ང་ཚོས་རྒྱུ་མཚན་ཅིའི་ཕྱིར་དཔེ་ཀློག་བྱེད་དགོས།༼ ཞར་བཀོད་གཉིས་ཡོད ༽

                                __གནམ་འོག་གི་ཆེས་བཟང་བའི་དོན་བཟང་ནི། དཔེ་ཀློག་བྱེད་པ་དེའོ།།

  དཔེ་ཀློག་ནི་སློབ་གཉེར་བ་ཞིག་ལ་མཚོན་ན་གལ་ཆེན་པོ་ཞིག་ཡིན་པ་མ་བཤད་མ་གླེང་སུས་ཀྱང་ཤེས་ལ། ཤེས་བཞིན་དུ་དང་ལེན་བྱེད་མཁན་མེད་པ་ནི་རང་ཉིད་ཐེ་བའི་མི་མང་པོ་ཞིག་གི་གོམས་གཤིས་སུ་གྲུབ་ཡོད་པ་ཡང་རྒྱུན་ལྡན་དུ་སྣང་། དཔེ་ཀློག་མེད་པའི་མི་ནི་ནམ་ཡང་གཞན་གྱི་རྗེས་སུ་ལུས་འདུག་ཅིང་། རྣམ་པ་དེར་སློབ་གཉེར་བ་ཞིག་གི་ཕམ་ཁ་ཆེན་པོ་ཡིན་པའང་ཤེས་པར་གྱིས། སློབ་གཉེར་བ་རྣམས་དཔེ་ཀློག་དང་ཁ་བྲལ་བའི་ཚེ་ན་དེ་ནི་ཤེས་རིག་གི་དགྲ་བོ་རུ་བརྩིས་ན་འགལ་བ་མེད། རྒྱུ་མཚན་ཡོད་དེ། ཁྱེད་ལ། རྒྱལ་ཁབ་ཀྱིས་བཅོལ་བའི་རེ་འདུན་དང་མི་རིགས་ཀྱིས་བཀལ་ཡོད་པའི་འགན་འཁུར། ཁོར་ཡུག་གིས་བཏོན་ཡོད་པའི་ལས་བཅོལ་མང་པོ་ཞིག་ཡོད་པས་སོ། ། དེ་བས། དཔེ་ཀློག་ནི་གལ་ཆེན་ནང་གི་འགངས་ཆེན་ཞིག་ཡིན་པ་ཤེས། རྗེ་རིན་པོ་ཆེའི་ཞལ་ནས། "ང་ཤི་བའི་རྗེས་ང་དང་མ་འཕྲད་སྙམ་པའི་ཡིད་གདུང་བ་རྣམས་ཀྱིས། ངས་བརྩམས་པའི་མདོ་སྔགས་ཀྱི་ལམ་རིམ་གཉིས་ལ་ལྟོས་དང་། ང་ཕྲད་པ་དང་ཁྱད་པར་སྤུ་ཙམ་མེད། ཆོས་ཕུང་བརྒྱད་ཁྲི་བཞི་སྟོང་གི་བཅུད་བསྡུས་ནས་གཅིག་དུ་དྲིལ་ནས་བཤད་པ་ཡིན།ང་དང་ཕྲད་ཀྱང་དེ་ལས་ལྷག་པ་བཤད་རྒྱུ་མི་འོང"ཞེས་ཐུགས་བརྩེ་བ་ཆེན་པོས་ང་ཚོ་ལ་བཀའ་གནང་ཡོད་པས་དེ་ལུགས་ཀུན་གྱིས་མཁྱེན་པར་གྱིས་ཤིག རིགས་པ་སྨྲ་བ་དགེ་ཆོས་ཀྱིས།“རོ་དང་མཚུངས་པའི་ལུས་པོ་འདི། ། ག་དུས་ཤི་ཡང་མི་འགྱོད་དེ། ། གསེར་དང་མཚུངས་པའི་རྣམ་དཔྱོད་དག ། མཉམ་དུ་ཤི་ན་ཤིན་ཏུ་ཕངས། །ˮཞེས་གསུང་ཡོད། དེས་ན། དཔེ་ཀློག་བྱས་རྗེས་བཀོལ་སྤྱོད་ཇི་ལྟར་བྱེད་དགོས་ཚུལ་གྱི་གནད་རྟོགས་པར་བྱེད་རྒྱུ་ནི་དེ་ལས་ཀྱང་གལ་ཆེའོ། །མཁས་པ་ཆིན་ལེ་ཆོན་གྱིས“དཔེ་ཀློག་རྒྱ་ཆེན་བྱེད་པར་སྐུལ་འབོད་དང་ནན་གྱིས་བསྟན་དོན་ནི། ཤེས་བྱ་འཕེལ་རྒྱས་སུ་གཏོང་བ་འབའ་ཞིག་མིན་ལ།འཚོ་ཚིས་ཀྱི་བྱེད་ཐབས་རེག་པའི་དོན་ཁོ་ནའང་མིན་པར། དེ་བས་ཀྱང་རང་སྟེང་གི་འཚར་ལོངས་དང་།རང་ཉིད་ཀྱི་མི་ཚེ་ལྟ་བའི་གནད་དོན་ཐག་གཅོད་བྱེད་ཆེད་དང་།རང་ཉིད་ཀྱི་ཚེ་གང་པོའི་རྨང་གཞིའི་དཔེ་ཀློག་བྱེད་པ་སྟེ། ‘མི་བུ་ཡར་འགྲེང་བའི’ཆེད་དུ་དེ་དཔེ་ཀློག་བྱེད་པའོ། ། ང་ཚོས་དཔེ་ཀློག་དང་སློབ་སྦྱོང་།ཞིབ་འཇུག་བྱེད་དུས།འདི་ལྟ་བུའི་དྲི་བ་ཞིག་སེམས་སུ་འཁོར་ཡོང་སྟེ།དཔེ་ཀློག་དང་རང་ཉིད་ཀྱི་འཚར་ལོངས་ལ་འབྲེལ་བ་ཅི་ཞིག་ཡོད་དམ།རང་ཉིད་ཀྱི་ཚེ་སྲོག་ལ་འབྲེལ་བ་མེད་པའི་དཔེ་ཀློག་ནི་དཔེ་ཀློག་ཤི་བོ་དང་།རང་ཉིད་ཀྱི་ཚེ་སྲོག་དང་འབྲེལ་བ་མེད་པའི་ཞིབ་འཇུག་ནི། གསོན་ཤུགས་མེད་པའི་ཞིབ་འཇུག་མ་ཡིན་ནམˮཞེས་གསུང་ཡོད། གལ་ཏེ། མི་གང་རུང་བ་ཞིག་གིས་ང་ལ་དཔེ་ཀློག་ཅིའི་ཕྱིར་བྱེད་དགོས་ཞེས་འདྲི་དུས།ངས་ཐེ་ཚོམ་མེད་པར། དཔེ་ཀློག་བྱེད་དགོས་དོན་ནི། མི་ལ་བདེ་ཐང་གི་འདུ་ཤེས་དང་།བདེ་ཐང་གི་སེམས་ཁམས། བདེ་ཐང་གི་བསམ་བློ། བདེ་ཐང་གི་མི་གཤིས། བདེ་ཐང་གི་ཕུགས་བསམ། བདེ་ཐང་གི་འགན་འཁུར།བདེ་ཐང་གི་ཤེས་བྱའི་སྒྲིག་གཞི་ཞིག་ཆགས་སུ་འཇུག་དགོས་པ་དེ་ཡིན་ཞེས་སྐད་དུ་འཇོག་ངེས། མི་ནི་དཔེ་ཀློག་བརྟེན་ནས་ནར་སོན་དགོས་ཤིང་། དཔེ་ཀློག་གི་གོ་རིམ་ཁྲོད་དུ་རང་ལ་སྨྲ་མི་ཤེས་པའི་ཚོར་བ་དང་ལྟད་མོ་སྣ་ཚོགས་ཤིག་མཆིས་ལ། དེ་ཡིས་བྱིན་པའི་རྒྱགས་ཕྱེས་རང་ཉིད་མི་གཞན་གྱི་བྱ་བ་བྱེད་སྟངས་དང་བསམ་གཞིག་སྤྲོད་སྟངས། དམིགས་འབེན་སོགས་ཀྱི་དབྱེ་བ་འབྱེད་ཐུབ།རང་གི་ཤེས་བྱའི་སྣོད་ཇེ་མཐུག་ཏུ་ཕྱིན་པ་དང་སྦྲགས་རང་གིས་ཤེས་པ་དག་གཞན་ལ་སློབ་གསོ་སྟེར་པ། ཤེས་བྱ་སྟེར་པ། བསམ་བློ་སྤྲོད་པ། སྤྲོ་བ་སྟེར་དགོས་ཤིང་ །དེ་ལས་ཀྱང་འགངས་ཆེ་བ་ནི་རང་གིས་དཔེ་ཀློག་བགྱིས་པའི་ཤེས་པ་བསགས་ཏེ་བྲི་རྩོམ་བྱེད་རྒྱུ་དེ་ཡིན། དེ་མིན། རང་གི་ཡོན་ཏན་གཞན་ལ་མི་སྤྲོད་པ་དང་ཡིག་ཐོག་ཏུ་མི་འགོད་པ།རིག་པའི་གར་སྟེགས་སྟེང་ལྟ་ཚུལ་བརྗེ་རེས་མི་བྱེད་ཚེ། ཡང་སྙིང་དཔེ་ཀློག་ག་ཙམ་བྱས་ཀྱང་སྙིང་བོ་ཆེན་པོ་མི་འདུག་སྟེ། ང་ལ་དགེ་རྒན་ཞིག་ཡོད། ཁོང་ནི་བདག་གི་མཐོ་འབྲིང་སྐབས་ཀྱི་བོད་ཡིག་དགེ་རྒན་ནམ་འཛིན་བདག་ཡིན།དགེ་རྒན་ཁོང་ལ་མཚོན་ན་བོད་ཡིག་གི་རྨང་གཞི་མཐུག་ཅིང་། རྒྱའི་སྐད་ཡིག་གི་ཆུ་ཚད་ཀྱང་ཤིན་ཏུ་བཟང་།དེ་ལས་ཁོ་ལ་ཁྱད་ཆོས་ཤིག་ཡོད་པ་ནི་བོད་ཡིག་ཙམ་མ་ཟད་རིག་ཚན་གཞན་པ་ལ་སྤྲོ་བས་འཇུག་མཁན་གྱི་དཔེ་ཀློག་པ་ཞིག་ཡིན། དཔེར་ན། རིག་གནས་མིའི་རིགས་རིག་པ་དང་སྤྱི་ཚོགས་རིག་པ་སོགས་ཀྱིས་མཚོན་པའི་རིག་ཚན་ལ་མོས་མཁན་ཞིག་སྟེ། སྔོན་ཆད། སློབ་ཁྲིད་སྐབས་སུ་དགེ་རྒན་གྱིས་དཔེ་ཀློག་གི་སྐོར་ཁ་བརྡ་གློད་དུས་ང་རང་ཁོའི་དཔེ་ཀློག་ལ་ཧམ་སེམས་ཤོར་བ་ཐེངས་མང་ཡིན།ང་རང་མཐོ་འབྲིང་མཐར་ཕྱིན་གྱི་ལོ་དེར་རྒན་ལགས་ཀྱིས་མི་རིགས་སློབ་ཆེན་གྱི་སྐད་ཡིག་སྡེ་ཁག་གི་ཞིབ་འཇུག་སློབ་མར་རྒྱུགས་འཕྲོད་འདུག དཔེ་ཀློག་ལ་མོས་པའི་ཁོ་ལ་མཚོན་ན་སློབ་སྦྱོང་བྱེད་པའི་གོ་སྐབས་རྙེད་པ་ནི་བསམ་པའི་འགྲུལ་བཞུད་ཀྱི་བདེ་སྐྱིད་ཅིག་ཅི་ལ་མིན། ལོ་ངོ་གསུམ་རིང་དགེ་རྒན་གྱིས་དཔེ་ཀློག་བྱེད་ཀྱིན་ཡོད་པ་མཐོང་ཐོས་མང་པོ་བྱུང་།དགེ་རྒན་གྱིས་དཔེ་ཀློག་བྱེད་པའི་རྣམ་པ་དེ་མཐོང་དུས་མཚམས་རེར་རང་ཉིད་རང་ལ་ཡི་ཆད་པ་དང་། ན་ཟུག་ཡོད་པ།ངོ་གནོངས་མྱོང་།རྒྱུ་མཚན། ང་ཡིས་དཔེ་ཀློག་མི་བྱེད་པ་དེའོ། །
  དེ་ལྟར་རྒན་ལགས་ཀྱི་དཔེ་ཀློག་དང་བསམ་བློའི་ཕྱོགས་གང་ཐད་དུ་ང་རང་ཤིན་ཏུ་ཡིད་ཚིམས་མོད། ཆེས་ཡིད་མི་ཚིམ་པ་ནི་བྲི་རྩོམ་མི་བྱེད་པ་དེ་རེད། རང་ཁོ་ནས་ལོངས་སྤྱོད་བྱེད་པ་མ་གཏོགས་གཞན་ལ་མཁོ་སྤྲོད་དང་བརྗེ་རེས། ལྟ་ཚུལ་སྤྱི་གཞུང་དུ་མི་འཇོག་པ། དཔེ་ཀློག་མང་པོ་བརྒྱུད་པའི་གོ་རིམ་ཁྲོད་ད་ལྟ་དཔེ་ཀློག་ཟིན་ཐོ་ཙམ་ཡང་མི་འདུག གཞན། ཁོ་ལ་ལོ་ངོ་གསུམ་རིང་ཞིབ་འཇུག་གི་སློབ་སྦྱོང་བརྒྱུད་དཔྱད་རྩོམ་འོས་མོ་ཞིག་ཚད་ལྡན་གྱི་དུས་དེབ་ཁག་ཏུ་བཀོད་མི་འདུག འདིའི་ངོས་ནས་ཁོ་ལ་བདེ་ཐང་གི་ཕུགས་བསམ་ཡོད་པ་མ་གཏོགས།བདེ་ཐང་གི་བསམ་བློ་ཞིག་གྲུབ་མི་འདུག ཁོ་ལ་སྒེར་གཤིས་ཤིག་གྲུབ་ཡོད་པ་མ་གཏོགས་སྤྱི་གཤིས་ཤིག་གྲུབ་མེད་པ་ཁོའི་དཔེ་འབྲས་ཀྱིས་གསལ་བཤད་ཕིགས་འདུག