཤད་ན་འདིས་སློབ་གྲྭའི་སྤྱིའི་སློབ་གསོའི་རྒྱུ་སྤུས་མཐོར་འདེགས་གཏོང་བར་དངོས་ཤུགས་གང་རུང་ནས་ནུས་པ་ཆེན་པོ་ཞིག་ཐོན་དང་ཐོན་གྱིན་པ་ནི་མིག་མཐོང་ལག་ཟིན་ཡིན་ཀྱང་དགེ་རྒན་ཁ་ཤས་དང་སློབ་གྲྭའི་མགོ་ཁྲིད་ཁ་ཤས་ཀྱི་བྱེད་སྟངས་རེ་གཉིས་ལས་རང་ཉིད་དགེ་རྒན་ཞིག་ཡིན་ཀྱང་སློབ་གསོ་ལ་ཡིད་ཆེས་མེད་པའི་དངན་པ་རིང་མོ་རེ་ངང་གིས་ཤོར་འགྲོ་བ་སྟེ།
  ད་ལོའི་མཇུག་རྒྱུགས་ཁྲོད་འཛིན་གྲྭ་ག་གེ་མོའི་སྦྱངས་འབྲས་ཞན་པའི་སློབ་གྲོགས་ཤིག་སློབ་གྲྭའི་མགོ་ཁྲིད་དང་དགེ་རྒན་ཁྱི་སྤྱང་ངན་འབྲེལ་གྱི་སྦྱོར་བས་འཛིན་གྲྭའི་མི་གྲངས་ལས་ཕུད་ཡོད་འདུག སློབ་གྲོགས་དེ་འཛིན་གྲྭའི་མི་གྲངས་ལས་ཕུད་པའི་གནས་ལུགས་ནི་ཆེས་སྟབས་བདེ་ཞིང་ཡ་ང་བ་ཞིག་སྟེ། སློབ་གྲོགས་དེ་བླུན་པོ་བླུན་ནག་ཅིག་རེད་ཅེས་པ་དེའོ།། དོན་དུ་སྦྱངས་འབྲས་ཞན་པའི་སློབ་མར་བླུན་པོ་བླུན་ནག་ཅེས་པའི་འདོད་རྒྱལ་གྱི་མིང་ལྟ་བུ་ཞིག་བཏགས་ནས་གང་འདོད་དུ་སློབ་མའི་གྲས་ནས་ཕུད་རྐྱང་བྱས་ཆོག་པའི་དབང་ཆ་ལྷག་མ་ཞིག་སུ་ཞིག་གིས་གནང་ཡོད་དམ། གལ་ཏེ་དོན་འདི་རྒྱལ་ཁབ་སློབ་གསོ་པུའུ་ལྟ་བུའི་གོང་རིམ་གྱི་སློབ་གསོའི་སྲིད་འཛིན་ལས་ཁུངས་ལ་གཏུག་བཤེར་བྱེད་པའི་དབང་དུ་བཏང་ན་མཇུག་འབྲས་ཅི་ལྟ་བུ་ཞིག་འབྱུང་སྲིད་དམ། བྱས་ཉེས་འདིས་སློབ་གྲོགས་དེའི་སེམས་ལ་སྡུག་བསྔལ་ཅི་འདྲ་ཞིག་བསྐྱེད་ནས་སོས་ཐབས་མེད་པའི་རྨ་ཁ་ཅི་འདྲ་ཟབ་མོ་ཞིག་བཏོད་ཡོད་དམ། ང་ཚོས་རྒྱུན་ཁ་ནས་གསེང་མཐོན་པོར་གླེང་ཀིན་པའི་སློབ་གསོ་འདི་འདྲ་ཨེ་ཡིན་ནམ།
  དེང་གི་ཆར་སློབ་མའི་སྐར་གྲངས་ཀྱི་མཐོ་དམའ་ནི་ས་ཁུལ་ལམ་སློབ་གྲྭ་གང་དེའི་སློབ་ཁྲིད་ཀྱི་སྤུས་ཚད་དང་སློབ་སྒྲུབ་ཀྱི་ཆུ་ཚད་གཞལ་བའི་ཚད་གཞི་ལྟ་བུ་ཞིག་ཏུ་གྲུབ་ཚར་ནས་ཡོད་ལ། གོང་མགོ་ཁྲིད་དང་བར་དགེ་སློབ་ཀུན་གྱིས་ཁ་ནས་གླེང་བ་སྐར་གྲངས་ཡིན་ལ་བརྩོན་པས་བསྙེགས་པའང་སྐར་གྲངས་ཡིན་འདུག