དེས་ན། དཔེ་ཀློག་གི་རིན་ཐང་གང་ནས་འཇལ་དགོས་ཟེར་ན། འདི་ལྟ་དཔེ་མཚོན་འགོད། ཤར་སྡེ་བའི་སྡེ་དཔོན་ཀ་བ་དང་སྡེ་དཔོན་ཁ་བ་གཉིས་ཀྱིས་ལོ་གཅིག་གི་ནང་དུ་མཉམ་དུ་རླངས་འཁོར་རེ་ཉོས།སྡེ་དཔོན་ཀ་བས་རླངས་འཁོར་ཉོས་པའི་ལོ་དེ་ནས་དཔྱིད་དབྱར་སྟོན་དགུན་མེད་པར་དངོས་པོ་ཆེ་ཆུང་སྣ་ཚོགས་པ་སྐྱེལ་འདྲེན་བགྱིས་ཏེ་རླངས་འཁོར་གྱི་ཤེད་ཤུགས་དང་རྒྱུ་སྤུས། སྒོར་གྱི་ཡོང་སྒོ་དང་འགྲོ་གྲོན་འཚོས་ཤིང་། མི་རྣམས་ལ་སྟབས་བདེ་དང་ཞབས་ཞུ་གང་རུང་བཟོས་པ་ན་སྡེ་དཔོན་ཀ་བ་དང་ཁོའི་རླངས་འཁོར་གི་རིན་ཐང་མི་རྣམས་ཀྱིས་ཤེས་ཏེ་སྐད་ཆ་འདྲ་མིན་འབའ་སྨད་སྡེ་བར་གྲགས་སོ། ། ལྡོག་སྟེ། སྡེ་དཔོན་ཁ་བས་ལོ་གཅིག་རིང་རླངས་འཁོར་བསྐོར་རྒྱུགས་ཅི་ཡང་མ་བྱས་ཤིང་ཆག་སྐྱོན་སོགས་ཅི་ཡང་བྱུང་མེད་པར་གྲ་དག་སེར་ཡོད་པས། སྡེ་དཔོན་ཁ་བའི་རླངས་འཁོར་གྱི་རིན་ཐང་ཐད་དུ་མི་རྣམས་ལ་གླེང་མོལ་ཅི་ཡང་མེད་དེ།རིན་ཐང་གི་ཚད་དེ་མི་སུས་ཀྱང་མི་ཤེས་པར་བཏང་སྙོམས་སུ་མི་འཇོག་བྱ་ཐབས་ཅི། དེ་ལྟར། དཔེ་འདིས་གསལ་བཤད་བྱས་ཡོད་པ་ནི། རིན་ཐང་གི་ལྗིད་ཚད་ཅིག་ལྷང་ལ་ཕུད་ཡོད་མེད་དེ་རེད། དཔེ་འདི་དང་མཚུངས་པར་དཔེ་ཀློག་གི་བྱ་བ་དེ་ཡང་དེ་ལས་མ་འདས། རང་གི་ཡོན་ཏན་སྒོ་ལ་ཕུད་དགོས་པ་མ་གཏོགས་ནང་སེམས་སུ་བཅུག་པ་ན་སྡེ་དཔོན་ཁ་བའི་རླངས་འཁོར་ལྟ་བུའོ། ། དེ་ལ་མཁས་པ་ཆིན་ལེ་ཆོན་གྱིས“དད་པ་བསྐྱར་འཛུགས་ལ་དཔེ་ཀློག་ཁོ་ནས་ག་ལ་ཆོག གང་ལེགས་ཤེ་ན། དཔེ་ཆའི་ངོས་ཀྱི་དེ་ནི་ག་འདྲ་ལེགས་ཀྱང་། སྔོན་བྱོན་མཁས་པ་དང་གཞན་གྱི་ཡིན་པས་ན།ཟུར་ལྟ་འབའ་ཞིག་བྱེད་རྒྱུའོ། །འོན་ཀྱང་དེ་དག་དོན་དམ་པའི་རང་ཉིད་དང་ངོ་བོ་དབྱེར་མེད་དུ་འགྱུར་དགོས་ཚེ་ངེས་པར་དུ་རང་ཉིད་ཀྱི་ལག་ལེན་ལ་བརྟེན་དགོས། ˮཞེས་གསུང་བ་ནི་རྨ་མེད་པའི་ལེགས་བཤད་ཅིག་གོ །
  དཔེ་ཀློག་བྱེད་དགོས་པ་ནི་རྩ་བའི་ཆ་རྐྱེན་དང་བརྗེ་རེས་བྱེད་རྒྱུ་ནི་དེ་ལས་ཀྱང་འགངས་ཆེ། མི་ཡིས་ཤེས་པ་མང་པོ་བསགས་ཏེ་རིག་གནས་ཀྱིས་མིའི་ལས་དབང་དང་སྤྱི་ཚོགས་ཀྱི་སྣང་ཚུལ་སྣ་ཚོགས་པ་བཀོད་འདོམས་བྱེད་དགོས་པ་དེ་ཡིན། ལྷག་པར། དེང་དུས་དཔལ་འབྱོར་གྱི་ཆམ་ནད་ཕོག་ཚད་ཤིན་ཏུ་ཚབས་ཆེ་བས། མི་དང་མིའི་བར། མི་དང་ཁོར་ཡུག་བར། མི་དང་རིག་གནས་བར་འགལ་འདུ་སྣ་ཚོགས་ཤིག་བཟོས་དང་བཟོ་བཞིན་ཡོད་ཅིང་།མི་ཡི་ནང་སེམས་བདེ་བའི་རྒྱུ་བྲལ་ལ། སེམས་ནད་ཅིག་གིས་གཅུན་ནས་ཡོད་པས། དེང་གི་མི་རྣམས་ཀྱིས་ཆོས་ལུགས་ལ་དད་མོས་དང་ལྷག་པར་ནང་བསྟན་སྟོང་ཉིད་སྐོར་གྱི་ཤེས་བྱ་ཡང་རང་གི་རྒྱུད་དུ་དང་ལེན་བྱེད་དགོས་ཚོད་འདུག གཞན་དེང་གི་དུས་འདིར། བྱ་བ་ཆུང་འབྲིང་ཆེ་གསུམ་གང་ཡང་རུང་བ་ཞིག་དང་འཕྲད་དེ་རྒྱུ་འབྱོར་བ་ཡིས་ཕྱུག་ཅིང་ཐོབ་གོ་གནས་ཡོད་པའི་མི་དག་གིས་ལྟག་རྒྱབ་ཏུ་སྣོག་ལས་མི་ལས་དགུ་ལས་བྱེད་ཅིང་།རྒྱུ་འབྲས་ཀྱི་རྒྱ་མ་ག་ཚོད་སྤྲུགས་ནའང་དེ་ནི་དེང་གི་འགྲོ་ལུགས་རེད། ཐབས་ཡོད་པ་མ་རེད་ཟེར་བ་ལས་ཐབས་མེད་ཅིག་ཏུ་བསམ་ཡོད། སྤྱིར་ན་དེང་གི་འགྲོ་ལུགས་ཐམས་ཅད་ཡང་དག་པ་ཞིག་མེད་པ་ཀུན་གྱིས་ཤེས་བཞིན་དུ་ད་དུང་དེའི་གནོན་ཤུགས་འོག་ཏུ་འཚང་ནས་འཚོ་བ་སྐྱེལ་བཞིན་གདའ། དེས་ན། རིག་གནས་ལ་དོན་གཉེར་བྱེད་མཁན་ཞིག་ངོས་ནས་ཚུལ་ལྡན་མིན་པའི་སྣང་ཚུལ་དེ་དག་དགག་རྒྱག་བྱེད་དགོས་ཤིང་། དྲང་བདེན་གྱི་མིག་ཟུང་སྤྱད་དེ་དྲང་བདེན་གྱི་ལས་དོན་གཉེར་ན་ནམ་ཞིག་རྒྱལ་བའི་རྒྱུ་རུ་འགྱུར་ལ། དེ་ལྟར་སྤྱི་ཚོགས་ཡང་སྣོག་ལས་རྒྱང་དུ་གྱེས་ཏེ་ཡ་རབས་ཚུལ་ལྡན་གྱི་ཁོར་ཡུག་ཅིག་ཆགས་ངེས་ཡིན། གནད་འདི་ནི། རིག་གནས་དོན་གཉེར་བྱེད་མཁན་དག་གི་བྱེད་ལས་ཤིག་ཡིན་ལ། རིག་གནས་ཀྱིས་མིའི་ལས་དབང་དང་སྤྱི་ཚོགས་ཀྱི་སྒྲིག་གཞི་ངན་པ་འགས་གཏོར་བྱེད་དགོས་པའི་དོན་སྙིང་ཡང་ཚུལ་དེར་བལྟས་ནས་བཤད་པ་རེད། དེ་ལྟར། ང་ཚོས། རྒྱུ་མཚན་ཅིའི་ཕྱིར་དཔེ་ཀློག་བྱེད་དགོས།དཔེ་ཀློག་གི་དོན་སྙིང་གང་དུ་འཇོག་པ། རང་ཁོ་ནས་དཔེ་ཀློག་གི་ལོངས་སྤྱོད་ལ་རིན་ཐང་ག་ཚོད་ཅིག་ཡོད་མིན་ལ་བརྟག་དཔྱད་དང་། མིའི་རིགས་ལ་ཕན་པའི་དཔེ་ཀློག་གི་ལས་སུ་འཇུག་པར་ཞུས་སོ།

                སྟོན་མོ།

                                  __ཁ་རོག་གེར་གཞན་གྱི་ཨམ་ཕྲག་ཏུ་ལག་པ་བསྲིང་ཚུལ་ཞིག

  ང་ནི། ངེད་ཚང་གི་སྤུན་བཞི་བོ་ལས་ཆེས་ཆུང་བ་དེ་ཡིན། ང་གཉེན་སྒྲིག་མ་བྱས་པའི་དུས་སྐབས་གང་རུང་དུ་ང་ཚོའི་ས་ཆ་སྟེ་འབའ་རྫོང་གི་རོང་འབྲོག་མང་ཚོགས་ཀྱིས་སོ་སོའི་བུ་བུ་མོ་རྣམས་ཀྱི་གཉེན་སྟོན་གྱི་ཆོ་ག་རང་ཁྱིམ་ནས་མི་སྤེལ་པར་རྫོང་དང་། ཁུལ་སོགས་སུ་སོང་སྟེ་སྤེལ་པ་རྒྱུགས་ཆེ། ངའི་ཡུལ་མི་ཚོས་ཀྱང་ངའི་གཉེན་སྟོན་ནི་རྫོང་ཐོག་ཏུ་སྤེལ་ན་སྟབས་བདེ་ཚུལ་དང་བཟང་ཚུལ་བཟང་རབས་ཀྱི་སྐད་ཆ་ལུང་བ་གང་བཤད། ངའི་སེམས་སུ་ངའི་ཕུ་བོ་རྣམས་ཀྱིས་གཉེན་སྟོན་རང་ཁྱིམ་དུ་སྤེལ་བ་ཡིན་ལ།ཡང་གཅིག་བཤད་ན། ད་ལྟའི་དུས་ནི་གདོད་མའི་དུས་སུ་དར་བའི་དམངས་སྲོལ་གྱི་རིག་གནས་ཡག་པོ་དེའི་རིགས་ད་ལྟའི་དུས་འདིར་རོང་འབྲོག་ས་ཆ་མང་ཆེ་བས་ཡུལ་སྲོལ་གོམས་འདྲིས་ཡག་པོ་དག་རྒྱུན་འཛིན་བྱེད་ཐུབ་མེད་པ་དང་། དམངས་སྲོལ་གྱི་རིག་གནས་ཁྱད་འཕགས་རྣམས་འདོར་བ་དང་བོར་གྱིན་པའི་སྐབས་ཤིག་ཏུ་གནས། ང་རང་ལོ་ན་ཆུང་བའི་དུས་ནས་ཨ་ཕའི་གླུ་སྐད་ཁྲོད་ནར་སོན་མཁན་ཞིག་ཡིན་ལ་ལོ་ན་ཆེ་རུ་ཕྱིན་པ་དང་སྦྲགས་དམངས་སྲོལ་གྱི་རིག་གནས་ཁྱད་པར་ཅན་ལ་དགའ་མོས་ཤིན་ཏུ་ཆེ། ཡང་ཞིབ་འདང་རེ་བརྒྱབ་ཚེ་ང་ནི་ངེད་ཚང་གི་ཆེས་ཆུང་བ་དེ་ཡིན་ལ་རང་གི་གཉེན་སྟོན་གྱི་ཆོ་ག་དེ་ཡང་རང་ཁྱིམ་ནས་སྤེལ་ཏེ་གཞི་རིམ་མང་ཚོགས་དང་ལྷན་དུ་གླུ་གར་གཏམ་གསུམ་གྱི་ཀློང་ནས་ཟང་ཟིང་གིས་སྤེལ་འདོད་ལ། ལས་ཀའི་ཚེགས་ལྗིད་པའི་མི་དམངས་མང་ཚོགས་ལ་ངལ་གསོའི་དུས་ཚོད་ཀྱི་གོ་སྐབས་སྤྲད་དེ་གླུ་གར་གཏམ་གསུམ་གྱི་དགའ་འཛོམས་ཤིག་བསྡུ་རྒྱུ་དེ་ཡིན། ངེད་ཚང་གི་མཐའ་མཇུག་གི་གཉེན་སྟོན་བྱེད་མཁན་གྱི་ངས་དེང་གི་གྲོང་ཁྱེར་རུ་སྤེལ་གྱིན་པས་དོན་སྙིང་དབེན་པའི་ལམ་དེར་ཡེ་ནས་འཇུག་མ་འདོད་ཅིང་།ཁ་ཡག་དང་བཅོས་འཛུམ་རེ་བསྟན་ཏེ་གཞན་གྱིས་ཤོག་དངུལ་བཙན་དང་ཨུ་ཚུགས་ཀྱིས་འཕྲོག་མ་འདོད་པར་ཡུལ་མི་རྣམས་ལ་གནས་ལུགས་མང་པོ་བཤད་རྗེས་མཐར་རང་གི་བསམ་དོན་ལྟར་སོང་།