ངོ་གདོང་ནས་བལྟས་ན་སྐར་གྲངས་ནི་མགོ་ཁྲིད་ཅིག་གི་འཇོན་ཐང་དང་ནུས་པ། དགེ་རྒན་ཞིག་གི་ལྷག་བསམ་དང་ནུས་པ། སློབ་མ་ཞིག་གི་བརྩོན་སེམས་དང་ཀུན་སློང་སོགས་ཚུལ་བཞིན་དུ་འཇལ་བའི་རྒྱ་མ་ལྟ་བུ་ཞིག་ཏུ་ཆགས་ཡོད་པས། ཞིབ་ཏུ་བསམ་ན་ང་ཚོར་སྐར་མ་ལས་གཞན་ཅི་ཡང་མི་མཁོ་བ་འདྲ། ཡང་ན་དེའི་རྐྱེན་པའི་ས་ཁུལ་ཁ་ཤས་དང་སློབ་གྲྭ་ཁ་ཤས་སུ་རྒྱུགས་ལེན་པའི་གནད་འགག་གི་སྐབས་སུ་སློབ་མར་སེམས་ཚོར་ཅི་འབྱུང་ལ་ཁ་ཡ་སྤུ་ཙམ་ཡང་མི་བྱེད་པར་སྐར་འབྲས་ཙམ་པོ་བའི་ཆེད་དུ་སྦྱངས་འབྲས་ཞན་པའི་སློབ་མ་སློབ་མའི་གྲལ་ནས་ཕུད་པའི་སློབ་གསོའི་སྐྱོ་གར་འདི་དང་འདི་འདྲ་བ་བྱུང་དང་འབྱུང་བཞིན་ཡོད་པ་རེད།
  དེ་ཡང་སློབ་གསོ་ནི་མིའི་བློ་རིག་དང་བསམ་བློ། ཤེས་བྱ་དང་ནུས་པ། མི་གཞི་དང་ཀུན་སྤྱོད་སོགས་ཀྱིས་མཚོན་པའི་ཕྱོགས་བསྡུས་ཀྱི་འབྱུང་སྤུས་འདོན་སྤེལ་དང་འཕེལ་རྒྱས་སུ་གཏོང་བའི་སྤྱི་ཚོགས་ཀྱི་བྱེད་སྒོ་ཞིག་ཡིན་སྲིད་ན། སློབ་གསོའི་ལག་ལེན་གྱི་ཁྲོད་དུ་སྐར་གྲངས་ལས་ཀྱང་ཚུགས་ཐུབ་ཀྱི་བསམ་བློ་ཞིག་དང་འཐུས་ཚང་གི་མི་གཞི་ཞིག རང་རྐྱ་འཕེར་བའི་ནུས་པ་ཞིག ལེགས་ཉེས་འབྱེད་པའི་བློ་རིག་ཅིག བདེ་ཐང་གི་ལུས་རྟེན་ཅིག སྤྲོ་སྣང་གི་སེམས་ཁམས་ཤིག་དེ་བས་མཁོ་གལ་ཆེ་ཡང་དངོས་ཡོད་ཀྱི་ལག་ལེན་ཁྲོད་དུ་མགོ་ཁྲིད་ཡིན་འང་འདྲ། དགེ་རྒན་ཡིན་ནའང་འདྲ། སློབ་མ་ཡིན་ནའང་འདྲ། སྐར་མའི་ངོ་སོ་སྲུང་ནས་སྐར་མའི་མངའ་ཐང་རྩོད་པ་ལས་ཅི་ཡང་མི་བསྙེགས། གཞུང་ལུགས་ཀྱི་ངོས་ཐད་ནས་བཤད་ན། སློབ་གྲྭ་ཆུང་འབྲིང་གི་སློབ་གསོ་བྱ་བའི་སྙིང་བོ་ནི་སློབ་མའི་ཕྱོགས་བསྡུས་ཀྱི་འབྱུང་སྤུས་མཐོར་འདེགས་བཏང་ནས་དེའི་འཕེལ་རྒྱས་ལ་ཁེག་ཐག་རང་བཞིན་གྱི་རྨང་གཞི་ལེགས་པོ་འདིང་རྒྱུ་དེ་ཡིན་ཏེ། དེང་རབས་ཀྱི་སློབ་གསོ་སྨྲ་བའི་དབང་བོ་ཆན་ལི་ཆུན་ལགས་ནས་སློབ་མའི་རྒྱུད་ཀྱི་མཚར་ཤེས་གསབ་པར་ཤེས་ཡོན་སློབ་གསོ་སྤེལ་རྒྱུ་གལ་ཆེ་བའི་ཚུལ་དུ་འདུག་ཀྱང་མིའི་འཕེལ་རྒྱས་ཀྱི་ངོས་ཐད་ནས་བཤད་ན། སློབ་གྲྭ་ཆུང་འབྲིང་གི་སློབ་མ་རྣམས་ནི་བསམ་བློ་དང་ཀུན་སྤྱོད། གཟུགས་གཞི་དང་སྣང་བ་སོགས་ཕྱོགས་གང་ཐད་ནས་བཤད་ནའང་ད་སོ་མ་གསར་དུ་རྒྱས་བཞིན་པའི་སྐབས་ཡིན་པས། སློབ་གསོའི་ལག་ལེན་ཁྲོད་དུ་སློབ་མར་ཁེར་ཚུགས་ཀྱི་བསམ་བློ་དང་ཡ་རབས་ཀྱི་ཀུན་སྤྱོད། བདེ་ཐང་གི་གཟུགས་གཞི། འཚར་ལོངས་ཀྱི་སྣང་བ་ཕུན་སུམ་ཚོགས་པ་ཞིག་ཆགས་ཐུབ་པར་བྱ་རྒྱུ་ནི་སྙིང་བོ་ཡིན་པར་གསུངས་མྱོང་། དེས་སློབ་གྲྭ་ཆུང་འབྲིང་གི་སློབ་གསོའི་གཞི་རྩའི་ངོ་བོ་དང་རྩ་བའི་འགན་ཁུར་གནད་དུ་བཏོན་ཡོད་པས་རྣམ་ཀུན་སློབ་མའི་འབྱུང་སྤུས་དང་སྐར་གྲངས་ཀྱི་འགལ་འབྲེལ་ལ་ངོས་འཛིན་ཡང་དག་ཅིག་གནང་རྒྱུ་ཤིན་ཏུ་གལ་ཆེ་བར་འདུག དེ་ཡང་ཅུང་བྱེ་བྲག་ཏུ་བཤད་ན་སློབ་མའི་ཕྱོགས་བསྡུས་ཀྱི་སྤུས་ཚད་མཐོར་འདེགས་གཏོང་རྒྱུ་ནི་ཆུང་འབྲིང་སློབ་གསོའི་བྱ་བའི་སྙིང་བོ་ཡིན་ལ། སྐར་གྲངས་ནི་གོ་རིམ་དེའི་ཁྲོད་ཀྱི་མངོན་ཚུལ་ཡན་ཀར་བ་ཙམ་ཞིག་གོ ། དེ་བས་སྐར་གྲངས་ཙམ་གྱིས་ཡོད་ཚད་མཚོན་ཐུབ་པའི་བསམ་པ་འཆིངས་ནས་དེས་སློབ་མའི་འབྱུང་སྤུས་ཀྱི་ཚབ་བྱེད་པ་དང་དེ་ལས་ལྷག་པར་ལྟ་བ་སོགས་ནི་སློབ་གསོ་རིག་པའི་རྩ་དོན་དང་འགལ་ཞིང་ཆུང་འབྲིང་སློབ་གསོའི་འཕེལ་རྒྱས་ཀྱི་དགོས་མཁོ་དང་མི་འཚམ་པ། དེང་རབས་སློབ་གསོའི་གཞི་རྩའི་དགོངས་དོན་དང་མི་མཐུན་པའི་ཕྱོགས་ལྷུང་གི་ལྟ་ཚུལ་ཉི་ཚེ་བ་ཙམ་ཞིག་ཏུ་ཟད་དོ།།
  སློབ་གསོ་མ་གཞི་ནས་མིའི་ཕྱོགས་བསྡུས་ཀྱི་འབྱུང་སྤུས་མཐོར་འདེགས་དང་འཕེལ་རྒྱས་སུ་གཏོང་བའི་སྤྱི་ཚོགས་ཀྱི་བྱེད་སྒོ་ཞིག་ཡིན་པས་འགྲོ་བ་མིའི་རིགས་སུ་གྱུར་བ་རྣམས་ལ་སློབ་གསོ་མཁོ་ཞིང་སློབ་གསོ་དང་ཁ་འབྲལ་ཐབས་ཡེ་ནས་མེད་དེ། སློབ་གསོས་མི་བཞེངས་བསྐྲུན་བྱས་ནས་མི་གསོ་སྐྱོང་བྱེད་དགོས་པ་རེད། ཡིན་ཀྱང་སྐར་མའི་མངའ་ཐང་རྩོད་ཅིང་སྐར་མའི་ངོ་སོ་བསྟོད་པའི་ཛ་དྲག་གི་གནས་བབ་འོག་ཏུ་སློབ་གསོའི་གོ་རིམ་ཁྲོད་ན་མི་ཡི་བདེན་པ་དང་འཕེལ་རྒྱས་ཡོད་པ་མ་རེད། རྒྱུགས་དང་སྐར་གྲངས་ཀྱིས་མི་རྨག་མེད་དུ་བརླགས་དང་བརླག་བཞིན་པའི་སློབ་གསོའི་མ་ལག་གི་ཁྲོད་ན་སྨྱོ་ཧམ་ཆེ་བའི་མི་རྣམས་ལ་ད་དུང་ཡང་སྐར་མ་ལས་མི་དང་མི་ཡི་འཕེལ་རྒྱས་མི་མཁོ་བ་ཅི་འདྲའི་ཉམ་ང་བའི་གནས་སུ་འདུག་ཨང་། མི་དང་མི་ཡི་འཕེལ་རྒྱས་གཙིགས་སུ་མི་འཛིན་པར་སྐར་མ་བླ་རུ་བཀུར་ནས་སྐར་མ་སྲོག་ཏུ་བལྟ་བའི་སློབ་གསོའི་ལམ་ལུགས་དེ་ཚུལ་མཐུན་གྱི་སློབ་གསོའི་ལུགས་ཤིག་ཏུ་བལྟ་བར་མི་བྱའོ།།
  སློབ་གསོ་ནི་མི་དང་མི་ཡི་འཕེལ་རྒྱས་ལ་ཁེག་ཐེག་ཐུབ་པའི་མིའི་རིགས་སྤྱི་ཚོགས་ཀྱི་བྱེད་སྒོ་གལ་ཆེན་ཞིག་སྟེ། ཇི་སྐད་དུ་སུའུ་ལེན་གྱི་སློབ་གསོ་བ་སུའུ་ཧོ་མུ་ལེན་སི་ཅི་ནས་སློབ་གསོའི་གཞི་རྩ་མི་ཡིན་ཞིང་སློབ་གསོས་ཐོག་མཐའ་བར་གསུམ་དུ་མི་ཡི་བདེན་པ་དང་མི་ཡི་འཕེལ་རྒྱས་ལ་ཁེག་ཐེག་བྱ་ཐུབ་དགོས་པར་གསུངས་པ་བཞིན་དུ་སློབ་གསོའི་དངོས་ཡོད་ཀྱི་ལག་ལེན་ཁྲོད་དུ་རྣམ་ཀུན་ཚུགས་ཐུབ་ཀྱི་བསམ་བློ་དང་འཐུས་ཚང་གི་མི་གཞི། རང་རྐྱ་འཕེར་བའི་ནུས་པ། ལེགས་ཉེས་འབྱེད་པའི་བློ་རིག རྒྱུ་འབྲས་ཀྱི་བློ་མིག་གསལ་བའི་གཞུང་དྲང་ཚུལ་ལྡན་གྱི་མི་བུ་ཞིག་ཚུལ་ཅི་ལྟར་བཞེངས་བསྐྲུན་དང་གསོ་སྐྱོང་བྱེད་པའི་གནད་ལ་འབབ་པ་བྱ་ཤིན་ཏུ་ནས་གལ་ཆེའོ།།

(མཆོད་མེའི་པར་དབང་གཞན་གྱིས་དགོལ་མི་རུང)

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

ཕྱི་ནང་མེད་པའི་སྐད་ཆ།

2015-05-19 འུག་པ། ཀློག་གྲངས། མཆན ཡོད།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།