  ང་ད་བར་དུ། གྲོང་ཁྱེར་དུ་སྤེལ་གྱིན་པའི་གཉེན་སྟོན་ལ་ཞུགས་པ་མང་པོ་མེད། རྒྱུ་མཚན་དེ་ལ་སྟོན་མོ་ཟེར་བའི་ཁྱད་ཆོས་ཀུན་ནས་ཡལ་འདུག་ཅིང་། གླུ་གར་གཏམ་གསུམ་གྱི་ཤེད་མི་ཆེ་ཞིང་སྟོན་མོ་ལ་འཛོམས་འོས་ཀྱི་ཆ་དེ་སྟོང་འདུག་པས་ཡིན། ང་ལ་མཚོན་ན་གྲོང་ཁྱེར་དུ་གཉེན་སྟོན་ཆོ་ག་སྤེལ་བ་ནི་གཞན་གྱིས་ལག་ཏུ་དངུལ་ཤོག་ཁ་རོག་གེར་བཙན་གྱིས་འཕྲོག་བཅོམ་བྱེད་པ་དང་ཀུན་ནས་མཚུངས། ལྷག་པར་དུ། མག་པ་དང་བག་མ་གཉིས་ཀྱིས་སྐུ་མགྲོན་ལ་གཉེན་ཆང་འབུལ་སྐབས་སུ་མགྲོན་པོས་དངུལ་ཤོག་ནི་གླུ་བ་གླུ་མ་རྣམས་ལ་ཀ་དབང་སྟེར་སྟེར་བྱེད་པའི་ཚབས་ཆེ་བས་སྣང་ཚུལ་དེ་མཐོང་དུས་ལག་ཏུ་བཟུང་བའི་ཆང་ཕོར་ནང་གི་ཆང་དེ་གཉིས་ཀྱི་གདོང་དུ་ཕོ་འདོད། རང་ལུས་ལ་རྩེད་སྤྱད་བྱེད་ཀྱིན་པའི་ཚུལ་འདི་དིང་སྐབས་ཀུན་གྱིས་ཐོད་པའི་གཙིགས་སུ་བཀུར་འདུག་པས་སྐྱོ་ཞིང་སྐྱོ་ཨང་། དེ་བས་མི་གཞན་གྱིས་གཉེན་སྟོན་མཛད་སྒོ་ལ་མགྲོན་ཏུ་འབོད་པ་ནི་སུན་སྤྱད་ཅིག་ཏུ་འདོད་པ་ལ་ཡང་ཁག་མེད་དོ། །
  གཞན་དིང་སང་དངུལ་ཤོག་བཙལ་ཕྱིར་སྟོན་མོ་ཐེངས་ཁ་ཤས་བྱེད་པའི་སྲོལ་ཡང་ཤིན་ཏུ་མང་། དང་པོ་ཡུལ་མི་དང་གཉིས་པ་སློབ་གྲོགས། གསུམ་པ་ལས་ཁུངས་ཀྱི་ལས་གྲོགས་རྣམས་བོས་ཏེ་སྟོན་མོ་བྱེད།དྲང་མོར་བཤད་ན་དེ་ནི་དངུལ་བཙལ་ཐབས་ཙམ་ལས་ཅི་ཡང་མིན་པས་གནས་ལུགས་ཆེན་པོ་ཞིག་འདྲེན་རྒྱུ་མེད་པ་སོ་སོའི་སེམས་སུ་གསལ། དེ་དང་བསྡུར་ན་ང་རང་གཞི་རིམ་དུ་སྤེལ་མྱོང་བའི་གཉེན་སྟོན་ལ་ཞུགས་པ་མང་། རྒྱུ་མཚན་ནི།གཞི་རིམ་གྱི་གཉེན་སྟོན་ལ་གྲོང་ཁྱེར་ལྟ་བུའི་ཁྱད་ཆོས་ཀུན་སྟོང་གིས་དེ་ལྟ་བུ་ཞིག་མ་ཡིན་པར་དེ་ལ་གླུ་གར་གཏམ་གསུམ་དང་། གཉེན་སྟོན་ལ་ཡོད་པའི་ཆོ་ག་མང་པོ་ཞིག་གནས་དེར་འཛོམས་ཡོད་པས་ཕྱིར། གཞི་རིམ་ན་སྤེལ་བའི་གཉེན་སྟོན་གྱི་གླུ་གར་གཏམ་གསུམ་སོགས་ལ་ཉན་ཏེ་རྫོགས་སོང་བ་ཞིག་མེད་ལ་བལྟས་ནས་ཡིད་བཀང་སོང་བ་ཞིག་མེད། མ་མཐའ་ཡང་། གཞི་རིམ་ན་སྤེལ་བའི་གཉེན་སྟོན་ཆོ་ག་སྣ་ཚོགས་ཀྱིས་དམངས་ཀྱི་རིག་གནས་མང་པོ་ཞིག་རྒྱུན་འཛིན་བྱས་ཡོད་ཅིང་ན་གཞོན་རྣམས་ལ་དམངས་སྲོལ་གྱི་རིག་གནས་ཤེས་བྱ་མང་པོ་ཞིག་གི་བག་ཆགས་འཇོག་པ་དང་། ཤེས་བྱ་མང་པོ་ཞིག་སྟེར་གྱིན་པའི་ཚུལ་འདི་མི་བཟང་གང་བཟང་ཨང་།དྲང་མོར་བཤད་ན། དིང་སང་གི་མི་རྣམས་ཀྱིས་སྟབས་བདེ་ཅན་ལ་བརྩོན་ལེན་བྱེད་པ་དང་གནས་སྐབས་ཀྱི་ཡོང་སྒོ་དེ་ཙམ་ལ་དམིགས་ཏེ་མེད་པ་ནས་ཡོད་པ་དང་། ཡོད་པ་ནས་སྟབས་བདེ་ཅན། སྟབས་བདེ་ཅན་ནས་ཡོངས་སུ་རྫོགས་ཀྱིན་པའི་སྣང་ཚུལ་འདི་མཐོང་གྱིན་མེད་པ་ནི་ང་རང་སྐྱོ་རིན་ཡོད་པའི་སྐྱོ་དོན་ཞིག་ཡིན་ཨང་།
  ཁྱད་པར་དུ་ལྷ་སར་མཚོན་ན་སྟོན་མོའི་རིགས་ཤིན་ཏུ་མང་ལ་དེ་ནི་སུན་སྣང་སྟེར་སྤྱད་ཀྱི་ལས་ཀ་མཚར་བོ་ཞིག་ཡིན། བཤད་ཚུལ་ལྟར་ན་བོད་ནི་རྟེན་འབྲེལ་གྱི་བདག་པོ་ཡིན་ཟེར། ལྷ་སར་མཚོན་ན་མི་གཉིས་ཀྱི་གཉེན་སྟོན་བྱེད་སྐབས་ཞོགས་པའི་དུས་སུ་སྟོན་མོ་བྱེད་པའི་སྲོལ་ཕལ་ཆེར་མེད་ཅིང་(སྣང་ཚུལ་འདི་ལྷ་ས་ཙམ་མ་ཟད་ས་གྲོང་ཁྱེར་ན་སྤེལ་གྱིན་པའི་སྤྱིའི་འགྲོ་ལུགས་ཤིག་རེད)གཉེན་སྟོན་མང་ཆེ་བ་ཕྱི་དྲོའི་དུས་ཚོད་གསུམ་བཞི་བར་བཀོད་སྒྲིག་བྱེད་སྲོལ་ཡོད། ངས་དེ་ལྟར་བཀོད་སྒྲིག་བྱེད་པའི་རྒྱུ་མཚན་དྲིས་ཚེ།གཉེན་སྟོན་ཕྱི་དྲོར་བཀོད་སྒྲིག་བྱེད་པ་ནི་འགྲོ་སྒོ་ཉུང་ཞིང་ཡོང་སྒོ་མང་བས་ཡིན་ཟེར། རྒྱུ་མཚན་ནི་ཕྱི་དྲོའི་དུས་ཚོད་གསུམ་བཞི་བར་བཀོད་སྒྲིག་བྱས་ན་ས་རུབ་པར་ཐག་ཉེ་བ་དང་སྐུ་མགྲོན་རྣམས་བག་ཡངས་ཀྱིས་བསྡད་སར་མི་འགྲོ་ཞིང་། འགྲོ་སྒོ་ཡང་དེ་ཚོད་ཀྱིས་ཉུང་བས་ཡིན། གཞན་ལྷ་སར་མཚོན་ན་གཉེན་སྟོན་གྱི་དུས་སུ་གླུ་གར་གཏམ་གསུམ་ཅི་ཡང་མེད་པར་སོ་སོ་རང་གི་ཁང་མིག་ཏུ་བསྡད་དེ་ཆང་འཐུང་ཞོར་མ་ཅཱང་རྩེད་པ་དང་། རང་འདེམས་ཟ་མ་ཟོས་རྗེས་གཉེན་སྟོན་གྲོལ་འགྲོ་ཞིང་ཤིན་ཏུ་སྟབས་བདེ་བ་ཞིག་ཡིན། ངོ་མ། སྟོན་མོ་ཞིག་ལ་ཡོད་འོས་པ་དང་འཛོམས་འོས་ཀྱི་ཆ་རྐྱེན་དག་མི་མཐོང་ཚེ་སེམས་ཁམས་ཤིན་ཏུ་མི་སྐྱིད་ཅིང་། ཕྱི་རབས་པས་རྒྱུན་འཛིན་བྱེད་ཐུབ་མེད་པའི་དམངས་སྲོལ་གྱི་རིག་གནས་མང་པོ་ཞིག་ང་ཚོ་དང་ཡུན་གྱིས་གྱེས་ཀྱིན་པའི་སྣང་ཚུལ་ཡ་ང་བ་འདི་ད་ལྟ་ཇེ་མང་ཡིན་ལ་ལྷ་སར་ཤིན་ཏུ་ཚབས་ཆེ། ལྷ་ས་བ་ཙམ་མ་ཟད་བོད་ནི་རྟེན་འབྲེལ་གྱི་བདག་པོ་ཡིན་ཟེར་བའི་གནའ་མིའི་བཤད་ལུགས་ཡག་པོ་དེ་ཡང་མར་གཡུགས་ཡོད།
  “མི་རིང་བའི་སྔོན་ལ།ཁོ་བོའི་ངོ་ཤེས་ཨ་རི་བའི་བུ་མོ་ཞིག་གིས་གཙོས་ནས་གྲོགས་མོ་ཞིག་གི་གཉེན་སྟོན་ལ་ཞུགས་རབས་བཤད་བྱུང་། ཞར་དུ་གཉེན་སྟོན་སྐོར་གྱི་ཁོ་མོའི་བསམ་ཚུལ་མི་ཉུང་བ་ཞིག་བཤད་བྱུང་། ཁོ་མོས་གཉེན་སྟོན་གྱི་ལེགས་སྐྱེས་སུ་རང་གིས་དངོས་སུ་བྲིས་པའི་སྣུམ་ཚོན་རི་མོ་ཞིག་ཕུལ་ཚུལ་དང་། ཁོ་མོ་དང་མགྲོན་པོ་གཞན་པ་ཚོའི་བར་ཁྱད་པར་གང་འདྲ་ཡོད་མིན་སོགས་བཤད་བྱུང་། ཁོ་མོས་བདག་ལ་ཁྱོད་ཚོའི་བོད་པ་འདི་དག (གཙོ་མོ་གཙོས་ཡར་མར་གྱི་བོད་མི)གིས་གཉེན་སྟོན་གྱི་ལེགས་སྐྱེས་ལ་དངུལ་སྟེར་སྲོལ་འདི་ཁོ་མོར་ཅུང་མི་བདེ་བའི་སྣང་བ་སྟེར་རབས་བཤད། ཁོ་བོས་དེའི་དོན་ཅི་ཡིན་པར་དྲིས་པ་ན། ཁོ་མོས་གཉེན་སྟོན་འདི་མི་གཉིས་ཀྱི་འཇིག་རྟེན་སྣང་བའི་བརྩེ་དུང་གི་དམ་བཅའ་འཇོག་པའི་ཆོ་ག་ཡིན་པ་ལས་དངུལ་རྐྱང་བསྡུ་བའི་ཆོ་ག་ཞིག་ཏུ་གྱུར་འདུག་པ་འདིས་གཉེན་སྟོན་གྱི་ངོ་བོ་དང་། དེའི་ཧ་ཅང་ཡིད་དུ་མི་འོངས་པ་དང་སྙིང་བོ་བོར་འདུག་པའི་སྣང་བ་ཞིག་སྐྱེས་པར་མ་ཟད། ཁོ་ཚོའི་ཡེ་ཤུ་བའི་གཉེན་སྟོན་དང་བསྡུར་ན། ད་ལྟ་གྲོང་ཁྱེར་ནང་གི་བོད་མི་འདི་ཚོའི་གཉེན་སྟོན་ལ་གཉེན་སྟོན་ལས་ཆང་གི་སྟོན་མོའི་ཤུགས་ཆེ་བར་མ་ཟད། ཆང་སྟོན་ལས་ཀྱང་ཚོང་གི་འདུ་ཤེས་ཤུགས་ཆེ་བའི་ཆོ་ག་ཞིག་ཏུ་གྱུར་འདུག་པ་འདིས་ལྷད་མེད་བརྩེ་དུང་གི་དམ་བཅའི་ཆོ་ག་དང་། མཛེས་སྡུག་གི་འཚོ་བ་གསར་པར་སྤོས་པའི་གོམ་སྟབས་ཀྱི་ཆོ་ག་ཞིག་ཏུ་མི་འགྱུར་བའི་ཚུལ་བཤད་བྱུང་། ཁོ་ཚོའི་གཉེན་སྟོན་ནི་ཆོ་ག་དང་གསོལ་སྟོན་སོ་སོར་ཕྱེས་ཡོད་ལ། གསོལ་སྟོན་ལའང་ཐད་ཀར་དུ་དངུལ་འཁྱེར་སྲོལ་མེད་པའི་སྐོར་བཤད། ཞིབ་ཏུ་བསམ་ན། གཉེན་སྟོན་ནི་རང་དང་མཛའ་ཞིང་གཅུགས་པའི་གྲོགས་པོ་དང་ནང་མི་དག་ལ་བརྩེ་དུང་གི་དགའ་སྟོན་མཉམ་དུ་རོལ་བ་དང་། མི་གཉིས་ཀྱི་སྐྱིད་སྡུག་མཉམ་མྱོང་གི་དཔང་བོ་ཙམ་ཡིན་པ་ལས། དེ་ནི་གོ་སྐབས་ཤིག་དང་ངོམ་སོ་ཞིག་ཏུ་གྱུར་ན་གཉེན་སྟོན་ལ་ངོ་རྒོལ་དང་བརྩེ་དུང་ལ་རྨ་ཕབ་པ་སོགས་གང་ཡང་མ་ཡིན་མོད། དྭངས་གཙང་དུངས་སེམས་ཀྱི་མདུད་པ་མདུད་སྟངས་འདི་ལ་དངུལ་དང་དབང་ཐང་གིས་ངོ་བོ་བསྒྱུར་བ་འདི་ཡིད་སེམས་ཕངས་པ་ཞིག་ཏུ་མི་བཤད་ཀ་མེད་རེད།  
  བདག་རང་གཉེན་སྟོན་རེ་རེར་ཞུགས་ཚེ། སྒོ་ལམ་དུ་དངུལ་ཐོ་འགོད་མཁན་དེ་ཚོས་ཤོག་བུ་དམར་པོའི་སྟེང་མིང་ཡིག་ནག་པོས་དངུལ་སྒོར་གྱི་གྲངས་ཀ་གསལ་ལ་ཆེ་བ་དག་འབྲི་བཞིན་པ་མཐོང་ཚེ་ཧ་ཅང་གིས་དོགས་མི་བདེ་བ་ཞིག་ཏུ་འདུག་ལ། ཁ་ཤས་ཀྱི་མིང་དང་། ལས་ཁུངས་ཀྱི་མིང་དང་། ལས་ཁུངས་གང་ཡིན་གི་ཡིན་མིན་སོགས་འབྲི་སྟངས་ལས་སྲིད་འཛིན་དོ་དམ་པས་སྒེར་གྱི་གནས་ཚུལ་བཅར་འདྲི་བྱེད་པ་དང་གོ་སའི་གནས་ཚུལ་ལས་མིའི་སྤྱི་ཚོགས་ཐོབ་ཐང་ལ་གདེང་འཇོག་བྱེད་པས་ན། ཁ་ཤས་ཀྱིས་ལས་ཁུངས་སོགས་ཅུང་ཟད་མཐོ་གྲས་ཡིན་རབས་བཤད་ནས་རང་གི་ཐོབ་ཐང་ཇེ་མཐོར་བཏང་རབས་ཡོད། གང་ལྟར། ཤོག་གུ་དམར་པོར་སྒོར་གྱི་གྲངས་ཀ་འབྲི་བའམ།ཤོག་བུ་དམར་པོའི་ནང་དུ་སྒོར་ཐད་ཀར་བཅུག་ནས་སྟེར་བ། (ལྷག་པར་ལྷ་སར་རྒྱུགས་ཆེ)འདི་མཛའ་གཅུགས་རྡོ་རྗེའི་མདུད་པ་མཚོན་པའི་ལེགས་སྐྱེས་ཡིན་ནམ་ཉོ་ཚོང་གི་དངུལ་སྒོར་བརྗེ་རེས་ཤིག་ཡིན་པ་གསལ་བོ་ཡིན། སྟོན་མོ་འདི་དག་དོན་དངོས་སུ་རྒྱབ་ཡོལ་གྱི་འདྲ་སྐུའམ་པོ་ཏ་ལ་དེ་དང་ཁྱོ་ཤུག་གཉིས་ཀྱི་བོད་ལྭ་གྱོན་ཡོད་པ་ལས་ཆོ་ག་ཡོངས་རྫོགས་རིག་གནས་གཞན་གྱི་འགྲོ་ལུགས་ཁོ་ནར་ལད་ཟློས་ཙམ་ལས་གཞན་ཅི་ཡང་མེད་པས།ང་ཚོས་དོན་དངོས་སུ་ཅི་ཞིག་ནི་གཉེན་སྟོན་ཡིན་པ་དང་།སུ་ཞིག་མགྲོན་ལ་བོས་ན་འོས་པ་དག་ལ་བསམ་གཞིགས་ཤིག་བྱེད་དགོས་ཨང་། ˮ
                                              ─ ཨ་རྡོར་གྱིས་བྲིས་པའི་སྟོན་མོ་དང་དེའི་སྐོར་གྱི་ཤེས་བྱ་ཕྲན་བུ་ལས་བཤུས།

                 རང་གི་ཆུ་ཚད་རང་གིས་ཤེས་ན་འགྲིག

  ང་ལ་སློབ་གྲོགས་ཤིག་ཡོད།ངེད་གཉིས་དམའ་འབྲིང་དུས་སུ་སློབ་གྲོགས་ཡིན། འཛིན་གྲྭ་མི་གཅིག་ཡང་ལོ་རིམ་གཅིག་ཡིན་པས་ཕན་ཚུན་ལ་རྒྱུས་མངའ་ཡོད་པར་མ་ཟད་ཁོ་ནི་སློབ་སྦྱོང་ལ་བཙའ་ཡ་ཡིན་པའི་མི་མིང་གྲགས་ཅན་ཞིག་ཡིན་པ་སྐབས་དེའི་དགེ་རྒན་དང་སློབ་གྲོགས་རྣམས་ཀྱིས་གཏིང་ལ་བརྒྱབ་ཏེ་དགུང་ལ་སྤུར་གྱིན་པས་མཚོན། ང་ནི་དེ་ལས་ལྡོག་སྟེ་སློབ་སྦྱོང་ཞན་ལ་སྐད་ཡིག་དགེ་རྒན་མ་གཏོགས་བསླབ་ཚན་གཞན་པའི་དགེ་རྒན་རྣམས་ཀྱིས་མིག་ནང་གི་གཏེ་བོ་དེ་ཡིན་འདུག སྐབས་དེར་ངའི་སྙན་གྲགས་དང་ངའི་སློབ་གྲོགས་ཀྱི་སྙན་གྲགས་གཉིས་ནི་ཧ་ལམ་དོ་མཉམ། རྒྱུ་མཚན་ངེད་གཉིས་ཀྱི་སྙན་གྲགས་གོ་ལྡོག་ཡོད་པས་ཕྱིར། དེ་ལྟར་དམའ་འབྲིང་རིམ་པ་མཐར་ཕྱིན་ཏེ་མཐོ་འབྲིང་གི་དུས་སུ་ངེད་གཉིས་ཡང་བསྐྱར་སློབ་གྲྭ་གཅིག་དང་འཛིན་གྲྭ་སོ་སོར་ཡིན། མཐོ་འབྲིང་དུས་སུ་ཡང་ཁོའི་སློབ་སྦྱོང་གི་རྣམ་འགྱུར་བཟང་པས་གསུམ་བཟང་སློབ་མའི་གྲས་སུ་ཚུད་པ་མང་།མཐོ་རྒྱུགས་སུ་ཞུགས་ཁར་ཁོས་ང་ལ་ཁ་བརྡ་འདི་ལྟར་བྱས་བྱུང་སྟེ། ཁྱོད་ཀྱིས་མཐོ་རྒྱུགས་ལ་གྲ་སྒྲིག་བྱས་པའི་གནས་བབ་ག་འདྲ་རེད། ངས་ད་སྐབས་སློབ་གྲྭའི་ཕྱི་ན་ཁང་པ་གླས་ཏེ་བསྐྱར་སྦྱོང་བྱེད་ཀྱིན་ཡོད། མཐོ་འབྲིང་རིམ་པའི་བསླབ་དེབ་དག་བསྐྱར་སྦྱོང་བྱས་ཚར་ཡོད་ཅིང་། ད་སྐབས་དམའ་འབྲིང་གི་བསླབ་དེབ་དག་བསྐྱར་སྦྱོང་བྱེད་ཀྱིན་པའི་སྒང་ཡིན་ཞེས་ལབ་བྱུང་། སྐད་ཆ་དེས་ང་ཧད་པར་གྱུར་ལ་རྣར་མི་འགྲོ་བ་ཞིག་ཏུ་བཟོས། ལོས་ཡིན། ཁོ་ནི་མི་བསམ་ཤེས་ཤིག་ཡིན་ལ་ཁྱིམ་གྱི་སྐྱིད་སྡུག་ངོས་ཟིན་ཡོད་པའི་མི་ཡ་རབས་ཤིག་ཡིན། རྗེས་སུ་ཁོས་རྒྱལ་ས་པེ་ཅིན་དུ་ཡོད་པའི་མི་རིགས་སློབ་ཆེན་ཞིག་ལ་རྒྱུགས་འཕྲོད་ཡོད་པ་དགེ་སློབ་གཉིས་ཀྱིས་ཁ་ནང་དུ་ཆུད་ཀྱིན་མི་འདུག ལོ་བཞིའི་དངོས་གཞི་དང་ཞིབ་འཇུག་མཐུད་དེ་པེ་ཅིན་ཏུ་བསྡད། མཐོ་འབྲིང་མཐར་ཕྱིན་རྗེས་ངེད་གཉིས་འབྲེལ་བ་ལྟོས་འཇོག་གིས་ཆེར་མེད། གོ་ཐོས་ལྟར་ན། ཁོ་རང་ཞིབ་འཇུག་མཐར་ཕྱིན་ཁར་ཕྱིར་རང་གི་སློབ་ཆེན་དུ་དགེ་རྒན་ལ་ཡིག་ཚད་གཏོང་གིན་པ་གོ ཁོ་ཚོ་མི་ཁ་ཤས་རྒྱུགས་བླངས་རྗེས་མཐར་ཁོ་རང་གྲས་སུ་ཚུད་མི་འདུག དེ་ཡང་ལོས་ཡིན། སློབ་ཆེན་དགེ་རྒན་ཞིག་ཡིན་ཕྱིར། རྒྱུགས་བླངས་ལ་མཁས་པའི་རིགས་ཡིན་ན་མི་འགྲིག་ཅིང་། དེ་ལ་ཕྱོགས་གང་ཐད་དུ་མཐོང་སྒོ་ཡངས་པ་དང་རིག་གནས་ཀྱི་ཆུ་ཚད་ཟབ་དགོས་པ། བཤད་མཁས་པ་དང་འབྲི་མཁས་པ་སོགས་ཀྱི་ཆ་རྐྱེན་མང་པོ་འཛོམས་དགོས། ངའི་སློབ་གྲོགས་དེར་མཚོན་ན་བསླབ་དེབ་ངོས་ཀྱི་ཡིག་རྡོག་བློ་ལ་བསྐྱར་མཁས་པ་མ་གཏོགས་གཞན་ཅི་ཡང་མི་བསམ་མཁན་ཞིག་ཡིན། རྒྱུགས་ལ་ཞུགས་ཚེ་གཞན་ལ་ཡ་མཚན་དུ་འཇུག་མཁན་གྱི་རིགས་དེ་ཡིན། ཁོ་རང་བྱ་བའི་ལས་གནས་སྟེང་རྒྱུགས་འཕྲོད་མེད་པའང་དེ་གའི་དགེ་རྒན་རྣམས་དྲན་ཚུལ་ཁྱད་པར་བ་ཡོད་པས་ཡིན། རྒྱུགས་ལ་མཁས་པའི་མི་དག་གི་ལག་ཏུ་ལས་ཀ་དངོས་བཞག་ཚེ་ཁ་ནང་དུ་མཛུབ་ཀུ་འཇོག་པ་ལས་ཅང་མི་འཇོན་པས་ཡིན་ཡང་ཕྱིར།གཞན་ཁོ་ལ་དགའ་ཕྱོགས་ཡ་མཚར་བ་ཞིག་མེད་ལ་བསླབ་དེབ་ལས་དེབ་གཞན་དང་གཞན་འཇུག་པར་མི་སྤྲོ།
  ཁོས་བྱ་བའི་ལས་གནས་སུ་ཡིག་ཚད་ལོན་མ་སོང་།ལོ་གཅིག་གི་སྔོན་ངེད་གཉིས་ཡང་བསྐྱར་ཐུག་པས་ཁ་བརྡ་མང་པོ་ཞིག་གློད་མྱོང་བར་མ་ཟད་རྟག་པར་འགྲོ་རོགས་འདུག་རོགས་ཞིག་ཏུ་གྱུར། ངེད་གཉིས་མ་འཕྲད་ཡུན་རིང་ཡིན། ཁོའི་སྟེང་ན་ཧེབ་ལང་སྤྱད་ཀྱི་ཡོན་ཏན་མཐོང་མ་བྱུང་ལ། དཔེ་ཀློག་གི་ལྟ་རྒྱའི་ཐད་ངེད་གཉིས་གཅིག་མཚུངས་ཡིན་པའི་སྣང་བ་སྟེར། མཚམས་རེར་ངས་ཀྱལ་ཀའི་ཚུལ་དུ་ཁྱོད་སློབ་ཆེན་དགེ་རྒན་ལ་རྒྱུགས་མ་འཕྲོད་པའང་འགྲིག་འདུག ཁྱོད་ཀྱི་འདི་ལྟ་བུའི་ཆུ་ཚད་ཀྱིས་སློབ་ཆེན་སློབ་མ་རྣམས་ལ་ཤེས་བྱ་ཡག་པོ་སྟེར་ཐུབ་མེད་པའང་ཤེས་ཞེས་བཤད་ཀྱང་ཁོས་ང་ལ་སྐད་གསལ་མི་གསལ་གྱི་དགོད་ཙམ་བྱེད་པ་ལས་ལན་མེད་མོད།རྒྱུགས་མ་འཕྲོད་པའི་དུས་ནས་བཟུང་ཁོས་རང་གི་དགེ་རྒན་རྣམས་ལ་ལྟ་ཚུལ་གཞན་ཞིག་བཟུང་ཡོད་པ་ཤེས་ཤིང་།དགེ་རྒན་རྣམས་ལ་བླ་བཙག་སྲོལ་ལ་ཉན་ན་སྙིང་ནད་ཅིག་ཡོད་པ་རྟོགས། དགེ་རྒན་རྣམས་ནི་ཁོའི་མིག་ནང་གི་ཚེར་མ་ཡིན་འདུག ངས་ལན་དུ། རང་གི་དགེ་རྒན་རྣམས་ལ་དེ་ལྟར་བཤད་མི་རུང་།རང་ལའང་རྒྱུགས་ལུགས་ལ་མཁས་པ་ཙམ་ཡིན་ལ།དེ་ཙམ་གྱིས་མི་མང་པོ་དང་སྤྱི་ཚོགས་ཀྱི་དགོས་མཁོ་བསྐང་མི་ཐུབ་ཅིང་།བདེན་གཏམ་བཤད་ན་རྒྱུགས་ཡིག་ཡག་པོ་ཡོད་པ་ཙམ་ལས་ཤེས་བྱ་འཛོམས་པོ་ཞིག་མེད་པའང་ཟུར་ཞིག་ཏུ་ལྷང་ལ་བུད། རྒྱུགས་ཀྱི་ལྟག་རྒྱབ་ན་རང་ལ་ཤེས་བྱ་ཡོན་ཏན་འཛོམས་པོ་ཞིག་དགོས་པ་ཡིན། རང་གི་ཆུ་ཚད་རང་གིས་ཤེས་ན་འགྲིག་ཅེས་ལབ།
                                    2015-3-18

(མཆོད་མེའི་པར་དབང་གཞན་གྱིས་དགོལ་མི་རུང)

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

ང་ཚོས་རྒྱུ་མཚན་ཅིའི་ཕྱིར་དཔེ་ཀློག་བྱེད་དགོས།༼ ཞར་བཀོད་གཉིས་ཡོད ༽

2015-07-26 ཟེགས་མ།༼ ལྷ་ས ༽ ཀློག་གྲངས། མཆན ཡོད།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།